Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་མང་གཙོ་དང་དེའི་འགན་དབང་ལ་དཔྱད་པའི་གཏམ་།

Posted on 2018-11-09 By ཁ་བརྡ 1 Comment on བཙན་བྱོལ་བོད་མིའི་མང་གཙོ་དང་དེའི་འགན་དབང་ལ་དཔྱད་པའི་གཏམ་།

གཞུང་པ་ཚེ་དབང་བསོད་ནམས་ནས།

བོད་ས་ཤོར་ནས་ང་ཚོ་མི་ཡུལ་དུ་བཙན་བྱོལ་དུ་འབྱོར་མ་ཐག་གོང་ས་མཆོག་ནས་བོད་ཀྱི་ཆབ་སྲིད་་ལུགས་ལ་བསྒྱུར་བཅོས་གནང་ནས་མི་མང་གི་འཐུས་མི་རྒྱུད་ནས་གཞུང་སྲིད་སྐྱོང་བའི་ལམ་ལུགས་ལ་ཁ་ཕྱོགས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་མང་གི་འཐུས་མི་སྤྱི་འཐུས་གསར་བསྐོ་དང་འབྲེལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཡོངས་རྫོགས་ལ་མི་མང་འཐུས་མིའི་འགན་ཁུར་རྒྱུད་ནས་འགྲོ་དགོས་པའི་ལམ་སྟོན་ཁྲིམས་ཡིག་གསར་གཏོད་དང་འབྲེལ་མང་གཙོ་ཡང་དག་པའི་ལམ་ལུགས་ཁྲིམས་བཟོ་སྡེ་ཚན་སྤྱི་འཐུས་གྲོས་ཚོགས་(LEGISLATURE ) དང་འཛིན་སྐྱོ་སྡེ་ཚན་བཀའ་ཤག་ལྷན་རྒྱས་ ( EXECUTIVE )
དང་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ ( JUDICIARY )་བཅས་མང་གཙོའི་གཞུང་སྐྱོང་མཁན་གྱི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐོག་བཙན་བྱོལ་བོད་མིའི་ལས་དོན་ཡོངས་རྫོགས་སྡེ་ཚན་འདི་གསུམ་གྱི་འགན་ཁུར་འོག་ཏུ་འཚོ་དགོས་པའི་ལམ་ལུགས་འདི་ལ་འཛམ་གླིང་གི་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོའི་བསྔགས་བརྗོད་དང་མིག་དཔེ་བལྟ་ས་ཞིག་ཏུ་རྒྱུར་ཡོད་པ་ནས་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབས་དགོས་པ་ལས་མང་གཙོ་དང་རང་དབང་ཁ་ལ་སྦྱར་ནས་དྲ་ལམ་ཁག་ཏུ་མིང་རྫུན་འོག་ཏུ་རྩོམ་ཡིག་སྤེལ་རྒྱུ་དང་མིང་རྫུན་འོག་ཏུ་མཆན་འགོད་འདེབས་རྒྱུ་དང་མིང་རྫུན་འོག་ཏུ་སྤྱི་ཚོགས་དཀྲུགས་རྒྱུ་སོགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བོད་མི་རིགས་ཀྱིས་ཕ་མེས་ནས་རྒྱུད་པའི་ཡ་རབས་བཟང་སྤྱོད་དང་ཡོངས་སུ་འགལ་བའི་བྱ་སྤྱོད་འདི་རིགས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ནང་འབྱུང་རྒྱུར་མི་ཡོང་ཆེད་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་རང་མིང་མེད་པའི་མིང་རྫུན་འོག་ཏུ་དྲ་ནང་དང་གསར་ཤོག་དུས་དེབ་སོགས་གསར་འགྱུར་རྒྱུད་ལམ་ཁག་ཏུ་རྩོམ་ཡིག་སྤེལ་བ་དང་མཆན་འགོད་འདེབས་པ་དང་ཟུར་ཟའི་འཆལ་གཏམ་སྤེལ་ནས་སྤྱོ་ཚོགས་བདེ་འཇགས་ལ་གནོད་པའི་དཀྲོགས་གཏམ་སོགས་སྤེལ་མི་ཆོག་པའི་ཁྲིམས་དང་སྒྲིག་གཞི་ ( Bill of right or bill of civil code ) སོགས་གཏན་འབེབས་གནང་དགོས་པ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་འབྲེལ་བ་གཏིང་ཟབ་ཡོད་པ་དང་རང་གི་དངོས་མིང་བཀོད་ནས་རྩོམ་ཡིག་སྤེལ་རྒྱུ་དང་མཆན་འགོད་འདེབས་རྒྱུ་དང་དགེ་དང་སྐྱོན་ལ་མཛུབ་མོ་འཛུགས་རྒྱུ་དེ་དག་མང་གཙོའི་སྒྲིག་འཛུགས་ནང་ཡོད་པའི་མི་མང་གི་ཐོབ་ཐང་ཆེ་ཤོས་དེ་ཡིན་པ་བཅའ་ཁྲིམས་ལེའུ་གཉིས་པ་གཞི་རྩའི་ཐོབ་ཐང་དང་ལས་འགན་ཟེར་བའི་དོན་ཚན་བཅུ་གཉིས་ནང་གསལ་བའི་གཞི་རྩའི་རང་དབང་དང་ཐོབ་ཐང་གཞན་ཁག་ཟེར་བའི་འོག་རང་མིང་གསལ་སྟོན་རྒྱུད་ནས་དགེ་སྐྱོན་གསལ་སྟོན་ཐུབ་པའི་གདེང་སྤོབས་དགོས་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་སྐབས་འདིར་བཅའ་ཁྲིམས་དོན་ཚན་བརྒྱད་པ་བོད་ཀྱི་ཡུལ་མི་ཟེར་བའི་ནང་གསེས་བཞི་པའི་འོག་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་དུས་ད་ལྟ་ཡང་གཏན་འབེབས་མ་ཐུབ་པ་ནི་བཅའ་ཁྲིམས་དོན་ཚན་སོ་དྲུག་པ་ཁྲིམས་བཟོའི་དབང་ཆ་ཟེར་བའི་ནང་ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་ཟེར་བ་ནས་ཁྲིམས་བཟོའི་འགན་དབང་མ་འགྲུབ་པར་ངོས་འཛིན་བྱེད་ཆོག་པ་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་སམ་སྒྲིག་གཞི་ཁག་ལག་ལྟར་མ་ཐུབ་པའི་རིགས་འཕྲོ་ཅན་དུ་མ་བཞག་པར་འཛིན་སྐྱོང་བཀའ་ཤག་ནས་ལག་ལྟར་མ་ཐུབ་པའི་རྒྱུ་ཚན་དང་སྦྲགས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ལ་བསྐྱར་བཅོས་སམ་བཟོ་བཅོས་ཁྲིམས་འཆར་དུ་འབུལ་དགོས་པ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བསྲ་བརྟན་དང་རྒྱུན་གནས་ཐུབ་པ་ལ་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་ཏུ་འཚོ་དགོས་པ་ནི་མང་གཙོ་ཡིན་ལ་ཁྲིམས་ཀྱི་དབང་བསྒྱུར་ཡིན་ཟེར་བ་ལ་ང་ཚོའི་འགན་ཁུར་དགོས་པ་ནི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དུས་ཀྱི་འགྱུར་བའི་འོག་ཏུ་འགན་ཁུར་ནས་གཞི་རིམ་མི་མང་གི་མངོན་འདོད་དང་བསྟུན་ནས་ཁྲིམས་དང་སྒྲིག་གཞི་གཏན་འབེབས་སམ་བསྐྱར་བཅོས་སམ་བཟོ་བཅོས་སོགས་ལ་དུས་ནས་དུས་སུ་འགན་ཁུར་དགོས་པ་ནི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་མང་གཙོའི་སྒྲིག་འཛུགས་ནང་གལ་ཆེ་ཤོས་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་གཞུང་མང་འཚོ་ཐུབ་པའི་འགན་ཁུར་ལེན་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིམ་དང་བཅས་།

སླར་སྨྲས་པ་

མི་མང་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་འོག་།
གྲལ་རིམ་དམངས་གཙོ་གང་ཟག་དབང་བསྒྱུར་འོག་།
མང་གཙོའི་འགན་དབང་ཁྲིམས་ཡིག་ལམ་སྟོན་འོག་།
དམངས་གཙོའི་འགན་དབང་གྲལ་རིམ་བཀོད་ཁྱབ་འོག་།

མང་མང་གཏམ་ལ་ཁྲིམས་ཀྱི་ཚད་གཞི་དགོས་།་
ཉུང་ཉུང་ཚིག་ལ་བཟང་སྤྱོད་འགན་ཁུར་དགོས་།
མང་དང་ཉུང་གི་ཁྱད་པར་གསལ་སྟོན་འདི་།
མང་གཙོ་དམངས་གཙོ་རིག་པས་དཔྱད་ན་ཤེས་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༨ ཕྱི་ཟླ་ ༡༡ ཚེས་༨ ཉིན་ཟིན་བྲིས་སུ་བཏབ་་།

བསམ་ཚུལ།

Post navigation

Previous Post: ཉེ་ཆར་རྔ་བར་བྱུང་བའི་རང་སྲེག་གི་གནས་ཚུལ།
Next Post: རིག་གནས་ཆེ་བ་ལྔའི་ཡ་གྱལ་སྒྲ་རིག་པ།

Comment (1) on “བཙན་བྱོལ་བོད་མིའི་མང་གཙོ་དང་དེའི་འགན་དབང་ལ་དཔྱད་པའི་གཏམ་།”

  1. བསྟན་པ་ལེགས་ཚོགས says:
    2018-11-09 at 6:48 pm

    ༄། གོང་གི་མང་གཙོའི་འགན་དབང་ལ་དཔྱད་པའི་གཏམ་ལ་མོས་མཐུན་ཞུ་བ་དང་ཆབས་ཅིག་རང་རིགས་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་སྐྱེས་པ་ན་དེའི་བུ་རྒྱུད་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ནང་ཆེད་ཤིན་ཏུ་དཀོན་པའི་རང་ཅག་རྣམས་ལ་དབུ་འཁྲིད་འཕགས་པ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བ་༧གོང་ས་༧སྐྱབས་མགོན་ཆེནཔོ་མཆོག་མི་སྨོན་རང་སྐྱིད་དང་འདི་ཕྱིའི་ལེགས་ཚོགས་བདེ་ལག་ཉིད་དུ་སྒྲུབ་ཐུབ་པའི་ཆ་རྐྱེན་ཡོད་པ་ལ་རྟེན་དགེ་སྡིག་གི་སླང་དོར་དང་ དེ་བཞིན་རང་རིགས་རྣམས་ནང་པ་ཡིན་པའི་ཆ་ནས་ཀྱང་ལས་རྒྱུ་འབྲས་ཚེ་འདི་ཕྱིའི་གནས་ལུགས་ཤེས་པའི་སྤྱན་རས་གཟིགས་ཀྱི་བུ་རྒྱུད་བཟང་པོ་ཞིག་བྱ་དགོས་སྟེ་དེ་ལས་རྡོག་ཏེ་ཁྱེད་ཀྱི་རྩོམ་ཡིག་ནང་བཀོད་པ་ལྟར་རང་གི་མིང་ཙམ་འང་རྫུན་མ་འགོད་པ་མ་ཟད་བོད་མིའི་ཡ་རབས་སྤྱོད་བཟང་རྣམས་དོར་ཏེ་གཅིག་ལ་གཅིག་ག་ི་ཟུར་ཟ་དང་ཚིག་ངན་ཕན་ཚུན་ཐེན་འཁྱེར་གྱིས་བྱ་སྤྱོད་འདི་དག་མི་ཡོང་བའི་ཐབས་ལ་རང་རེ་ཚང་མས་འབད་རྩོན་གནང་དགོས་པ་མ་ཟད་ ལྷག་པར་བོད་མིའི་སྒྲིགས་ཚུགས་དང་སྤྱི་འཐུས་གྲོས་ཚོགས་ཐོག་ནས་བོད་མིའི་ཡ་རབས་སྤྱོད་བཟང་ལ་ཕན་ཆེད་ཐུགས་འཁུར་ཆེ་བཞེས་གནང་ཚེ་སྤྱིར་བོད་མིའི་སྤྱི་ཚོགས་ལ་ཕན་པ་དང་ཡང་དགོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་ནས་ཡང་དུ་བཀའ་རྩལ་བཞིན་པའི་བོད་མི་རྣམས་ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་ཡིན་པ་ལ་ཡང་རྒྱབ་སྐྱོར་གྱིས་རྒྱལ་བ་འགྱེད་པའི་མཆོད་སྤྲིན་དུ་འགྲོ་ངེས་བཅས་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme