Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་འོས་འདེམས་ལ་ཞུགས་པ།

Posted on 2018-10-232018-10-23 By ཁ་བརྡ་ 4 Comments on ཨ་རིའི་འོས་འདེམས་ལ་ཞུགས་པ།

བློ་བཟང་ལེགས་བཤད།

འདི་ལོའི་ཨ་རིའི་འོས་འདེམས་ནི་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ཡིན་མོད། འོས་འདེམས་སྔོན་ཚུད་བྱེད་པའི་གོ་སྐབས་ཡོད་པ་ལ་བརྟེན་ནས་འོས་འདེམས་ཀྱི་ཆ་ཤས་བླངས་པ་ཡིན། འོས་འདེམས་བྱ་ཡུལ་དུ་སླེབས་སྐབས་མི་མང་པོ་མི་འདུག  རེ་ཟུང་ཡོད་པ་རྣམས་བང་སྒྲིག་ཏེ་བསྐྱོད་བཞིན་འདུག  ཐོག་མར་སྒོ་ནས་འཛུལ་མ་ཐག་ཏུ་དེབ་སྐྱེལ་བྱེད་ས་ཞིག་འདུག དེའི་སྟེགས་བུའི་རྒྱབ་ན་ཡོད་པ་ནི་རྨོ་མོ་ཞིག་རེད། ངས་རྨོ་མོ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན། དེ་ནས་ཕར་བལྟས་སྐབས་འོས་འདེམས་ཀྱི་ལས་བྱ་བ་ཞིག་སྐོར་མཐོང་བ་དང་།  ཁོང་ཅག་གི་དགུང་ནའི་བབ་ལ་གཞིགས་ཚེ། ཕལ་ཆེར་འདི་དག་ཚང་མ་བགྲེས་ཡོལ་དུ་ཕེབས་ཟིན་ནས་དང་བླང་ཞབས་ཞུར་ཕེབས་པ་ཤ་སྟག་ཡིན་ཚོད་འདུག

ང་ལ་ ཁྱེད་ཀྱི་འདྲ་པར་ཅན་གྱི་ལག་འཁྱེར་ཞིག་སྟེར་རོགས་ཟེར། དེར་ངས་རང་གི་ཁ་ལོ་པའི་ལག་འཁྱེར་སྤྲད་པ་ཡིན། རྨོ་ལགས་ཀྱིས་ལག་འཁྱེར་དེ་འཕྲུལ་ཆས་ཤིག་གིས་བཤུ་འབེབས་བྱས་སོང་།  དེ་མ་ཐག་ཏུ་ངའི་སྡོད་གནས་ཀྱི་ཁ་བྱང་དང་བཅས་ལ་མོའི་མདུན་གྱི་གློག་ཀླད་དུ་སླེབས་སོང་།  དེ་ནས་ཁྱེད་ཀྱི་མིང་ལ་ཅི་ཟེར་བ་དང་། སྐྱེས་ལོ་ནམ་ཡིན་གྱི་དྲི་བ་གནང་བ་ལ་ངས་གུས་ཚིག་དང་བཅས་ཚུལ་མཐུན་གྱིས་ལན་འབུལ་བྱས་པ་ཡིན། དེ་ནས་མོའི་མདུན་གྱི་གློག་ཀླད་ཀྱི་ཤེལ་སྒོའི་ངོས་སུ་ངས་གནས་ཚུལ་ཤར་འདུག་པ་རྣམས་ཏག་ཏག་རེད་དམ་ཞེས་དྲིས་བྱུང་།  དེ་དག་ལ་བསྐྱར་ཞིབ་ཅིག་བྱས་པ་ཡིན། དེའི་རྗེས་སུ་ངས་མིང་རྟགས་འགོད་རོགས་ཟེར། མིང་རྟགས་བརྒྱབ་པ་ཡིན། མིང་རྟགས་བརྒྱབ་མ་ཐག་ཏུ་དེ་སྔོན་ནས་ཡོད་པའི་མིང་རྟགས་དེ་དང་གསར་པ་གཉིས་གཤིབ་ཏེ་ཤར་བྱུང་།  དེའི་རྗེས་ནས་མོས་ང་ལ་ཡིག་ཤུབས་གཅིག་ལ་ངའི་གནས་ཚུལ་འཁོད་པའི་སྦྱང་བྱང་ཞིག་སྦྱར་ཏེ་ང་ལ་མིང་རྟགས་དང་ཟླ་ཚེས་འགོད་རོགས་ཟེར།  དེ་དག་གྲུབ་པ་དང་། མོའི་གཡོན་གྱི་རྨོ་ལགས་དེས་ངའི་ཤུབས་དེ་ལ་མིང་རྟགས་བཀོད་པ་དང་། མོ་རང་གིས་ཀྱང་མིང་རྟགས་བཀོད་ནས་ཡིག་ཤུབས་དེ་ང་ལ་སྤྲོད་བཞིན། ཕར་ངོས་ཀྱི་ཅོག་ཙེ་ལ་ཕེབས་དང་དེ་ནས་ཁྱེད་ཀྱི་འོས་ཤོག་པར་འདེབས་བྱེད་ཀྱི་རེད་ཟེར།

འདི་ནའང་མི་གཉིས་འདུག རེ་རེ་བཞིན་གྱིས་ངེད་ཀྱི་ལག་ཏུ་ཡོད་པའི་ཡིག་ཤུབས་ལ་བརྟག་དཔྱད་ནན་མོ་ཞིག་བྱེད། དེ་ནས་ཁོང་ཚོས་འོས་ཤོག་ཅིག་པར་འདེབས་བྱས་རྗེས་ཁོང་ཚོའི་གཡོན་ན་ཡོད་པའི་ལས་བྱ་བ་གཉིས་ལ་སྤྲད།  ལས་བྱ་བ་དེ་གཉིས་ཀྱིས་ཞིབ་ཏུ་བརྟག་དཔྱད་ཅིག་བྱེད་ཅིང་། དེ་ནས་འོས་ཤོག་དེ་ཇི་ལྟར་འཕེན་དགོས་པའི་འགྲེལ་བརྗོད་འདི་ལྟར། ཁྱེད་རང་འོས་འདེམས་སྤྱིལ་བུ་གང་རུང་ཞིག་ལ་འགྲོ་དགོས། དེ་ནས་འོས་རྟགས་རྣམས་ཚུལ་བཞིན་དུ་རྒྱག་དགོས། དེ་ནས་འོས་ཤོག་དེ་དཀྱིལ་ནས་ལྟེབ་རྩེག་ཅིག་བརྒྱབ་སྟེ་ཡིག་ཤུབས་ནང་དུ་བླུག་རོགས། ཡིན་ན་ཡང་ཁ་སྦྱར་ན་འགྲིག་གི་མ་རེད། ཁ་མ་སྦྱར་བར་ཕར་ངོས་ཀྱི་ལས་བྱ་བ་ཚོའི་མདུན་དུ་འཁྱེར་རོགས་ཞེས་བརྗོད་བྱུང་།

འོས་འདེམས་སྤྱིལ་བུ་དེ་ནི་མཐའ་ཚང་མ་ཡོལ་གོར་གྱིས་གཡོགས་པའི་ཅོག་ཙེ་ཞིག་རེད། ཁྱེད་རང་ནང་དུ་འཛུལ་རྗེས་གཞན་སུས་ཀྱང་མི་མཐོང་བ་ཞིག་རེད། ཅོག་ཙེའི་ངོས་ལ་ཡི་གེ་དང་རི་མོ་གཉིས་ཀ་བཀོལ་འདུག དེ་དག་གིས་འོས་ཤོག་ལ་རྟགས་ཇི་ལྟར་འདེབས་པའི་ཚུལ་བསྟན་འདུག རྟགས་གང་ཞིག་ནི་རུང་བ་དང་རྟགས་གང་ཞིག་ནི་མི་རུང་བ། འོས་འདེམས་སྟངས་ཇི་ལྟར་ཡིན་པ་སོགས་ཁ་གསལ་དུ་བཀོད་འདུག ངས་ལམ་སྟོན་རྣམས་རེ་རེ་བཞིན་བཀླགས་གྲུབ་རྗེས་གཞི་ནས་འོས་ཤོག་ལ་རྟགས་བརྒྱབ་པ་ཡིན། དེ་ནས་རང་གི་འོས་ཤོག་དེ་ལྟེབ་རྩེག་གིས་ཡིག་ཤུབས་ནང་དུ་བླུག དེ་ནས་ཡིག་ཤུབས་འཁྱེར་ཏེ་ཕྱི་རོལ་གྱི་ལས་བྱ་བའི་མདུན་ལ་ཕྱིན་པ་ཡིན།

ཕྱི་རོལ་པའི་ལས་བྱ་བས་ང་ཚོས་ཁྱེད་ཀྱི་ཡིག་ཤུབས་འདི་ལ་ལག་པ་འཆང་ཆོག་གི་མེད། ཡིག་ཤུབས་ནང་ལ་འོས་ཤོག་ཡོད་དམ་ཞེས་དྲིས་བྱུང་། དེ་ལ་ཡོད་ཅེས་ལན་བཏབ་པ་ཡིན། དེས་ན་འབྱར་རྩི་འདིས་ཡིག་ཤུབས་ཀྱི་ཁ་སྦྱར་རོགས་གནང་ཟེར། ངས་དེ་ལྟར་སྦྱར་བ་ཡིན། དེ་ནས་ངའི་མདུན་གྱི་རྨོ་ལགས་དེས་ཡིག་ཤུབས་ཀྱི་སྟེང་དུ་མིང་རྟགས་དང་ཟླ་ཚེས་བཏབ། མོའི་ལས་རོགས་ཀྱིས་ཀྱང་དེ་ལྟར་མིང་རྟགས་བཏབ། དེ་ནས་འོས་ཤོག་ཅན་གྱི་ཡིག་ཤུབས་དེ་ངའི་ལག་ཏུ་བཞག་བྱུང་།  ངས་དེ་འཁྱེར་ནས་འོས་སྒམ་ཡོད་ས་ལ་ཕྱིན་པ་ཡིན། དེར་ཡང་རྨོ་ལགས་ཤིག་འགྲེངས་ནས་འདུག  མོས་འོས་ཤོག་དེ་འོས་སྒམ་དུ་ཇི་ལྟར་འཕེན་དགོས་པའི་ལམ་སྟོན་གནང་བྱུང་། དེ་ལ་གུས་ལུགས་བཅས་འོས་ཤོག་དེ་འོས་སྒམ་དུ་འཕངས་པ་ཡིན།  དེ་ནས་མོས་ “ངས་འོས་འདེམས་བྱས་པ་ཡིན། ཁྱེད་ཀྱིས་འོས་འདེམས་ཨེ་བྱས།” ཞེས་པའི་ཡིག་འབྲུ་འཁོད་པའི་བྲང་འདོགས་སྦྱར་བྱང་ཞིག་ང་ལ་སྤྲད་བྱུང་།

འོས་ཤོག་ནི་རིན་ཐང་ཆེ། འོས་འདེམས་ནི་རིན་ཐང་ཆེ། དེ་ལས་ཀྱང་བརྒྱུད་རིམ་འདི་རིན་ཐང་ཆེ་བ་ལ།

ལྷུག་རྩོམ།

Post navigation

Previous Post: གནམ་མཐའི་མཚོ་འགྲམ་དུ།
Next Post: “གྲྭ་ཆས་གྱོན་བཞིན་དུ་འཁྲིག་པ་སྤྱོད་པ་དེ་འཛེམ་དགོས་འདུག” ད་ལོའི་ཆོས་རྒྱུད་ཀྱི་ཚོགས་འདུའི་ཐོག་ངེས་པར་དུ་གླེང་དགོས་པའི་བརྗོད་བྱ་འདི་རེད།

Comments (4) on “ཨ་རིའི་འོས་འདེམས་ལ་ཞུགས་པ།”

  1. བསམ་ཤེས། says:
    2018-10-23 at 9:29 pm

    ཡག་པོ་འདུག འོས་འདེམས་ལ་ཞུགས་པ་དེ་ལེགས། ངས་སྔོན་མ་བོད་པའི་འོས་འདེམས་ལ་ཞུགས་དུས། དང་པོ་སེམས་ནང་། སྤེན་ཚེ་དང་བློ་སེང་གཉིས་ནས་སུས་རྒྱལ་བ་རིན་པོ་ཆེའི་ཁ་ལ་ཉན་གྱི་རེད་དམ་ཅེས་བསམ་བློ་ཐོག་མར་འཁོར་བྱུང་། བློ་སེང་མི་དྲེབ་ཏོ་རེ། སྤེན་ཚེ་ཡང་མི་ཡག་པོ་ཞིག་མ་རེད། དྲི་བ་དེ། ལྟས་ངན་དེ་གཉིས་ངའི་འོས་ཤོག་གི་བདམ་བྱའི་ནང་ལ་ཇི་ལྟར་བསླེབས་སམ་ཞེས་དྲི་བ་བསླེབས་ནས། དོན་མེད་ཁོང་ཁྲོ་མེ་ལྟར་འབར་བཞིན། འོས་དེ་ཁུག་མའི་ནང་ལ་བླུགས་ནས་ལོག་ཡོང་བ་ཡིན།

    ད་ལྟ་ལྟོས་དང་། ལྟས་ངན་དེ་གཉིས་ཀྱི་བོད་པའི་སྤྱི་ཚོགས་དེ་ཁྲག་ལྟར་དཀྲུགས་སོང་།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-23 at 10:24 pm

    ཡག་པོ་རེད་ཨ་རིའི་འོས་འདེམས་ལ་ཆ་ཤས་ལེན་མཁན་དང་རྒྱ་གར་གྱིས་འོས་འདེམས་ལ་ཆ་ཤས་ལེན་མཁན་དང་རྒྱ་ནག་གི་འོས་འདེམས་ལ་ཆ་ཤས་ལེན་མཁན་དང་བལ་ཡུལ་གྱིས་འོས་འདེམས་ལ་ཆ་ཤས་ལེན་མཁན་དང་ཕྱིའི་རྒྱལ་ཁབ་བོད་མི་གནས་སྡོད་ལུང་པ་ཚང་མའི་ནང་ཡོད་པའི་བོད་མི་ཚོའི་གནས་ཡུལ་རྒྱལ་ཁབ་ཀྱིས་འོས་བསྡུའི་ཆ་ཤས་ལེན་མཁན་ཚང་མར་བཀྲིས་བདེ་ལེགས་ཡོད་ཐུགས་རྗེ་ཆེ་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-24 at 12:20 am

    འོས་བསྡུ་དང་འབྲེལ་བའི་གླེང་གཞི་འདིའི་ཐོག་ཉེ་ལམ་སྤྱི་འཐུས་གྲོས་ཚོགས་ནས་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་སོང་བའི་ནང་སྲིད་སྐྱོང་ལ་འོས་གཞི་གཉིས་འཇོག་རྒྱུ་ཟེར་བ་དེ་ག་འདྲ་ཡིན་ཤེས་
    མ་སོང་ན་སྔོན་འགྲོའི་འོས་དམིགས་འདོན་མཁན་ཚོགས་ཆུང་ཡོད་ན་འོས་དམིགས་ལ་ཚད་བཟོ་ཆོག་པ་དང་སྔོན་འགྲོའི་འོས་དམིགས་འདོན་
    མཁམ་ཚོགས་ཆུང་མེད་པར་མི་མང་ནས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་འདེམས་དགོས་པའི་ལམ་ལུགས་འདིའི་ནང་སྲིད་སྐྱོང་ལ་
    འོས་གཞི་གཉིས་ཟེར་བ་ནམ་ཡང་ཡོང་རྒྱུ་མེད་པ་ནི་མི་མང་ནས་འོས་
    གཅིག་པ་མི་ལྔ་ལ་འཕེན་ཡོད་ན་མི་གསུམ་ག་འདྲ་བྱས་ནས་བཀག་ཐུབ་ཀྱི་རེད་འདི་དྲི་བ་ཆེན་པོ་ཞིག་མ་རེད་དམ་།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-24 at 8:43 am

    སྤྱི་འཐུས་གྲོས་ཚོགས་ནས་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་བའི་གནས་ཚུལ་གོ་རྒྱུ་འདུག་ཀྱང་བཅའ་ཁྲིམས་ལ་བསྐྱར་བཅོས་མ་གནང་་བར་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་ག་འདྲ་བྱས་ནས་གནང་བ་ཡིན་ནམ་མ་གཞི་ཁྲིམས་སྒྲིགས་ལ་བསྐྱར་བཅོས་སོང་བ་དེ་ཚོ་མི་མང་གི་ཤེས་དགོས་ཀྱི་མེད་པ་ཡིན་ནམ །

    ༧

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme