Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་ཡིད་བཞིན་ནོར་བུ་མཆོག་དང་འཛམ་གླིང་གི་ཚན་རིག་པ། 

Posted on 2018-11-19 By ཁ་བརྡ 2 Comments on ༧གོང་ས་ཡིད་བཞིན་ནོར་བུ་མཆོག་དང་འཛམ་གླིང་གི་ཚན་རིག་པ། 

རླུང་དམར།
 
ད་ལྟའི་དུས་རབས་གསར་བའི་གླིང་འདིར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནི་འཛམ་གླིང་ཞི་བདེའི་གསེར་གྱི་དར་ཆེན་བླ་མེད་དེ་ཡིན་ལ། གོ་ལ་ཧྲིལ་བོའི་སྟེང་གི་མི་མང་གིས་ཆེས་དགའ་མོས་བྱེད་སའི་བྱང་ཆུབ་སེམས་དཔའ་ཞིག་རེད། ཁོང་གིས་འཇིག་རྟེན་སྐྱེ་འགྲོའི་ཀུན་ཁྱབ་རིན་ཐང་དང་། རྒྱལ་སྤྱིའི་ཁོར་ཡུག་ལ་དོ་ཁུར། མི་རིགས་དབྱེར་མེད། ཆོས་ལུགས་མཐུན་སྒྲིལ། ཞི་བདེ་མཉམ་གནས། ཐོབ་ཐང་འདྲ་མཉམ།   ཕན་བདེའི་བཀའ་སློབ་སོགས་གསུངས་བཞིན་དེང་གི་ཚན་རིག་པའི་མཉམ་དུ་བགྲོ་གླེང་གནང་གིན་ཡོད་པ་ནི་ཆེས་ངོ་མཚར་བའི་སྙིང་རྗེའི་བདག་ཉིད་ཆེན་པོའི་མཛད་འཕྲིན་ཞིག་རེད་འདུག དེའང་། ༧གོང་ས་མཆོག་གིས་མི་ལོ་དུ་མའི་རིང་ལ་འཛམ་གླིང་གི་ཚན་རིག་པའི་ལྷན་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་”སེམས་ཀྱི་ཚན་རིག”་གཙོར་བཞག་ལས་བཀའ་མོལ་ཟབ་གསལ་རེ་གནང་གིན་ཡོད་པ་རེད་ལ། ལྷག་པར་ཏུ་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ཚད་མ་རིག་པའི་གཞུང་ལུགས་སོགས་དྲངས་ཏེ་ནང་སེམས་ཀྱི་ཞི་བདེ་ཇི་ལྟར་ཉམས་ལེན་གནང་དགོས་པ་དང་། ནང་ཆོས་དང་ཚན་རིག་གཉིས་དཔུང་བ་མཉམ་གཤིབ་ཀྱིས་ཤར་བསྐྱོད་ཐུབ་པའི་དགོས་པ་དང་བདེན་འཚོལ་ནི་ད་ལྟའི་ཚན་རྩལ་དར་བའི་དཀའ་རྙོག་གི་འཇིག་རྟེན་ལ་ཕན་ཐོགས་མང་པོ་འབྱུང་གིན་ཡོད་པས། དེའི་ཐད་ནས་བགྲོ་གླེང་གཙོ་གནད་རེ་གནང་གིན་ཚན་རིག་གིས་གླེང་བའི་ཚད་རྡུལ་དངོས་ཁམས་དང་འབྲེལ་བའི་སྐོར་ལའང་བསམ་ཚུལ་བརྗེ་རེས་དང་། བཀའ་སློབ་ལམ་སྟོན་སོགས་གནང་གིན་ཡོད་འདུག

དེ་ལྟ་ནའང་། ང་ཚོ་བོད་མི་བྱིངས་ཀྱིས་༧གོང་ས་མཆོག་གི་ཐུགས་དགོངས་བཞིན་རང་རེའི་སྐད་ཡིག་དང་། ནང་ཆོས། ཡུལ་སྲོལ་གོམས་གཤིས་སོགས་ལ་སྔར་ལས་ལྷག་པའི་སློབ་སྦྱོང་བྱེད་དགོས་པ་རེད། འཛམ་གླིང་ཤར་ནུབ་ཀྱི་ཚན་རིག་པ་མང་པོས་༧ཡིད་བཞིན་ནོར་བུའི་ཞབས་ལ་གཏུགས་ཏེ་བཀའ་སློབ་ལམ་སྟོན་ཞུ་བ་ནི་ཧ་ཅང་སྲིད་ན་དཀོན་པའི་མིག་དཔེ་བླ་མེད་ཅིག་རེད་འདུག མ་ཟད། ང་ཚོས་ཀྱང་རང་གི་རིག་གཞུང་ལ་བློ་ཐག་ཉེ་བོས་སྦྱང་བརྩོན་བྱེད་པ་དང་། མུ་མཐུད་དུ་༧རྒྱལ་བའི་བཀའ་དགོངས་ལྟར་ལག་ལེན་ལེགས་པོ་གནང་དགོས་པ་ང་ཚོ་བོད་མི་ཡོངས་ཀྱི་རྩ་བའི་འགན་འཁྲི་ཞིག་ཡིན། དེ་བཞིན་དུ་ང་ཚོས་ངེས་པར་ཏུ་མཁྱེན་རྟོགས་ཤིག་བྱེད་དགོས་པ་ནི་༧གོང་ས་མཆོག་གིས་གནང་བའི་བཀའ་སློབ་ལ་རྒྱབ་འགལ་སོགས་མེད་པར་བོད་མི་སྤྱོད་ཡོན་གཉིས་ལྡན་ཅན་ཞིག་བྱེད་དགོས་ལ། ཉུང་མཐར་ཡང་རང་རེའི་རྩ་དོན་སོགས་མི་བརླག་པར་ཞི་བའི་འཐབ་རྩོད་བྱེད་དགོས་རྒྱུ་དེ་དབུ་མའི་ལམ་རེད། དེ་བས། འཛམ་གླིང་གི་ཆབ་དཔལ་རིག་གསུམ་མགྱོགས་འགྲོས་ཆེ་བའི་དུས་འདིར་འགྲོ་བ་སྤྱི་ལ་སྨིན་པའི་ཕན་བདེའི་སྲིད་དོན་ཞིག་བསྐྱང་དགོས་པའང་རང་གཞན་ཀུན་ལ་བདེ་བའི་རྒྱུ་འབའ་ཞིག་རེད་འདུག

དེ་ལ་དེ་ལྟར། ༧གོང་ས་མཆོག་གིས་”སེམས་ཀྱི་ཞི་བདེ”དང་”སེམས་ཀྱི་ཚན་རིག”གི་ཐད་ནས་བགྲོ་གླེང་རྫོགས་མེད་ཅིག་གནང་གིན་པ་འདིའང་མཐར་འཇིག་རྟེན་བྱིངས་ཀྱི་ཞི་བདེའི་ཆེད་དུ་ཡིན་པ་སྨྲ་ཅི་ལ་དགོས། ཁོང་ཉིད་འཛམ་གླིང་གང་དུ་ཕེབས་ཀྱང་འགྲོ་བ་ཡོངས་ལ་ཐུགས་བརྩེས་གཟིགས་པ་དང་། སྙིང་རྗེའི་བྱམས་སྐྱོང་། ཞི་བདེའི་འཇིག་རྟེན་བཅས་ཀྱི་ཐོག་ནས་བགྲོ་གླེང་གནང་གིན་ཡོད་པ་འདི་གཟི་དཔལ་འབར་བའི་གོ་ལ་ཧྲིལ་བོའི་སྟེང་གི་ཁྱད་ནོར་རེད། དེ་ལའང། རང་རེའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་མང་པོ་གསན་གཟིགས་བྱས་ཏེ་རང་རིགས་ཀྱི་སྤྱི་ཚོགས་ནང་དུ་ཕྱི་གསལ་ནང་གསལ་གྱི་ཕན་ཐོགས་རེ་སྒྲུབ་རྒྱུ་ཧ་ཅང་གལ་ཆེན་ཡིན་པར་བསམས། དེ་མིན། ང་ཚོས་རང་རེའི་གཅེས་ནོར་ངོ་མཚར་ཅན་དེ་མདུན་ནས་བཞག་སྟེ་གོ་མེད་ཚོར་མེད་ཀྱིས་བསྡད་དེ་གཞན་གྱི་ཕྱི་ལྟོས་མཛེས་དཔྱོད་ལ་སེམས་འཁོར་བ་ནི་སྨྱོ་རྟགས་ཤིག་རེད་འདོད་པས། དེང་གི་ཆར་༧གོང་ས་མཆོག་གིས་སྣེ་སྟོན་གནང་གིན་པའི་”སེམས་ཀྱི་ཚན་རིག་”དང་”ཚན་རིག”་གི་ཕྱོགས་ནས་ལྟ་ཚུལ་རིན་པོ་ཆེ་དེ་དག་ཨེན་ཙམ་རེར་ལག་ལེན་དུ་འཁྱོལ་ཐུབ་པའི་རེ་འདུན་སྙིང་ནས་ཡོད་དགོས།

དེའི་དགོས་སྙིང་བཞིན་བོད་ཀྱི་རིག་གཞུང་ནི་ཆེས་ཆེར་འགྲོ་ཀུན་ཡོངས་ལ་ཕན་ཐོགས་པའི་རིག་གནས་ཤིག་དང་། ངོ་མཚར་བསམ་གྱིས་མི་ཁྱབ་པའི་རིན་ཐང་རྩ་ཆེན་ཞིག་རེད་འདུག དེའང། ༧གོང་ས་མཆོག་གིས”མིའི་རྩ་བའི་རང་བཞིན་ནི་བྱམས་སྙིང་རྗེ་ཡིན་”གསུངས་པ་ལྟར་ཁོང་ཁྲོ་དང་། ང་རྒྱལ། ཞེ་སྡང་། དམག་འཁྲུག་སོགས་ནི་སྐྱེ་འགྲོ་ཀུན་གྱི་ཕྱི་ནང་གཏོར་བརླག་བྱེད་པའི་རྒྱུ་ངན་པ་ཞིག་ཡིན་པ་ཤེས་པའི་ཐོག་ནས་ཉིན་རེར་འགྲོ་བ་མི་ཡག་པོ་ཞིག་བྱེད་དགོས་པའི་བཀའ་སློབ་དེ་ཡང་སེམས་ལ་བཟུང་ནས་ལག་བསྟར་གནང་དགོས་པ་ང་ཚོ་ཡོངས་ཀྱི་ཆེད་དུ་གལ་ཆེན་ཞིག་རེད། ཕྱིའི་ཚན་རིག་ཇི་ལྟར་ཇེ་རྒྱས་ཇེ་འཕེལ་ལ་སོང་ནའང་། ནང་སེམས་ལ་ཞི་བདེ་མེད་པར་གནས་པ་ནི་འཛམ་གླིང་འདི་རྒུད་པའི་རྟགས་ཤིག་རེད་འདུག ཡིན་ཡང་། ༧གོང་ས་མཆོག་དང་ཚན་རིག་པའི་བགྲོ་གླེང་གི་སྙིང་དོན་གྱིས་ང་ཚོ་འཇིག་རྟེན་གྱི་མི་མང་གི་འཚོ་གནས་ལ་བདེ་སྐྱིད་དང་ཞི་བདེ་ཞིག་བསྐྲུན་བཞིན་པའི་ལམ་བུ་གསར་བ་ཞིག་གི་སྒོ་ཕྱེས་པའི་སྲོལ་འབྱེད་མཁན་བྱམས་སྙིང་རྗེའི་བདག་ཉིད་ཆེན་པོ་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་རེད་འདུག དེར་བརྟེན། ང་ཚོས་བོད་གངས་ཅན་གྱི་གནའ་རབས་མཁས་པའི་བཀའ་གསུང་དང་དེང་གི་༧གོང་ས་མཆོག་གི་བྱིན་རླབས་གསུང་གི་གདུལ་བྱའི་དཔལ་དུ་བགྲོད་པར་སྨོན་སྨོན།

2018-11-19ཉིན།

བསམ་ཚུལ།

Post navigation

Previous Post: ༼བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱི་རྩོམ་རིག ཞིབ་འཇུག་སྙན་ཐོ།༽ ཡིག་ནོར་བཟོ་བཅོས་ཀྱི་འབོད་སྐུལ།
Next Post: ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང།

Comments (2) on “༧གོང་ས་ཡིད་བཞིན་ནོར་བུ་མཆོག་དང་འཛམ་གླིང་གི་ཚན་རིག་པ། ”

  1. ཀརྡོ་རབ་འབྱམས་པ་ says:
    2018-11-20 at 4:47 am

    ་་་་་་་་་་་་ ཕྱིའི་ཚན་རིག་ཇི་ལྟར་ཇེ་རྒྱས་ཇེ་འཕེལ་ལ་སོང་ནའང་། ནང་སེམས་ལ་ཞི་བདེ་མེད་པར་གནས་པ་ནི་འཛམ་གླིང་འདི་རྒུད་པའི་རྟགས་ཤིག་རེད་འདུག ་་་་་་་་་་་་

  2. ྸAbharu Jigwang says:
    2018-11-25 at 2:25 pm

    ༄༅། རླུང་དམར་ལགས་ནས་དཔེ་ཡག་པོ་བྲིས་གནང་འདུག་པ་་་བདེན་པ་
    དྲང་དངོས་གནས་རེད། ཐུགས་རྗེ་ཆེ་། བཀྲིས་བདེ་ལེགས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme