Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྒྱུར་བྱས་ཟིན་པའི་ Photoshop གཉིས་པ། Photopea.com

Posted on 2018-09-132018-09-13 By ཁ་བརྡ 5 Comments on བོད་སྒྱུར་བྱས་ཟིན་པའི་ Photoshop གཉིས་པ། Photopea.com

Photopea.com ཟེར་བའི་དྲ་གནས་འདི་ནི་དྲ་ཐོག་པར་བཟོའི་མཉེན་ཆས་ཞིག་ཡིན་པ་དང་། ལས་ཀ་བྱས་པའི་སྐབས་ photoshop ནང་བྱས་པ་དང་གཅིག་མཚུངས་འདུག ། བདུན་ཕྲག་གཉིས་སྔོན་ཚོད་ལྟ་བྱས་པའི་སྐབས་པར་བཟོའི་ལས་ཀ་སྟབས་པོ་ཡོང་ཐུབ་པ་དང། photoshop སྦྱོང་མཁན་དང་བེད་སྤྱོད་བྱེད་མཁན་རྣམས་ལ་ཧ་ཅང་ཕན་ཐོག་ཆེན་པོ་ཞིག་ཏུ་མཐོང་། མཉེན་ཆས་འདིས་ PSD, PDF དེ་བཞིན་དཔར་རིགས་ཀྱི་ཡིག་ཆ་སྣ་ཚོགས་ཁ་སྔོག་ཐུབ་པ་དང་བཟོ་སྒྲིག་བྱེད་ཐུབ། Photoshopནང་ཡོད་པའི་ ལག་ཆ་དང་ layer, effects, blend mode, Mask, Filter སོགས་གལ་ཆེའི་ལག་ཆ་དེ་དག་ཀྱང་ལྡན་འདུག

སྐབས་དེ་དུས་པར་བཟོ་གཞི་ཅི་རིགས་ཐུབ་མོད་འོན་ཀྱང་བོད་ཡིག་བཏགས་སྐབས་བོད་ཡིག་མི་འཆར་བ་དང་། འཆར་ཡང་བརྩེགས་ལྡོག་ལེགས་པོ་མི་ཡོང་བ་སོགས་ཀྱི་དཀའ་ངལ་འདུག །དེར་བརྟེན་དྲ་ཚིགས་འདི་བཟོ་མཁན་དང་གློག་འཕྲིན་རྒྱུད་འབྲེལ་བ་ཐེངས་མང་བྱས་ནས་ད་ཆ་བོད་ཡིག་ལ་ཕྱོགས་ཡོངས་ནས་རྒྱབ་བསྐྱོར་ཐོབ་པ་བྱུང་།

མཉེན་ཆས་དེའི་དམིགས་བསལ་ཁྱད་ཆོས་ནི་རིན་མེད་དུ་སྤྱོད་ཆོག་པ་དང་། གློག་ཀླད་ནང་སྒྲིག་འཇུག་དམིགས་བསལ་བྱེད་མི་དགོས། ཁྱེད་ལ་དགོས་པ་ནི་དྲ་ཚིགས་བལྟ་སའི་དྲ་མྱུལ་མཉེན་ཆས་ Chrome དང་དེ་ནས་དྲ་རྒྱ་ཡོད་ན་འགྲིག །ཁྱེད་ཀྱི་དྲ་ཚིགས་ཁ་བྱང་ photopea.com བཀོད་ནས་གཟིགས་དང་མཉེན་ཆས་དེ་ཐད་ཀར་སོ་སོའི་གློག་ཀླད་ཀྱི་ངོས་དང་། ཁ་པར། དེ་བཞིན་ཏེབ་ལེཊ་གྱི་ངོས་སུ་འཆར་ཐུབ།

Photopea.com དྲ་གནས་འདི་ནི་ photoshop སྤྱོད་བཞིན་པ་དང་ཨ་ན་མ་ན་རེད། མཉེན་ཆས་དེའི་ཐོག་གི་དབྱིན་ཡིག་རྣམས་གུས་པས་བདུན་ཕྲག་གཅིག་ཙམ་སྤྱད་ནས་བོད་སྒྱུར་ཆ་ཚང་ཐུབ་པ་བྱུང་། དེ་ཡིས་མཉེན་ཆས་ལེགས་པོ་དེ་བོད་ཡིག་ལམ་ནས་བེད་སྤྱོད་གཏོང་རྒྱུ་ཐུབ་པ་དང་ཕྱི་ནང་བོད་རིགས་གྲོགས་པོ་ཡོངས་ལ་ཕན་ཐོག་ཡོང་བའི་རེ་འདུན་ཡིན། གོང་གི་དྲ་གནས་དེ་གེའི་འདེམས་བྱའི་རྒྱུད་ More>Language>བོད་ཡིག ཟེར་བ་དེ་འདེམ་ན་མཉེན་ཆས་ཀྱི་སྒྲོམ་ངོས་ཆ་ཚང་བོད་ཡིག་ནང་འཆར་ཐུབ། སྒྲོམ་ངོས་ཀྱི་བོད་ཡིག་ཡིག་གཟུགས་རན་པོ་ཤར་བའི་ཆེད་ Chrome Setting ནང་ཡིག་གཟུགས་སྒྲིག་སྟངས་གཅིག་ཡོད་པས་བརྙན་ཟློས་ནས་གཟིགས་ཙམ་གནང་ན་ཤེས་ཐུབ།

དེ་བཞིན་དེ་རིང་ཞོགས་པ་མཉེན་ཆས་དེའི་སྟེང་སྨོན་ལམ་ཡིག་གཟུགས་ 13 དང་གུ་གུལ་གྱི་ཡིག་གཟུགས་ 1 བཅུག་ཐུབ་པ་བྱུང་། དེར་བརྟེན་ད་ནས་བཟུང་ང་ཚོས་པར་བཟོའི་མཉེན་ཆས་དེའི་ཐོག་བོད་ཡིག་ལམ་ནས་ཁྱེད་ཀྱི་ཉིན་རེའི་ཇུས་འགོད་ཅི་འདོད་དུ་གྲུབ་ཐུབ་པ་ཆགས་སོང་ཞེས་དགའ་སྤྲོ་འཁོལ་བཞིན་ཁྱེད་དྲ་གྲོགས་རྣམས་པར་ངོ་སྤྲོད་ཀྱི་ཚུལ་དུ་ཞུ།

མཉེན་ཆས་འདི་Photoshop དང་བྱེད་ལུགས་གཅིག་པ་རེད། འོན་ཀྱང་མཉེན་ཆས་འདི་སྤྱད་དེ་པར་བཟོ་སྒྲིག་བྱེད་སྟངས་ཤེས་འདོད་ཡོད་མཁན་ཚོར་དམིགས་ཏེ་བརྙན་སྟོན་སློབ་ཁྲིད་བཟོས་ཏེ་གུས་པའི་ཡུ་ཊུབ་དྲ་གནས་ www.youtube.com/hisonamdawa ཐོག་སྤེལ་བཞིན་ཡོད་པས་དེ་ནས་གཟིགས་ཐུབ་རྒྱུ་དང་ཤེས་རྒྱུ་ཡོད། བཀྲ་ཤིས་བདེ་ལེགས།

 

བསོད་ནམས་ཟླ་བས།

གློག་ཀླད་ཤེས་བྱ།

Post navigation

Previous Post: ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་སམ།
Next Post: རྒྱལ་སྤྱིའི་གཞོན་ནུའི་གྲོས་ཚོགས་ཐེངས་ལྔ་པ་ཨུ་རུ་སུའི་གྲོང་ཁྱེར་སན་པི་ཏི་པོག་ཏུ་ཚོགས་པ།

Comments (5) on “བོད་སྒྱུར་བྱས་ཟིན་པའི་ Photoshop གཉིས་པ། Photopea.com”

  1. བསམ་ཤེས། says:
    2018-09-13 at 4:31 pm

    བཀའ་དྲིན་ཆེ། ཁྱེད་ཀྱིས་ངོ་མ་ཕན་པ་བསྒྲུབས་འདུག ཤིན་དུ་སྟབས་བདེ་བ་དང་། འགྲོ་སོང་མེད་པར་བྱ་བ་རླབས་པོ་ཆེ་འགྲུབ་ཐུབ་པའི་གཉེན་ཆས་ཤིག་རེད།

  2. རིན་ཆེན་ says:
    2018-09-13 at 6:45 pm

    བཀའ་དྲིན་ཆེ།

  3. ཁ་ཞེ་གཉིས་མེད་ says:
    2018-09-13 at 10:13 pm

    བསོད་ནམས་ཟླ་བ་ལགས། ཐུགས་རྗེ་ཆེ། ཤེས་བྱ་འདིའི་རིགས་སྟབས་བདེའི་ངང་བེད་སྤྱོད་ཐུབ་སླད་བོད་ཡིག་ནང་དེབ་འདོན་པ་གནང་ན། དགེ་མཚན་ཆེན་པོ་ཡོང་ངེས།

  4. ཟུར་གནས། says:
    2018-09-13 at 11:45 pm

    ཧ་ལས་པ་རེད། བཀའ་དྲིན་ཆེ། ངས་མཉེན་ཆས་འདི་བཀོལ་ནས་ཐང་ག་བཅུ་ཙམ་བཞེངས་རྩིས་ཡོད།

  5. བློ་བཟང་༡༩༩ says:
    2018-09-14 at 12:12 pm

    ངའི་གློ་གླད་དེ་ཀུ་ཤུ་རྟགས་ཅན་ཡིན་ (Mac Book Pro) འདི་ནང་ཤར་ཐབས་ཞིག་ལམ་སྟོན་གནང་རོགས་གནང། མ་གཞི་ནས་ངས་(photoshop)དཔེ་སྤྱད་དང་ཤེས་ཀྱི་མེད། Mac Book ནང་photoshop ཕབ་ལེན་ག་འདྲ་བྱས་ན་ཡོང་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme