Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མིག་ཆུ་ཐེངས་གསུམ།

Posted on 2010-06-06 By དབང་ཕྱུག་ No Comments on མིག་ཆུ་ཐེངས་གསུམ།

རྔ་གཡང་ཕྱུག་མོ།

མིག་ཆུ་དང་པོ།
དོན་འགྲུབ་དབང་ཆེན།

ཆེས་འཚོ་བ་དཀྱུས་མ་ཞིག་ནས་ཆེས་རླབས་ཆེན་གྱི་ལས་ཀ་བྱེད་མཁན་ཞིག་སྟེ།ཁོང་གི་མིང་ལ་དོན་འགྲུབ་དབང་ཆེན་འབོད།ཁོང་ནི་བོད་ནས་རྒྱ་གར་དུ་ཡོང་བའི་གསར་འབྱོར་ཞིག་ཡིན་ཅིང་།ཁོང་གིས་བོད་ནང་གི་བོད་མིའི་བསམ་བློ་དངོས་ཇི་འདྲ་ཞིག་ཡིན་པ་དེ་དེ་བཞིན་དུ་རྒྱལ་སྤྱིར་སྟོན་རྒྱུ་ཆེས་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་མཐོང་སྟེ།རང་སེམས་ནས་ཐག་བཅད་དེ་ཁུ་སིམ་སིམ་ངང་བོད་དུ་བསྐྱོད།ཁྱོད་ཀྱིས་བོད་ནང་བོད་མིའི་གནས་སྟངས་དང་བོད་མིའི་སེམས་བསམ་པའི་གཏིང་གི་རེ་བ་དང་སྡུག་བསྔལ་ཅི་འདྲ་མྱངས་དང་མྱོང་བཞིན་པའི་གནས་ཚུལ་དག་དམར་དམར་རྗེན་རྗེན་དུ་རྒྱལ་སྤྱིར་བསྲིངས།ཡིན་ནའང་ཁྱེད་ཉིད་ཆེས་མུན་ནག་མུན་ནག་གི་བཙོན་དུང་ཞིག་ཏུ་བརྫིངས།
ཁྱོད་ཀྱི་ཆུང་མ་དང་བུ་མོ་སྤོ་བོ་དང་རྨོ་མོ་རྒྱ་གར་རྡ་སར་བསྡད་ཡོད།ཁྱོད་ཀྱིས་ཆུང་མས་པག་ལེབ་བཙོངས་ཏེ་ནང་མིའི་ཁ་གསོ་བཞིན་པའི་གནས་སྟངས་དང་།ཁྱོད་ཀྱི་ཆུང་མ་དང་བུ་མོས་ཁྱོད་དང་ནང་གི་གནས་སྟངས་དངོས་གང་ཡིན་པ་དེ་གསར་ལམ་ཁག་ཏུ་རྗོད་དུས།ངའི་མིག་ཀོང་མཆུ་མས་བཀང་སྟེ་མིག་ཆུ་འཐོར་བ་མ་ཟད་རེ་ཞིག་འདང་རྒྱག་གི་ཀློང་དུ་ལྷུང་།དེ་ནི་ངའི་མི་ཚེའི་ནང་མིག་ཆུ་ཐེངས་དང་པོ་དེ་ཡིན།

མིག་ཆུ་གཉིས་པ།
སྐྱེ་རྒུའི་ས་འགུལ།

ལོ་ངོ་སྟོང་ཕྲག་མང་པོར་ནང་ཆོས་ལ་དད་པ་བྱེད་བཞིན་ཚུལ་མཐུན་ལུགས་མཐུན་ངང་ཆེས་གཉོམ་ཆུང་གི་འཚོ་བ་རོལ་བའི་མི་རིགས་ཞིག་སྟེ་མིང་ལ་བོད་པ་ཟེར།མི་རིགས་འདི་ནང་ཤེས་རིག་གི་ཐད་ཕྱུག་པོ་ཡིན་ཡང་།མིའི་སྤྱི་ཚོགས་ཀྱི་འཚོ་བ་དོན་གཉེར་གྱི་ཐད་ཧ་ཅང་ཧ་ཅང་གི་སྐྱོ་བོ་ཡིན།བོད་ལུང་པ་འདི་རྒྱ་ལག་ཏུ་ཞོར་ཏེ་ལོ་༥༠འདས་ཟིན་ཅིང་།ད་བར་མི་རིགས་འདིའི་རྒྱ་ལག་ནས་མྱངས་དང་མྱོང་བཞིན་པའི་སྡུག་བསྔལ་དག་ནི་ས་ཆེན་འདིའི་ནང་གི་སྡུག་ཤོས་སྡུག་ཤོས་ཀྱི་གྲས་རེད།
སྡུག་བསྔལ་དེའི་སྒང་ལ་སྡུག་གཞན་ཞིག་གནམ་ནས་ལྷུང་སོང་།དེ་ནི་སྐྱེ་དགུ་མདོའི་ས་འགུལ་རེད་ལ་ངའི་སྤུན་ཟླ་སྟོང་ཕྲག་མང་བོ་འཆི་ལམ་དུ་དེད་སོང་།ངའི་སྤུན་ཟླའི་ཕུང་བོ་མེར་སྲེག་གི་དུ་བའི་ཁྲོད་དུ་རང་གི་མ་རྒན་དང་སྤུན་སྲིང་ཚོ་དྲན་གདུང་གི་སྐྱོ་བ་ཡིག་དྲུག་གི་དབྱངས་ལ་འགུགས་པའི་བུད་མེད་དཀྱུས་མ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེས་གཟིགས།རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་ཡང་ནས་ཡང་དུ་མཚན་ནས་འབོད་པ་མཐོང་དུས།ངའི་སེམས་ཁམས་ཧྲིལ་བོ་སློང་སློང་བོར་གྱུར་བ་མ་ཟད་མིག་ནས་མཆི་མ་མཁུར་གོང་བརྒྱུད་དེ་མཆུ་འགྲམ་དུ་ཐོན། དེ་ནི་ངའི་མི་ཚེའི་ནང་གི་མིག་ཆུ་ཐེངས་གཉིས་པ་དེ་ཡིན།

མིག་ཆུ་གསུམ་པ།
སྐུ་ཞབས་ཞོགས་དུང་།

ཤེས་ཡོན་གྱི་མིག་ཟུང་དེ་རང་ཉིད་ཁོ་ནས་འཚོ་བར་མ་བཀོད་པར་རང་གི་མི་རིགས་འདིའི་མདུན་ལམ་དང་ཆག་འཇིག་ཐད་དཀོད་མཁན་ཞིག་སྟེ་ཁོང་གི་མིང་ལ་ཞོགས་དུང་འབོད།ཁོང་གིས་ང་ཚོའི་རུས་གསེང་ན་འཐིམས་པའི་ལྟ་སྣང་གི་ཆོས་ལུགས་དང་འདྲེས་པའི་བག་ཆགས་ངན་རུལ་དང་གོམས་གཤིས་གནོད་སྐྱེལ་རིགས་ལ་དྲག་རྡུང་བྱས་ཏེ།བོད་མི་རིགས་འདི་འཇིག་རྟེན་འཚོ་སྡོད་ཐད་རྒྱལ་སྤྱིའི་རྣམ་པའི་གོ་རྟོགས་ངེས་ཅན་ཞིག་ཡོང་བང་ཧུར་ཐག་འབད་ཐག་བྱས།ད་དུང་རྒྱ་གཞུང་གི་བཙན་པོའི་དབང་ཡོད་འོག་མི་རིགས་འདིའི་མྱོང་བཞིན་པའི་དཀའ་སྡུག་དག་ཚེ་སྲོག་གཏའ་མར་བཞག་སྟེ་སྨྱུག་རྩེ་ནས་བཏོན་སོང་།ཡིན་ནའང་ཡོད་ཚད་ལ་དབང་ཤེད་བཀོལ་བཞིན་པའི་རྒྱ་གཞུང་གིས་ཁོང་གི་སྐེར་ལྩགས་ཐག་བསྐོན་ནས་བཙོན་ཁང་དུ་ཁྲིད་སོང་།
ཁྱོད་ཀྱི་ཤུལ་ན་ཆུང་མ་དང་བུ་མོ་ཡོད།ཉིད་ཀྱི་བུ་མོས་སྐུ་ཉིད་བཟུང་བའི་བརྒྱུད་རིམ་དང་སྐུ་གཟུགས་ཀྱི་གནས་བབ།ནང་གི་འཚོ་བ།གཉེན་ཉེ་དུའི་གནས་སྟངས།་དེ་དག་གི་མ་འོངས་པའི་འཚོ་བའི་ཐད་སེམས་ཁྲལ།ངའི་ཨ་ཕ་འཛིན་དགོས་པའི་ནག་ཉེས་ཚད་ལོང་ཞིག་མེད་པར་འདོད་ཅིང་།ཁྲིམས་ཐག་བཅད་སོང་ན་ཁྲིམས་རྩོད་པ་གླ་བ་དང་དེ་དག་གི་འགྲོ་སྟངས་འདུག་སྟངས་ཅི་ཡང་མི་ཤེས།ང་ཚོ་ལ་མི་རྒྱུ་གང་ཐད་ནས་རོགས་པ་བྱེད་མཁན་ཅི་ཡང་མེད།ཨ་ཕ་བཟུང་ཤུལ་ན་ང་ཚོ་བུད་མེད་སྐོར་ཞིག་མ་གཏོགས་མེད་དུས་ཅི་ཞིག་བྱེད་དགོས་མིན་མ་ཤེས་པར་བསྡད་ཡོད་ཟེར་བའི་མོ་སྐད་སྐྱོ་དུང་དུང་ཞིག་གི་དོན་དངོས་ཞིག་དྲང་གཉོམ་གྱིས་བཤད་ཡོང་དུས།ང་ལ་རང་དབང་ཅི་ཡང་མེད་པར་མིག་ཆུ་མིག་གོང་དུ་འཁོར་གྱིན་འདུགདེ་ནི་ངའི་མི་ཚེའི་ནང་གི་མིག་ཆུ་ཐེངས་གསུམ་པ་དེ་ཡིན།

རྩོམ་རིག

Post navigation

Previous Post: བསྟན་འཛིན་ནོར་འཛོམས། ༢༠༡༠ལོའི་བོད་ཀྱི་མཛངས་མ་།
Next Post: དབུ་མའི་ལམ་གྱི་མནབ་བཟའ།༼དགེ་རྒན་ཆབ་བྲག་ལྷ་མོ་སྐབས་ལགས་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ལ་བསམ་ཚུལ་སྤེལ་བ༽

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme