Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧རྒྱལ་སྲས་ཆེན་པོར་བསྟོད་པའི་མེ་ཏོག་ཡོངས་འཛིན་ཞེས་པ་བཞུགས་སོ།།

Posted on 2018-11-08 By ཁ་བརྡ No Comments on ༧རྒྱལ་སྲས་ཆེན་པོར་བསྟོད་པའི་མེ་ཏོག་ཡོངས་འཛིན་ཞེས་པ་བཞུགས་སོ།།

(དེ་རིང་༧གོང་ས་མཆོག་གི་བཀའ་དགོངས་དབུ་མའི་ལམ་ལ་དད་སེམས་གཡོ་བ་མེད་པའི་མཁས་དབང་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་ལ་དད་ཞེན་གཙང་མས་མཆོད་པ་འབུལ་བའི་ཡིད་སྣང་ཉི་མ་རང་གྲོལ་དེའི་རྟེན་འབྲེལ་གྱི་ཚུལ་དུ་ཕུལ།)

རླུང་དམར།

༧རྒྱལ་བའི་ཐུགས་དགོངས་ཞེ་ལ་བཀྲ་བའི་སྲས་ཀྱི་ཐུ་བོ་རླབས་པོ་ཆེ་ཡི་འཁྲུངས་སྐར་ཉིན།།
འཇིག་རྟེན་སྐྱེ་བོས་དད་གཙུག་འགྱུར་མེད་ངང་ནས་རྟེན་འབྲེལ་འོ་མཚོ་རབ་ཏུ་འཕྱོ་བའི་དཔལ།།
བཙན་བྱོལ་ལོ་ནག་མགྱོགས་འགྲོས་ཇི་ཙམ་ཆེ་ཡང་རང་དབང་སླར་གསོའི་དབུ་མའི་ལྟ་གྲུབ་ཆེད།།
བོད་རྒྱ་གཉིས་སྨན་བྱ་བའི་སེམས་དཔའ་ཆེན་པོའི་དྲི་མེད་གཟིགས་པས་རྣམ་པར་ཀུན་ཡིད་འཕྲོགས།།

དགེ་མཚན་བྱེ་བའི་ཤེས་རབ་སྤྱན་ཟུང་གངས་རིའི་ལྗོངས་ལ་བཏེགས་པའི་སློབ་དཔོན་བྱམས་བརྩེའི་སྲས།།
སྐུ་ཉིད་མཆོག་སྤྲུལ་གསེར་འོད་ཐུགས་ཀྱི་ལམ་སྟོན་བྱང་ཆུབ་རྫོགས་ཆེན་ཞིང་གི་འགྲོ་དོན་གཉེར།།
༧གོང་ས་ཡིད་བཞིན་ནོར་བུའི་རྒྱལ་སྲས་ཆེན་པོ་ཁྱེད་ཉིད་སྲིད་མཐོའི་གངས་ལ་མེ་ཏོག་འཕོས།།
ཐུ་བྷོད་ལྗོངས་འདིར་ངོ་མཚར་མཛེེས་ལྡན་འབྱུང་བའི་དུས་བཟང་འདི་ལ་དགའ་ཚོར་སྟོང་གིས་བསུ།།

ཁ་བ་རི་བའི་གཙུག་ན་ཚད་མེད་ཡོན་ཏན་རབ་ཏུ་འཕགས་པའི་སྐྱེ་འགྲོའི་མགོན་པོ་བྱོན།།
དབུ་མའི་ལམ་གྱི་སྣེ་འདྲེན་མཁས་ཆེན་བདག་ཉིད་ཅན་པོའི་ཟབ་གསལ་རྟོགས་བརྗོད་མཛད་པའི་སྐུ།།
ཤེས་བློས་མ་རིག་མུན་སེལ་བྱེད་པོའི་སྐུ་ཡི་མངའ་ཐང་འཛམ་གླིང་ལྟེ་བར་མངོན་པར་གཟིགས།།
རྒྱ་མཚོའི་ཀློང་འབྱམས་འཕྲིན་ལས་དཔག་མེད་འཆད་ཁྲིད་སྨིན་པའི་མཛོད་རྟེན་མཆོག་གི་རྣམ་རོལ་བ།།

ནོར་འཛིན་ཕྲེང་བའི་ཚུལ་ཁྲིམས་བསྟན་པའི་མངའ་བདག་ཟམ་གདོང་བླ་མ་འཁྲུངས་བའི་དགའ་སྟོན་ལ།།
བདག་སེམས་དྲི་མེད་དཀར་བོས་མུན་འཇོམས་དད་པའི་བསྟོད་དབྱངས་ཁྱེད་སྐུ་ཞབས་ལ་རྟག་ཏུ་བསྒྲོན།།
བདེ་འབྱུང་སྐྱེས་ཆེན་རིག་པའི་གདུལ་བྱའི་ཁྲོད་ནས་མ་ལྟར་བརྩེ་བའི་བྱང་སེམས་རྒྱན་གཅིག་ཉིད།།
རྟེན་འབྲེལ་བསྟོད་པའི་ལེགས་ཚོགས་སྲིད་ན་བློ་མིག་འབྱེད་བའི་སེམས་དཔའ་མཁས་དབང་ཁྱེད་ཀྱིས་མཛད།།

བདེན་མཐའ་སྐྱོང་བའི་རིགས་ཀྱི་རྒྱལ་སྲས་གངས་རིའི་ཞིང་འདིར་འཁྲུངས་བའི་ཉིན་སྐར་བཟང་བོ་ལ།།
དགེ་བའི་ཁྱུ་མཆོག་སློབ་དཔོན་དམ་པས་འཁྲུལ་མེད་བསྟན་པའི་ལམ་བཟང་ཤེས་བྱའི་ལང་ཚོ་མངའ།།
ལུགས་གཉིས་ཀུན་མཐོང་གདོད་ནས་འཛིན་པའི་དབུ་བླ་མཆོག་གི་སྐུ་ཚེའི་མཛད་རྗེས་རིན་པོ་ཆེ།།
རིན་ཆེན་གསེར་གྱི་ལྗགས་ལུང་བསྩལ་བའི་འཆིང་ཐག་བློ་རྒྱ་ཀུན་ནས་གྲོལ་བའི་རྗེ་བོ་མཆོག།

༧སྐྱབས་རྗེ་སྲས་ཀྱི་ཐུ་བོའི་ཐུགས་བརྩེས་བསྐྱངས་པའི་བོད་འབངས་ཚོགས་དེའི་ཆོས་ཀྱི་སྒོ་མོའི་རིགས།།
ངོ་མཚར་ཡིད་དབང་འཕྲོགས་པར་ལྷ་མིའི་ཐུགས་ཀྱི་ནོར་རྒྱན་མཁྱེན་པའི་བདག་ཉིད་མཆོད་སྤྲིན་འབུལ།།
མཛེས་དཔྱོད་བསྟན་པའི་མཐུ་སྟོབས་མངའ་བའི་རང་བྱོན་སེམས་དཔའི་གཟི་མདངས་ནུབ་མེད་མཆོག་ལ་དད།།
བློ་མིག་དམན་པའི་སྐྱེས་བོ་ང་ཡིས་ཁྱེད་སྐུའི་འཁྲུངས་ཉིན་ཉི་མ་འཛུམ་བརྒྱ་བསུ་བ་དགེའོ།།

2018-11-05ཉིན།

སྙན་ངག

Post navigation

Previous Post: དེའང་དགའ་སྐྱོའི་ངོ་སྲུང་ཞིག་མིན། (དཔོན་པོའི་ངོ་སྲུང་མིན་པར་བདེན་ལྕེ་རང་སྒྲའི་བློ་མིག་གསོན་པོ་ཞིག་ན་གཞོན་གསར་བའི་ནང་སྙིང་གི་གསེར་གྱི་རྡོ་རིང་དེ་ཡིན།)
Next Post: ཨ་མེ་རི་ཀའི་གདམ་ཀ་དང་དམིགས་ཡུལ་ཁག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme