Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 ཝཱཎ་སློབ་ཆེན་གྱི་ཀ་ཆེན་ཞིག་འགྱེལ་སོང་། 

Posted on 2018-09-24 By ཁ་བརྡ 21 Comments on  ཝཱཎ་སློབ་ཆེན་གྱི་ཀ་ཆེན་ཞིག་འགྱེལ་སོང་། 

ཨཱ་ཙཱརྱ་ཨག་ལོད་ཀྱིས།
 
ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ། ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྒྲ་འགྱུར་སྡེ་ཚན་གྱི་འགན་འཛིན་ལོ་ཙཱ་བ་བློ་བཟང་ནོར་བུ་ཤཱསྟྲི་མཆོག་༢༠༡༨།༩།༢༡།ཞོགས་པའི་ཆུ་ཚོད་༧ཐོག་འདས་གྲོངས་སུ་ཕྱིན་འདུག

དེ་ཡང་ལོ་ཙཱ་བ་ཁོང་ནི་བོད་འདམ་གཞུང་དུ་སྐུ་འཁྲུངས་པ་དང་། ཆུང་བྱིས་པའི་དུས་ནས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས། རིམ་པས་མ་སུ་རི་སློབ་གྲྭ་སོགས་སུ་གཞི་རིམ་དང་འབྲིང་རིམ་གྱི་སློབ་སྦྱོང་གནང་། ཕྱིས་སུ་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་དུ་འཛུལ་བཞུགས་གནང་ནས་དེ་གར་ནང་པའི་གཞུང་ལུགས་གཙོས་པའི་གནའ་དེང་ཤེས་བྱའི་གནས་ལ་སྦྱངས་པ་ཆེར་སྐྱེད་གནང་།   དམིགས་བསལ་ཝཱཎ་ལེགས་སྦྱར་གཙུག་ལག་སློབ་ཆེན་ནས་ལེགས་སྦྱར་ཐོག་ཤཱསྟྲ་སློབ་མཐར་ཕྱིན།དེ་རྗེས་ཝཱཎ་མཐོ་སློབ་ཀྱི་སྒྲ་འགྱུར་སྡེ་ཚན་དུ་ད་བར་ཕྱག་ལས་རླབས་པོ་ཆེ་གནང་།བར་སྐབས་ཤིག་ལ་གཙུག་ལག་སློབ་ཆེན་དེའི་དཔལ་ལྡན་ཉེ་བའི་རིགས་བདག་གི་ཕྱག་ལས་ཀྱང་འགན་བཞེས་གནང་།  མདོར་ན། ཁོང་ནི་དེང་གི་བོད་ཀྱི་སྤྱི་ཚོགས་ནང་བོད་ཡིག་དང་ལེགས་སྦྱར། ཧིན་དྷིའི། པཱ་ལི། དེ་བཞིན་དབྱིན་ཇི་སྟེ། སྐད་རིགས་བཞི་ལ་བྱང་ཆུབ་པའི་དུས་རབས་འདིའི་དོན་ལྡན་གྱི་ལོ་ཙཱ་བ་ཞིག་ལགས།

ཁོང་སྐུ་འཚོ་བཞུགས་ཀྱི་སྐབས། ལེགས་སྦྱར་གྱི་སྒྲ་གཞུང་དགའ་བྱེད་ཟླ་ཟེར་ནས་མཚམས་སྦྱོར་ལྔ་པའི་ལེའུ་བར་བ་སྒྲ་བསྒྱུར་དང།  སྒྲ་ཀཱ་ལོ་པའི་ཨཎུའི་རྩ་འགྲེལ་ལས་ལེའུ་ལྔ་པ་དང་དྲུག་པ་བོད་བསྒྱུར་མཛད་པ། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པ་བརྒྱ་པ་ལེགས་སྦྱར་ལས་བོད་དུ་བསྒྱུར་བ། དེ་བཞིན་སློབ་དཔོན་རྟ་དབྱངས་ཀྱི་གཞུང་རྡོ་རྗེའི་ཁབ་དང་ཕྱི་རོལ་གསང་བ་བའི་རྡོ་རྗེ་ཁབ། ཅེས་པའི་གཞུང་གཉིས་སྒྲ་བསྒྱུར་གནང་བ། འཕགས་པ་གནས་བརྟན་སྡེ་བའི་མདོ་པཱ་ལིའི་སྐད་ནས་བོད་སྐད་དུ་ཕབ་པ། སྨ་གཞུང་རྩ་ར་ཀའི་མདོ། ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་གནང་བ་སོགས་མང་།

གཞན་ཡང་དམ་པ་ཁོང་གིས་དངོས་ཤུགས་བརྒྱུད་གསུམ་དུ་སྒྲ་བསྒྱུར་སློབ་མ་མི་ཉུང་བ་ཞིག་ལ་ལམ་སྟོན་གནང་ཡོད་ལ། ལྷག་པར་བོད་ནས་འབྱོར་ཞིང་ཧིན་སྐད་ལ་རྒྱུས་མངའ་དེ་ཙམ་མེད་པའི་སློབ་ཕྲུག་ཁོ་བོ་ལྟ་བུའི་རིགས་ལ་ལེགས་སྦྱར་གྱི་སྐད་ཡིག་བོད་སྐད་ཐོག་ནས་འཆད་ཁྲིད་གནང་བ་སོགས་དམ་པ་གང་གི་མཛད་པ་སྙིང་བསྡུས་བཞུགས་སོ། །

ངོ་སྤྲོད།

Post navigation

Previous Post: ༢༠༡༨།༩།༢༡ སྐབས་ ༡༦ སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༦ པ། ལས་ཉིན་ ༤ ཚོགས་ཐུན་ ༡
Next Post: ༢༠༡༨།༩།༢༢ སྐབས་ ༡༦ སྤྱི་ལྷན་གྲོས་ཚོགས་ཚོགས་དུས་ ༦ པ། ལས་ཉིན་ ༥ ཚོགས་ཐུན་ ༡

Comments (21) on “ ཝཱཎ་སློབ་ཆེན་གྱི་ཀ་ཆེན་ཞིག་འགྱེལ་སོང་། ”

  1. ལྷག་པ། says:
    2018-09-24 at 12:15 am

    ཝཱཎ་གཅིག་པུའི་ཀ་ཆེན་མ་རེད། བོད་ཀྱི་ཀ་ཆེན་རེད། ཁོང་ཞི་དབྱིངས་སུ་གཤེགས་པར་མྱ་ངན་ཞུ། ཆབས་ཅིག་ཞུ་རྒྱུར་གསར་འགྱུར་རྒྱུད་ལམ་ཁག་ལ་གཟིགས་དང་། ཁོང་གི་འཁྲུངས་ཡུལ་གང་དུའང་བཀོད་མི་འདུག སྐུ་ཞབས་ཨཱ་ཙཱརྱ་ཨག་ལོད་ལགས་ཐུགས་རྗེ་ཆེ། ཁྱོད་ཀྱིས་ཁོང་གི་འཁྲུངས་ཡུལ་བཀོད་འདུག ང་ཚོའི་གསར་འགྱུར་རྒྱུད་ལམ་ཁག་ལ་ན་ཚ་ཞིག་འདུག སྙན་གྲགས་ཅན་འགའི་ཡུལ་ལུང་ས་བསྒྲགས་གནམ་བསྒྲགས་བྱེད་པ་དང་། ཡང་སྙན་གྲགས་ཅན་འགའི་ཡུལ་ལུང་གསལ་འགོད་མ་བྱས་པར་མག་མོག་ཏུ་བཞག་གི་འདུག
    ངས་རེ་ཞིག་རེ་རེ་བཞིན་དཔེ་མཚོན་ཤོད་ཀྱི་མིན། རྗེས་སུ་ཚང་མས་དོ་སྣང་གནང་དང་། ག་ལེར་མཁྱེན་ཡོང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2018-09-24 at 1:13 am

    སྔར་བོད་ཀྱི་ལོ་ཙ་བ་བཀའ་དྲིན་ཅན་གྱི་ཡང་སྲིད་མཚན་མེད་སྐྱེ་སྤྲུལ་ཞིག་གྲོངས་པ་རེད་ཟེར་ན། མི་འགྲིགས་པ་མེད་དོ། དམ་པ་ཁོང་ལ་མྱ་ངན་གུས་དུད་ཞུའོ།།

  3. ཁ་ཞེ་གཉིས་མེད་ says:
    2018-09-24 at 9:49 am

    ནོར་བུ་ཞིག་མེད་པ་ཆགས་པར་མྱ་ངན་ཞུ། ཁོང་གི་སྐུ་སྐྱེ་རྗེས་མ་དེ་སླར་ཡང་བོད་མིའི་སྤྱི་ཚོགས་ནང་འཁྲུངས་ནས་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་ཡོད། ཁོང་དགུང་གྲངས་ཇི་ལ་གཤེགས་པ་འདིར་བཀོད་ན་མཁས་པའི་དབང་པོ་གཞན་རྣམས་ཀྱིས་དུས་ཚོད་གཉན་འཕྲང་འདིའ་སྐབས་འཕྲོད་བསྟེན་ལ་ཐུགས་སྣང་ཆེར་བསྐྱེད་ཡོང་བར་སྐུལ་མ་ཡོང་ངེས།

  4. ཀརྡོ་གཉེར་ཕྱག་པ་ says:
    2018-09-24 at 2:34 pm

    ལོ་ཙ་པ་བློ་བཟང་ནོར་བུ་ཤཱསྟྲིའི་སྐོར་ལ།
    https://www.rfa.org/tibetan/sargyur/lobsang-norbu-09212018151941.html

  5. རིན་ཆེན་ says:
    2018-09-25 at 2:13 am

    གུས་འདུད་ཞུ། མྱ་ངན་ཞུ།

  6. ལ་དྭགས་འཇམ་དཔལ།། says:
    2018-09-27 at 9:01 am

    ལོ་ཙ་པ་བློ་བཟང་ནོར་བུ་ཤཱསྟྲྲི་མཆོག་སྐུ་གཤེགས་པར་བོད་རིག་གཞུང་ལ་འགོད་ཁ་བྱུང་། འོན་ཀྱང་བྱ་ཐབས་ཅི་ཡོད། བོད་ཀྱི་སློབ་བུ་དབུལ་པོ་རྣམས་ལ་གཟིགས་རྟོག་མཛད་པས་བསོད་ནམས་ཀྱང་བསགས་སོ།

  7. ལག་བརྡ། says:
    2018-09-27 at 12:50 pm

    ལྷག་པ་ལགས་ནས་གསུངས་པ་ལྟར་མོས་མཐུབ་ཡོད།

  8. ཀརྡོ་གཉེར་ཕྱག་པ་ says:
    2018-09-28 at 12:52 am

    བློ་བཟང་ནོར་བུ།
    བློ་གྲོས་བཟང་ཡང་སྐུ་ཚེ་ཐུང་། །
    བཟང་ནོར་ཚང་ཡང་ནད་ཀྱིས་བཅོམ། །
    ནོར་དང་མནོར་འབྱེད་མཁས་ཀྱང་། །
    བུ་ཁྱོད་དར་ཡང་འགྲོ་སྔ་སོང་། །

    བློ་གྲོས་བློ་བཟང་རྒྱལ་བའི་བསྟན་ལ་བརྟེན། །
    བཟང་རྒུ་སྨན་དགུས་ལུས་འཕྲོད་སྨན་ལ་བསྟེན། །
    ནོར་མཆོག་འཕགས་ནོར་བདུན་གྱིས་ཕྱུག་གྱུརད་་ཀྱང་། །
    བུ་ཁྱོད་རེ་ལྔར་ཕེབས་པར་མྱ་ངན་ཞུ། །

  9. ཀརྡོ་གཉེར་ཕྱག་པ་ says:
    2018-09-28 at 1:22 am

    བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་སྐུ་གཤེགས།
    མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་སྐུ་གཤེགས།
    བོད་ཀྱི་དུས་བབ། སྐར་མ ༤ སྔོན་ལ། རིག་པ། (༠)
    http://tibettimes.net/2018/09/28/172419/
    ་
    བདག་གི་རྫོགས་ཆེན་བླ་ཆེན་མཁས་དབང་ནམ་མཁའི་ནོར་བུ་མཆོག་༸སྐུ་གཤེགས་པར་མྱ་ངན་གུས་དུད་ཞུ།། །།

  10. ཀརྡོ་གཉེར་ཕྱག་པ་ says:
    2018-09-29 at 12:46 am

    བོད་སྐད་སྡེ་ཚན། | གསར་འགྱུར།
    མཁས་དབང་ནམ་མཁའི་ནོར་བུ་རིན་པོ་མཆོག་དགུང་ལོ་༨༠་ཐོག་སྐུ་གཤེགས་འདུག
    https://www.rfa.org/tibetan/sargyur/namkhai-norbu-09282018135345.html

  11. ཀརྡོ་གཉེར་ཕྱག་པ་ says:
    2018-09-29 at 12:56 am

    ནམ་མཁའི་ནོར་བུ་མཆོག
    ནམ་ཡང་མི་བརྗེད་རང་སེམས་རྡོར་བརྐོས་མཁའ། །
    མཁའ་ལྟར་ཡངས་པའི་བློ་གྲོས་བྱིན་པའི་ནོར། །
    ནོར་བུ་ཁྱོད་འདྲའི་སླར་ཡང་བྱོན་དཀའི་བུ། །
    བུ་ཁྱོད་ཡང་སྲིད་འཕྲུལ་བྲལ་མྱུར་བྱོན་ཤོག
    ་
    ནམ་ཡང་སླུ་བ་མེད་པའི་དཀོན་མཆོག་གསུམ། །
    མཁའ་འི་ཉི་ཟླ་སྐར་གསུམ་ལས་ལྷག་པའི། །
    ནོར་མཆོག་འཕགས་ནོར་ཨི་ཊའི་ཡུལ་ནས་སྤེལ། །
    བུ་མཆོག་མཆོག་སྤྲུལ་སྤྲུལ་གསར་གསར་སྤྱོནད་ཤོག །
    ་
    ཁ་བརྡར་རྫོགས་ཕྲུག་ཐ་ཤལ་བ་ཀརྡོས།

  12. ཀརྡོ་གཉེར་ཕྱག་པ་ says:
    2018-10-01 at 9:59 am

    བོད་ཀྱི་དུས་བབ། > Mobile App > ཆོས་རྒྱལ་ནམ་མཁའི་ནོར་བུ་རྗེས་དྲན་གྱི་གཏམ།
    ཆོས་རྒྱལ་ནམ་མཁའི་ནོར་བུ་རྗེས་དྲན་གྱི་གཏམ།
    བོད་ཀྱི་དུས་བབ། ཆུ་ཚོད་ ༡༠ སྔོན་ལ། རིག་པ། (༡)
    http://tibettimes.net/2018/10/01/172438/

  13. ཀརྡོ་གཉེར་ཕྱག་པ་ says:
    2018-10-01 at 10:00 am

    བོད་ཀྱི་དུས་བབ། > Mobile App > ཆོས་རྒྱལ་ནམ་མཁའི་ནོར་བུ་རྗེས་དྲན་གྱི་གཏམ།
    ཆོས་རྒྱལ་ནམ་མཁའི་ནོར་བུ་རྗེས་དྲན་གྱི་གཏམ།
    རྫ་ཚེ་རིང་བཀྲ་ཤིས།

  14. ཀརྡོ་གཉེར་ཕྱག་པ་ says:
    2018-10-01 at 10:05 am

    ་་་་་་་་་་་ རྒྱུས་ཡོད་ཚོས་བཤད་པ་ལྟར་ན། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཁག་ཏུ་སྔར་བོད་ཀྱི་སྡེ་ཚན་ཟུར་དུ་མེད་པར་རྒྱ་དཀར་ནག་གང་རུང་གི་ཁོངས་སུ་བསྡུ་སྲོལ་ཡོད་པ་ལ། ཕྱིས་བོད་པའི་སྡེ་ཚན་ཟུར་དུ་བཙུགས་པའི་ཐད་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད་ཟེར། ་་་་་་་་་་་་་ ཟེར།
    ་
    ང་ཚོ་ཧང་གྷ་རིའི་མཐོ་སློབ་ཏུ་ངས་ཀྱང་ཐང་མ་མང་པོ་རྩོད་ཀྱང་དགོས་དོན་བསྒྲུབ་ཐུབ་མེད།

  15. ལ་དྭགས་འཇམ་དཔལ།། says:
    2018-10-01 at 10:29 am

    ཕལ་ཆེར་ལོ་ངོ་ཉི་ཤུ་ཙམ་སྔོན། ཀོ་ལམབིཡ་སློབ་གྲ་ཆེན་མོར་གསུང་བཤད་རྗེས་སུ། སློབ་མ་རྣམས་ཀྱིས་གདན་ཞུས་བཞིན་བདག་ཀྱང་དེར་ཡོད་པ་ན། འོང་དང་ཡོང་ཡི་གེ་འབྲི་ཚུལ་གླེང་མོལ་ཞུས་པ་ན།་ཁམས་སྐད་དུ། འོང་མ་གཏོགས་ཡོང་ཞེས་མི་ལབ་ཅེས་གསུངས། གཞན་དང་མི་འདྲ་བའི་མཁས་དབང་སྑུ་གཤེགས་པར་སླར་ཡང་འགྲོ་བའི་དོན་ལ་བྱོན་པར་མཛོད།

  16. ཀརྡོ་གཉེར་ཕྱག་པ་ says:
    2018-10-02 at 2:06 am

    སྐུ་གཤེགས་མྱ་ངན་གུས་དུད་གསར་འགྱུར་ནང་ལ།
    https://www.rfa.org/tibetan/

  17. ལག་བརྡ། says:
    2018-10-03 at 7:40 am

    གུས་འདུད་ངང་ནས་སྨོན་ལམ་འདོན་པར་ཞུ།

  18. ལ་དྭགས་འཇམ་དཔལ།། says:
    2018-10-05 at 11:36 pm

    ལོ་ངོ་༥༠་ང་གྲངས་སྔོན་དུ། བློ་བཟང་ནོར་བུ་ཤསྟྲཱི་ཝཱ་རཱ་ཎ་སཱི་ན་སློབ་གཉེར་པ་ཡིན་པའི་རྗེས་དྲན་ཆེད། ཀ་རྡོ་མཆོག་གི །རྫོགས་ཆེན་བླ་ཆེན་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས། ཞང་ཞུང་གི་རྣམ་དབྱེ་༣་པ་དང་༦་པ་དང་། སྐུ་གཤེགས་བོད་ཀྱི་མཁས་དབང་རག་ར་རིན་པོ་ཆེས་ལ་དྭགས་ཕལ་སྐད་དུ། ཀྱི་གི་གྱི་འི་ཡི་རྣམས་ཟུར་ཆག ཨི་རྐྱང་པ་ལུས་པ་དེ་རྗེས་འཇུག་གང་གང་ཡིན་ལ་ཞུགས་ཏེ། ཆོས་ཀྱི་ལ། ཆོ་སི། དབྱར་གྱི་ལ། དབྱ་རི། དཔེར་ན། རྒྱལ་བ་ལ། རྒྱ་ལ། རིལ་བུ་ལ། རི་ལུ། ཞེས་པ་ལྟ་བུ། འོང་ཀྱང་ལ་དྭགས་པ་འགའ་ཞིག་གིས། ཆོས་སི། འབྲི་བ་ནི། ཁ་སྐད་ལེགས་པར་མཉན་མེད་པར་མངོན་ནོ། ནམ་མཁའི་ནོར་བུ་མཆོག་གིས། ཞང་ཞུང་གི་རྣམ་དབྱེ་༣་པ་དང་༦་པ་ཇི་ལྟར་གསུངས་པ་ནི་དངོས་སུ་མ་མཐོང་བ་ལགས་པས། གཅིག་ཆ་ན། ཀ་རྡོ་མཆོག་གིས་ཁ་བརྡར་འགོད་པར་སྐུ་ངལ་མཛད་ཐུབ་བམ། ༡༩༣༣་ལ་སྐྱེས་པ། གྱི་ན་པས་བྲིས་སོ།

  19. ཀརྡོ་གཉེར་ཕྱག་པ་ says:
    2018-10-06 at 4:15 am

    https://bo.wikipedia.org/wiki/%E0%BD%9E%E0%BD%84%E0%BC%8B%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A1%E0%BD%B2%E0%BC%8B%E0%BD%82%E0%BD%BA%E0%BC%8B
    ་
    http://www.rgbm123.com/history/dynasty/206.html
    ་
    http://www.abztb.com/index.php?m=content&c=index&a=show&catid=29&id=18&page=7
    ་
    https://www.bondilan.org/%E0%BD%9E%E0%BD%84%E0%BC%8B%E0%BD%9E%E0%BD%B4%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A6%E0%BE%90%E0%BD%91%E0%BC%8B%E0%BD%A1%E0%BD%B2%E0%BD%82%E0%BC%8B%E0%BD%82%E0%BD%84%E0%BC%8B%E0%BD%A1
    http://www.abztb.com/index.php?m=content&c=index&a=show&catid=29&id=18&page=7
    ་

  20. ཀརྡོ་གཉེར་ཕྱག་པ་ says:
    2018-10-06 at 4:58 am

    https://www.amazon.com/Zhang-Zhung-Seibert-Hummel/dp/8186470247
    ་
    ང་ལ་ཡོད་པའི་ཞང་ཞུང་སྐོར་གྱི་དེབ་ནི་འདི་རེད། མཁས་དབང་ནམ་ནོར་མཆོག་གི་བྲིས་པ་དག་ད་ལྟ་རྙེད་མ་སོང་བས། འདིར་བཀོད་ཐབས་བྲལ། དེར་རྣམ་དབྱེ་སྐོར་ལ་མི་དྲན་ཡང་། ལ་དོན་སུ་ར་རུ་དུ་ན་ལ་ཏུ་ཡི་སྒང་ད་དུང་ཏི་སོགས་མང་དག་ཅིག་བྲིས་པར་མཐོང་། ཞང་ཞུང་སྐད་ཞིག་བྱུང་ཡོད་པ་ལ་རྩོད་པ་མེད། ཡི་གེ་ཡང་ཡོད་སྲིད། གང་ཡིན་ཟེར་ན། བོད་ཡིག་གི་ར་མགོ་ལ་མགོ་ས་མགོ་དང་། ཡ་བཏགས་ར་བཏགས་ལ་བཏགས་དང་། སྔོན་རྗེས་ཡང་འཐུག་གི་དཔེ་ལྟ་ས་ཞིག་ཀྱང་རྙེད་འོངས་སྲིད་པས་སོ།།

  21. ཀརྡོ་གཉེར་ཕྱག་པ་ says:
    2018-10-06 at 5:06 am

    ཞང་སྐད་དང་། བོན་ཆོས་ནི། ནང་པ་སངས་རྒྱས་པའི། སངས་རྒྱས་གསུམ་པ་འོད་སྲུངས་ཀྱི། གསུང་སྐད་དང་། དེའི་ཆོས་དང་དཔེ་ཟླར་སོང་འདུག་ཀྱང་་་་་ ད་དུང་དཔྱད་རྒྱུ་མང་པོ་ཞིག་ལྷག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme