Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་སམ།

Posted on 2018-09-13 By ཁ་བརྡ 2 Comments on ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་སམ།

འོས་སྦྱོར་བ་གླིང་ལོ་མ་སེར་པོ།
 
ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་པར་འདོད་པ་དང་། མིའི་འདོད་བློ་མཐའ་དག་ཆོས་ལུགས་ཀྱིས་བསྐང་ནུས་སྙམ་པའི་ཀུན་སློང་ཞིག་རང་རེ་བོད་མི་རྣམས་ལ་ཡོད་པ་རེད། དུང་ཞེན་དེ་འདྲ་ཞིག་ཡོད་པའི་སྟབས་ཀྱིས་མི་ལོ་སྟོང་ཕྲག་གཅིག་ལྷག་རིང་ང་ཚོས་ཡོད་ཚད་ནས་ཡོད་ཚད་ཆོས་ལུགས་ཀྱི་ཕྱོགས་སུ་ཕུལ་བཞག་པ་རེད། ཐ་ན་དེ་རིང་ངས་འདི་ནས་ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་མི་ཐུབ་པ་དང་། མིའི་འདོད་བློ་མཐའ་དག་བསྐང་ནུས་ཀྱིན་མ་རེད་ཟེར་ནས་བཤད་པ་དེ་ཡང་བློ་ཡུལ་ལ་མི་ཤོང་མཁན་ཡོད་སྲིད་པ་རེད། 



ཡིན་ན་ཡང་། དེ་དག་དོན་དངོས་རེད། འགྲོ་བ་མིའི་རིགས་ཟེར་བ་འདི་འདོད་བློ་སྣ་ཚོགས་དང་ལྡན་པའི་སྤྱི་ཚོགས་ཤིག་གམ། ཡང་ན་ཉེར་མཁོ་འདྲ་མིན་དགོས་པའི་སྲོག་ཆགས་ཤིག་ཡིན་དུས། ཆོས་ལུགས་འདོད་བློ་སྣ་ཚོགས་དེ་དག་གི་ནང་ནས་འདོད་བློ་གཅིག་སྐོང་བྱེད་ཅིག་གམ། གནད་དོན་མང་པོའི་ནང་ནས་གནད་དོན་གཅིག་ཐག་གཅོད་བྱེད་རེད་མ་གཏོགས། གནད་དོན་ཡོད་ཚད་ཐག་གཅད་ཐུབ་པ་དང་འདོད་བློ་མཐའ་དག་བསྐང་ཐུབ་ཀྱིན་མེད་པ་གསལ་པོ་རེད། དེ་ལྟ་མིན་པར་ཡོད་ཚད་འདིས་ཐག་གཅོད་ཐུབ་སྙམ་པའི་ཨུ་ཚུགས་དེས་གར་ཡང་ཕྱིན་པ་མ་རེད། བུ་རམ་ལ་དགའ་བའི་གང་ཟག་ཅིག་གིས་ཟས་ཡོད་ཚད་ཀྱི་ཚབ་བུ་རམ་གྱིས་བྱེད་ཐུབ་ཟེར་ནས་ཨུ་ཚུགས་བྱས་བཞག་ན། དེས་བུ་རམ་གྱི་ཁྱད་ཆོས་འདོན་ཐུབ་ཀྱིན་མེད་པར་མ་ཟད་དེས་ལྡོག་ཕྱོགས་ཀྱི་ནུས་པ་མ་གཏོགས་དྲང་ཕྱོགས་ཀྱི་ནུས་པ་ཐོན་པ་ལས་ཅི་ཡང་ཡོད་པ་མ་རེད།

འོ་ན་ཆོས་ལུགས་རང་ངོས་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་བཀག་རྡོ་བྱེད་དམ་ཟེར་ན། ཁོ་བོས་བསམ་བློ་གཏོང་སྟངས་ཀྱི་དབང་དུ་བྱས་ན་དེ་ནི་ཆོས་ལུགས་རང་ངོས་ནས་ཐག་གཅོད་རྒྱུ་ཞིག་མིན་པར་སྤྱི་ཚོགས་དེས་དད་པ་འཇོག་སྟངས་དང་ཆོས་ལུགས་བེད་དུ་སྤྱོད་སྟངས་སོགས་ལ་རག་ལས་པ་ཞིག་རེད། སྤྱི་ཚོགས་དེས་བེད་དུ་སྤྱོད་སྟངས་དང་དད་པ་འཇོག་སྟངས་ལེགས་ན་ཆོས་ལུགས་གང་ཡིན་ཡང་ལེགས་ལམ་གྱི་སྐུལ་མ་གཏོང་གི་རེད་ལ། སྤྱི་ཚོགས་གང་དེས་ལམ་ལུགས་འཛུགས་སྟངས་དད་པ་འཇོག་སྟངས་མི་ལེགས་དུས་ཆོས་ལུགས་གང་ཡིན་རུང་ཡར་རྒྱས་དང་གཅིག་སྒྲིལ་གྱི་བཀག་རྡོ་ཞིག་ཏུ་ཡང་འགྱུར་སྲིད་པ་རེད། འོན་ཀྱང་བོད་བརྒྱུད་ནང་བསྟན་ནམ་བོད་ཀྱི་ད་སྔའི་དད་པ་འཇོག་སྟངས་འདི་དང་ལག་ལེན་འདེབས་སྟངས་འདིས་གཅིག་སྒྲིལ་དང་ཡར་རྒྱས་ལ་གནོད་ཀྱིན་འདུག་སྙམ། དེ་ཡང་བོད་མི་ཚོས་ནང་ཆོས་ལ་དད་པ་འཇོག་སྟངས་དང་བེད་སྤྱོད་བྱེད་སྟངས་འདིའི་ཆ་ནས་ཟེར་བ་ཡིན་གྱི། སྤྱིར་ནང་བསྟན་སངས་རྒྱས་ཆོས་ལུགས་རང་ངོས་ནས་སྤྱི་ཚོགས་ཡར་རྒྱས་ལ་གནོད་མིན་ནི་རྒྱུ་མཚན་གཞན་ཞིག་རེད།

དེ་ལྟར་ཆོས་ལུགས་ཀྱིས་འགྲོ་བ་མིའི་རིགས་སམ་མི་རིགས་ཀྱི་འདོད་བློ་ཕྱོགས་གཅིག་ལས་ཡོད་ཚད་བསྐང་ཐུབ་པ་མ་རེད་ལ། གནད་དོན་ཡོད་ཚད་ཀྱང་ཐག་བཅད་བྱེད་ཐུབ་པ་མ་རེད། ལྷག་པར་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་སོགས་མི་རིགས་ཤིག་ལ་ངེས་པར་དགོས་པ་དང་འཇིག་རྟེན་གྱི་འཚོ་གནས་ཕྱོགས་ལའང་ཕན་ནུས་གང་ཡང་འདོན་གི་མ་རེད། དེ་ནི་ཆོས་ལུགས་ནི་དེ་དག་བློས་གཏོང་བྱས་པའི་རིག་གཞུང་ཞིག་ཡིན་པས་རེད།

ང་ཚོས་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཡོང་དུས་མི་ལོ་སྟོང་ཕྲག་གཅིག་ལྷག་གི་རིང་ལ་ཆོས་ལུགས་ཀྱིས་ཡོད་ཚད་ཐག་བཅད་ཐུབ་པའམ། ཡོད་ཚད་ཀྱི་ཚབ་མཚོན་བྱེད་ཐུབ་པ་ལྟ་བུའི་འདུ་ཤེས་བཟུང་ནས་སྤྱི་ཚོགས་ཀྱི་བརྩོན་པ་དང་། དཔལ་འབྱོར། དད་མོས་མི་ཚེའི་རིན་ཐང་ཡོད་ཚད་ཆོས་ལུགས་ཀྱི་ཕྱོགས་སུ་ཕུལ་བཞག་པ་རེད། ཐ་ན་ཁྱིམ་ཚང་ཧ་ཅང་དབུལ་པོ་རང་ཉིད་ཀྱིས་ཇ་དང་ཚ་སོགས་ཉོ་བྱེད་མི་ལོན་མཁན་ཞིག་ཡིན་ན་རང་ཉིད་གལ་ཆུང་དུ་བྱས་ནས་བསྟན་པ་དང་དགོན་པའི་ཕྱོགས་སུ་བཏང་ནས་ཡོང་བ་རེད། དེ་ལྟར་དུས་ཡུན་རིང་པོ་ཞིག་ལ་ཆོས་ལུགས་འདི་ལ་ཧ་ཅང་འབད་བརྩོན་ཆེན་པོ་བྱས་ནས་མི་རིགས་ཧྲིལ་པོས་མི་ཚེའི་རིན་ཐང་ཡོད་ཚད་ཕུལ་བ་རེད། ཡིན་ན་ཡང་ང་ཚོའི་འཚོ་གནས་དང་ང་ཚོའི་གནས་བབ་དེ་ད་སྐབས་ཀྱི་གནས་བབ་འདི་རེད།རྒྱུ་མཚན་དེས་ཆོས་ལུགས་ཀྱིས་ཡོད་ཚད་ཐག་བཅད་མི་ཐུབ་པ་གསལ་པོ་རེད།

ད་རུང་ཁོ་ཚོས་སྲོལ་རྒྱུན་དང་ཆོས་ལུགས་ལ་དགག་སྒྲུབ་དང་དོགས་སློང་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། སྲོལ་རྒྱུན་ནམ་སྲོལ་རྒྱུན་གྱི་དབང་འཛིན་པ་རྣམས་ཀྱིས་ཐལ་ཆེ་བའི་སྒེར་གཅོད་ཀྱི་བྱ་བ། ཚད་ལས་འདས་པའི་ལངས་ཤོར་གྱི་ཀུན་སྤྱོད་འདི་དག་ཚོད་འཛིན་བྱེད་པའི་ཆེད་དུ་རེད། རྒྱུ་མཚན་དེ་དག་རེད་མ་གཏོགས།སྲོལ་རྒྱུན་ལ་དགག་སྒྲུབ་དང་ཆོས་ལུགས་ལ་དོགས་སློང་བྱས་ནས་ཆོས་མེད་སྨྲ་བའི་ཚོགས་སྡེ་ག་གེ་མོ་ལྟ་བུ་ཞིག་ཏུ་གྱུར་སོང་ན་སྙམ་པ་དང་། ཆོས་ལུགས་འདི་དང་སྲོལ་རྒྱུན་འདི་བརྗེ་སྤོར་བརྒྱབས་ནས། འཛམ་གླིང་གི་ཆོས་ལུགས་གཞན་པ་ཞིག་གི་ངོ་བོར་བསྒྱུར་སྙམ་པ། ང་ཚོའི་ཆོས་ལུགས་འདི་ཆོས་ལུགས་གཞན་པ་ལས་རྗེས་ལུས་ཡིན་པས་གཞན་ཞིག་འདྲེན་པར་འོས་སྙམ་པ་དེ་འདྲ་འདོད་མཁན་ཡོད་རྒྱུ་མ་རེད་སྙམ།

གསལ་བཤད། གཏམ་བཤད་པ། དྷི:ལྷ་ལྡན།
ཡིག་འགོད་པ།  གླིང་ལོ་མ་སེར་པོ།

བསམ་ཚུལ།

Post navigation

Previous Post: གཟའ་མཇུག་སྙན་ངག
Next Post: བོད་སྒྱུར་བྱས་ཟིན་པའི་ Photoshop གཉིས་པ། Photopea.com

Comments (2) on “ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་སམ།”

  1. ྸAbharu Jigwang says:
    2018-09-13 at 8:09 pm

    ༄༅། ཆོས་ལུགས་ཀྱིས་ཡོད་ཚད་ཐག་གཅོད་ནུས་སམ་བཤད་པ་ནི།
    ངས་བྱས་ན་ཡོངས་རྗོགས་ཆོས་ལུགས་ཀྱི་ཐག་གཅོད་ག་ལ་ཐུབ།
    དེ་མ་ཚད་གང་ཟག་སོ་སོར་རགས་ལས་པ་རེད།
    འཛམ་གླིང་མི་མང་ཡོངས་རྫོགས་ནས་བརྒྱ་ཆ་བཅུ་ཆོས་ལ་ཡིད་ཆེས་མེད་མཁན་རེད།
    དེ་ཚོའི་འགྲོ་འདུག་སྤྱོད་གསུམ་ཆོས་ལུགས་ལ་བློ་འགེལ་གྱི་མེད་པ་རེད།

  2. གནམ says:
    2018-09-19 at 9:03 am

    ནང་བསྟན་ཆོས་ལུགས་ལས་ཆོས་ཟབ་མོ་ཞིག་སུ་ལ་ཡང་མེད་པ་རེད།
    དེ་ལ། ཤར་ལྷོ་ནུབ་བྱང་གང་དུ་ཡང་རྩོད་པ་མེད་པ་རེད། རེད་དེ། བོད་མི་མགོ་སྟོང་བ་རེ་ཙམ་གྱིས། ཡོད་ཚད་ཤེས་མདོག་གིས། ད་ལྟའི་བོད་ཀྱི་ཉམ་ང་ནི་ནང་བསྟན་ཆོས་ཀྱིས་མ་འགྲིག་པ་ཞིག་ལ་བཤད་བཞིན་པ་རེད། དེ་ནི། སོ་སོ་ལ་འབྱོར་བའི་ཁབ་མིག་གི་མྱིག་ཁུང་ཆུང་ཙམ་ཡིན་པ་ཙམ་བསྟན་པ་ལས་གཞན་གང་ཡང་མེད་པ་རེད།
    བོད་དགྱ་ལག་ན་ཡོད་པ་བདེན་ཡང་། བོད་མི་རྗེས་ལུས་ཞིག་ཏུ་ལྷོག་ཡོད་མེད་ནི་སུ་ཞིག་གིས་ཀྱང་གསལ་སྟོན་བྱེད་མི་ཐུབ། རྒྱུ་མཚན་སྣ་གཅིག་ཀྱང་བགྲེང་རྒྱུ་མེད་པསོ།
    མིས་མི་ལ་གཡོག་པོ་བྱས་ནས་འཚོ་བ་བཙལ་སྟངས་དང་རང་ཁ་རང་གསོ་བྱས་ནས་འཚོ་བ་བསྐྱལ་སྟངས་གཉིས་ལ། འདི་ཡར་ཐོན་ཅན་དང་མར་ཐོན་ཅན་རེད་ཟེར་ནས། ཁྱོད་ཀྱི་འདོད་བློ་སྐོང་ཐབ་བྱེད་པ་ནི་གཡམ་རྒྱུག་རེད། བླུན་པོ་རེེད།
    ང་ཚོ་ལ་ཆབ་སྲིད་ཀྱི་བདག་དབང་དེ་ཡོད་ཉིན་ནས། འགྲིགས་ཐག་ཆོད་རེད། སྐྱིད་ཐག་ཆོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme