Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེབ་ཐེར་ནག་པོ་འདི་ནས་ཕབ་ལེན་གནང་རོགས།

Posted on 2018-11-222018-11-29 By དགེ་རབ་ No Comments on དེབ་ཐེར་ནག་པོ་འདི་ནས་ཕབ་ལེན་གནང་རོགས།

ཉེ་ཆར་དྲ་ལམ་དག་ན་གུས་པས་བསྒྱུར་པའི་དེབ་ཐེར་ནག་པོའི་སྐོར་གླེང་སློང་བསྐྱར་མ་ཞིག་ཡོང་བཞིན་འདུག་ཅིང་། དེ་ལ་བརྟེན་ནས་འབར་ཞུན་ལགས་ཀྱིས་༢༠༡༨ ལོར་འཕྲུལ་དེབ་ཏུ་བཟོས་པའི་མ་ཡིག་དེ་ཕབ་ལེན་བྱེད་སའི་སྦྲེལ་ཐག་ཁ་བརྡ་དྲ་བར་འཇོག་འདོད་བྱུང་། འཕྲུལ་དེབ་འདི་བཞིན་སེར་བྱེས་རིག་མཛོད་ཆེན་མོའི་དྲ་ཐོག་ན་ཡོད་པའི་འབྲེལ་ཐག་འདི་ཡིན།

སེར་བྱེས་རིག་མཛོད་ཆེན་མོར་བཀོད་པའི་འཕྲུལ་དེབ། འདི་ལ་བསྣུན་ནས་བཞེས་རོགས་གནང་།

ཕྲན་གྱིས་ PDF ཐོག་བཟོས་པའི་འབྲེལ་ཐག་གཤམ་གསལ་ལྟར་ཡིན།  འདིར་འདྲ་པར་རིགས་ཀྱང་ལྷན་སྦྱར་གྱིས་བཀོད་ཡོད།

BLACK ANNALS- Goldstein & The Negation Of Tibetan History(all)

གུས་པས་ཅིའི་ཕྱིར་འགྱུར་བཅོས་བྱས་པའི་གནས་ལུགས་སྐོར་གཤམ་གྱི་འགྱུར་བྱང་འདི་ན་གསལ་ཡོད།

______________________________________

ན་གཞོན་མཁྱེན་སྤྱན་ཡངས་པ་འབར་ཞུན་ལགས་ཀྱིས་སྔ་ཕྱིར་ཕྲན་གྱི་འགྱུར་རྩོམ་དང་རང་རྩོམ་འགའ་འཕྲུལ་དེབ་ཏུ་བཟོས་པ་ནི་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་ཡིན་ལ། ཐེངས་འདིར་ཡང་དེབ་ཐེར་ནག་པོའི་འགྱུར་བཅོས་འདི་ཉིད་སླར་ཡང་འཕྲུལ་དེབ་ཏུ་བཟོ་སྐུལ་ཞུས་པར་འཕྲལ་དུ་ཞལ་བཞེས་གནང་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདས་པའི་མི་ལོ་བཅུ་ཕྲག་གཅིག་ཙམ་རིང་ལ་གུས་པས་འགྱུར་གྱི་ལས་ཀ་འགའ་ཞོར་ལས་སུ་བྱས་ཤིང་། དེ་དག་ཀྱང་མ་ཡིག་དབྱིན་སྐད་དུ་ཡོད་པའི་བསྟན་བཅོས་རྣམས་ལ་གང་ཐུབ་ཅི་ཐུབ་ཀྱི་རྣམ་པ་ཞིག་གིས་བོད་འགྱུར་གྱི་ལས་ལ་ཞུགས་པ་ཞིག་ཡིན། འོན་ཀྱང་ནོར་འཁྲུལ་ཞིག་ཡོད་པ་ནི་གཟབ་ནན་མ་བྱས་པ་དེ་ཡིན་ཞིང་། དེ་ཡང་འཕྲལ་དུ་བསྒྱུར་ཅིང་འཕྲལ་དུ་སྤེལ་བའམ་ཡང་ན་ཀློག་ཐེངས་གཅིག་གིས་བསྒྱུར་ཅིང་། བསྒྱུར་ཐེངས་གཅིག་གིས་སྤེལ་བ་དེ་རེད། འོ་ན་མ་བཅོལ་བའི་ལས་ཀ་འདི་ཅིའི་ཕྱིར་བྱེད་དགོས་བྱུང་སོང་ཟེར་ན། དེ་ནི་བདག་བོད་ཀྱི་སྐད་ཡིག་ལ་དུངས་ཤིང་ཞེན་པའི་ལྷག་བསམ་ཟོལ་མེད་ཅིག་ཡོད་པ་དེས་རྐྱེན་བྱས་པ་ལས་གཞན་འདི་དག་ལས་རང་ཉིད་ལ་ཐོབ་རྒྱུ་ནི་གང་ཡང་མ་མཆིས་སོ༎
སྔ་ལོའི་ལོ་མཇུག་ཏུ་བོད་ནང་གི་དགེ་རྒན་ཞིག་གིས་དེབ་ཐེར་ནག་པོར་འགྱུར་བཅོས་ཤིག་དགོས་སྐོར་བཤད་རྗེས་གཞི་ནས་སླར་ཡང་སྔ་འགྱུར་ལ་འགྱུར་བཅོས་ཀྱི་ལས་འདི་དང་དུ་བླངས་པ་ཡིན། དཀའ་བ་དང་དུ་ལེན་པ་དེའི་རྒྱུ་མཚན་གཞན་ཞིག་ནི་སྐབས་འདི་ཙམ་ལ་རྒན་པད་མ་འབུམ་གྱིས་ “ཀློག་མཁན་གྱིས་གོ་ཐུབ་པ་ཞིག་བསྒྱུར་རྒྱུ་ནི་ལོ་ཙ་བ་རྣམས་ཀྱི་ལས་འགན་རེད། འགྱུར་གང་ཞིག་ཀློག་མཁན་རྣམས་ཀྱིས་གོ་མི་ཐུབ་ཚེ་གོ་ཐུབ་ཀྱི་མི་འདུག་ཅེས་བརྗོད་རྒྱུ་ནི་ཀློག་མཁན་གྱི་ཐོབ་ཐང་རེད།”ཅེས་པའི་སྐད་ཆ་ཞིག་ཀྱང་བྱུང་བ་ལ་བརྟེན་ནས་སྔ་ལོའི་དགུན་ཁའི་གུང་གསེང་དེ་སྤྱད་ནས་འདི་ལ་འགྱུར་བཅོས་བྱེད་པའི་དཀའ་བ་དེ་བཟོད་པར་བྱས་པ་ཡིན།
འགྱུར་བཅོས་སྐབས་སུ་ཐོག་མར་སླར་ཡང་མ་ཡིག་དང་འགྱུར་གཉིས་གཤིབས་བསྡུར་བྱེད་བཞིན་ལན་གཅིག་ཞུས་དག་གྲུབ་པ་བྱས་ཤིང་། དེ་ནས་བུ་མོ་ཚེ་རིང་དཔལ་འཛོམས་དང་ལྷན་དུ་གོ་དཀའ་བའི་ཚིག་ཕྲེང་རིགས་ལ་འདྲི་བརྩད་བྱེད་བཞིན་ལན་གཅིག་ཞུས་དག་བྱས། དེ་རྗེས་ཤོག་གུའི་སྟེང་དུ་པར་འདེབས་ཀྱིས་དབྱིན་ཡིག་གཅིག་པུ་བཀླགས་ཏེ་འགྱུར་ལ་བསྐྱར་བཅོས་བྱས། དེ་ལྟར་རིམ་པ་གསུམ་ཕྱིན་པའི་སྐབས་སུའང་། སྐབས་རེ་རེ་ལ་འགྱུར་ནོར་བ་དང་ཆད་པ་ཅི་རིགས་རྙེད་པར་གྱུར་ཅིང་། དེ་ནས་རང་གི་ཤའི་མིག་གིས་རང་གི་ནོར་འཁྲུལ་མི་མཐོང་བའི་ཚད་ལ་སླེབས་འདུག་སྟབས། རྒན་པད་མ་ཚེ་དབང་ཤཱསྟྲི་ལགས་དང་རྒན་ཚེ་དཔག་རིག་འཛིན་ལགས་གཉིས་སོ་སོར་འགྱུར་ཡིག་བསྐུར་ཏེ་གཟིགས་ཞིབ་གནང་སྐུལ་ཞུས་ཤིང་། རྒན་ཚེ་དཔག་རིག་འཛིན་ལགས་ནས་འགྱུར་ལ་ནོར་འཁྲུལ་གྱི་དགོངས་འཆར་མ་བྱུང་མོད་རྒན་པད་མ་ཚེ་དབང་ལགས་ནས་དགོངས་འཆར་འགའ་ཞིག་གནང་བ་དེ་སྐབས་བསྟུན་གྱིས་བཅོས་པ་ཡིན། གྲོགས་པོ་བསོད་ཚེས་ཀྱང་རྗོད་པའི་གནད་ལས་དྲངས་ཏེ་དགོངས་འཆར་ཞིག་གནང་བྱུང་། དེ་དག་གྲུབ་པའི་རྗེས་སུ་ཁེ་ན་ཌར་གནས་བཞུགས་རྡོ་རྗེ་དབང་ཕྱུག་ལགས་ནས་བོད་ཡིག་ཏུ་ཀློག་བདེ་མིན་གྱི་ཞུ་དག་ལན་གཅིག་གྲུབ་པར་མཛད་དོ།། མཐའ་མ་དེར་རྩོམ་པ་པོ་ལགས་ལ་སླར་ཡང་འབྲེལ་གཏུགས་ཀྱིས་དོགས་གནད་འགའ་ལ་བསྐྱར་བཅོས་དང་བཅས་འགྱུར་བཅོས་འདི་ཉིད་གྲུབ་པར་བྱས་པ་ལགས། དེས་ན་འདིར་འགྱུར་བཅོས་སྐབས་སུ་གཟིགས་རྟོག་མཛད་མཁན་རྣམས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཐུགས་རྗེ་ཆེ་ཞུས་པ་ཡིན་ལགས།
འགྱུར་བཅོས་ཀྱི་སྐབས་སུ་གང་ཞིག་བཅོས་པ་དང་ཇི་ལྟར་བཅོས་པའི་ལུགས་ཇི་བཞིན་འབྲི་རྒྱུ་ནི་ཚེགས་ཀྱིས་མི་ལྕོགས་པ་ཞིག་རེད། གཙོ་བོར་ཚིག་གི་སྡེབ་སྦྱོར་དང་། འགྱུར་ནོར་བ་འགའ་ཞིག་བཅོས་ཡོད་ཅིང་། ལོ་རྒྱུས་ཀྱི་ཚིག་གནད་རྣམས་བོད་སྐད་དུ་འབྱོར་དང་མི་འབྱོར་ཅི་རིགས་པར་འདུག་པ་རྣམས་ལ་སྐད་གཉིས་ཤན་སྦྱར་གྱི་ཚུལ་དུ་བྲིས་ཤིང་། སྐབས་རེར་གནད་ཚིག་འགའ་ལ་གཤམ་མཆན་བཏབ་ཡོད། ས་མིང་འགའ་ཞིག་ད་ཡོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་བསྟུན་ཡོད་ཅིང་། འགའ་ཞིག་ནི་དཔྱད་མཐའ་ལ་བསྐྱལ་མ་ཐུབ་པར་ལུས་ཡོད། གཞན་འགའ་ཞིག་ལ་དྲི་རྟགས་བཀོད་ཡོད་དོ།།
དེས་ན་འགྱུར་བཅོས་འདིས་བོད་ཀྱི་ལོ་རྒྱུས་ལ་གསལ་ཁ་དང་ཁ་སྐོང་ཐེབས་པའི་སྨོན་འདུན་ཞུ་བ་ཡིན། འོན་ཀྱང་ཤེས་ཡོན་གྱི་ལས་ཀ་ཞིག་ཡིན་སྟབས་འདིར་ཡིག་སྒྱུར་བྱེད་པོའི་རང་ཕྱོགས་གཞན་ཕྱོགས་ལྟ་བུའི་བསམ་བློ་གཏན་ནས་སླེབས་མེད་ཅིང་། གང་ལ་ཅི་ཡོད་དེ་དེ་བཞིན་དུ་སླེབས་པའི་འབད་པ་བྱས་ཡོད་པའང་དགོངས་པར་འཇགས་འཚལ། མཐར་འབར་ཞུན་ལགས་ཀྱིས་པར་གཞི་གསར་པ་འདི་ཉིད་འཕྲུལ་དེབ་ཏུ་བཟོས་གནང་བ་ལ་ཐུགས་རྗེ་ཆེ་ཞུ།

དགེ་འདུན་རབ་གསལ་གྱིས་ ༢༠༡༨ ལོའི་ ཟླ་དང་པོའི་ཚེས་ ༢༡ ཉིན་བྲིས།

གསལ་བསྒྲགས།

Post navigation

Previous Post: བོད་བརྒྱུད་ནང་བསྟན་ཆོས་ལུགས་དབུ་འཁྲིད་རྣམས་ལ།
Next Post: ཁ་བས་གཡོགས་པའི་གཞུང་ལམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme