Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 ཉི་ཧོང་དང་བོད་ལ་འབྲེལ་བ་བྱུང་ཚུལ། 

Posted on 2018-08-27 By ཁ་བརྡ 5 Comments on  ཉི་ཧོང་དང་བོད་ལ་འབྲེལ་བ་བྱུང་ཚུལ། 

འབྲོག་སངས། (སྟོད་ཆ)

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སམ་དུས་རབས་བརྒྱད་པ་ཡས་མས་ནས་ཉི་ཧོང་དང་བོད་གཉིས་ཀྱིས་ཕན་ཚུན་ཤེས་པའི་མགོ་བརྩམས་ཡོད། དཔེར་ན། ཐང་རྒྱལ་རབས་ཐིན་པཱོ་ཁྲི་ལོ་བཅུ་གཉིས་པའི་གནམ་ལོ་གསར་ཚེ་(753)ལ་རྒྱལ་ཁབ་སོ་སོའི་ཕོ་ཉ་ཐང་གོང་མར་འཚམ་སྐྱེས་འབུལ་བར་ཡོང་སྐབས། ནུབ་ཕྱོགས་ཀྱི་གྲལ་མགོར་བོད་ཀྱི་ཕོ་ཉ་དང་། དེའི་འོག་ཏུ་ཉི་ཧོང་གི་ཕོ་ཉར་བཞུགས་གདན་བསྒྲིགས་ཡོད་ཅིང་། ཤར་ཕྱོགས་ཀྱི་གྲལ་མགོར་བྱང་ཁོ་རེ་ཡའི་ཕོར་བཞུགས་གདན་བསྒྲིགས་ཡོད། སྐབས་དེར་ཉི་ཧོང་གི་ཕོ་ཉ་གཞོན་པ་ཀོ་མཱ་ལི་བྱང་ཁོ་རེ་ཡའི་བཞུགས་གདན་རང་གི་མཐོ་ཡིན་པར་ཧ་ཅང་ཡིད་མ་དགའ་བར། གནའ་ནས་ད་བར་ཉི་ཧོང་ནི་བྱང་ཁོ་རེ་ཡ་ལས་ཐང་དང་འབྲེལ་ལམ་ཟབ་པར་སྨྲས་ཏེ་མཐར་མཇུག་བཞུགས་གྲལ་བསྐྱར་སྒྲིག་བྱེད་དགོས་པར་གྱུར་ཞེས་«ཉི་ཧོང་ལོ་རྒྱུས་ཞབས་བཏགས་མ»རུ་གསལ། འདི་ནི་ཉི་ཧོང་ཕོ་ཉ་པས་རང་གི་རྒྱལ་ཁབ་ཀྱི་ཕྱིར་དུ་རྒྱལ་སྤྱིའི་གོ་གནས་ཤིག་བརྩད་དེ་ཐོབ་པའི་ལོ་རྒྱུས་རྒྱུ་ཆ་གལ་ཆེན་ཞིག་ཀྱང་རེད། དེ་ན་བོད་གླེང་མཁན་གྱི་ཉི་ཧོང་པ་དང་པོ་དེ་ཀོ་མཱ་ལི་ཡིན་པ་ཚོད་དཔག་བྱ་ཐུབ་པ་ཞིག་ཡིན། དེ་རྗེས་ཀྱང་«ཉི་ཧོང་རེག་ཟིག་ཕྱི་མ»སོགས་སུ་བོད་དང་འབྲེལ་བའི་གནས་ཚུལ་སྣ་ཚོགས་བཀོད་ཡོད་དོ། །

འོན་ཀྱང་བོད་བཙན་པོའི་རྒྱལ་རབས་ནུབ་པ་ནས་བཟུང་ག་ལེ་ག་ལེར་ས་མཐོའི་ཡུལ་འདི་དུས་རབས་མང་པོར་ལྷིང་འཇགས་སུ་གནས་ཡོད་དེ། རྒྱ་གར་དུ་དམ་པའི་ཆོས་འཚོལ་བའི་ཕྱིར་དུ་ཕར་འགྲོ་ཚུར་ཡོང་བྱེད་པའི་བན་དེ་འགའ་རེ་ལས་ཕྱིའི་འགྲུལ་པ་དག་གི་རྒྱུ་ལམ་ཡོངས་སུ་ཆད། དེ་བས་ཉི་ཧོང་དང་བོད་ལའང་ལོ་ངོ་སྟོང་མ་ཟིན་ཙམ་དུ་འབྲེལ་འདྲིས་ཅི་ཡང་བྱུང་མེད་པ་སྨྲ་ཅི་དགོས། དུས་རབས་བཅུ་དགུ་པར་ཅིན་ཐིང་ཁྲིང་ཙང་གིས་«བླ་མར་དཔྱོད་པ»བྲིས་པ་དེ་ཉི་ཧོང་པས་བོད་ཀྱི་ཆོས་ལུགས་ལ་རྟོག་ཞིབ་བྱེད་པའི་མགོ་བཟུང་བ་ཡིན། དེ་རྗེས་ཇོ་ཏོ་ཡོན་དགོན་ཤར་མ་དང་ནུབ་མ་ནས་བོད་ལ་སློབ་གཉེར་པ་དང་ཉམས་ཞིབ་པ་མང་པོ་སྔ་རྗེས་སུ་མངགས། ནེན་ཧེ་ཁན་དང་སུ་པུན་ཝན་ཡཱ་གཉིས་ཇོ་ཏོ་ཡོན་དགོན་ཤར་མའི་གྲྭ་པ་སློབ་གཉེར་བ་དང་། བྷུན་ཀྱོ་ཨོ་ཀི་དང་ཐ་རྡ་ཐཱོ་ཀྭང་གཉིས་ཇོ་ཏོ་ཡོན་དགོན་ནུབ་མའི་གྲྭ་པ་ཡིན། མེན་གྱི་སྲིད་ལོའི་སྐབས་ཉི་ཧོང་དུ་ནང་བསྟན་གཏོར་བཅོམ་གྱི་ལས་འགུལ་བྱུང་བ་དང་། རབས་བཅུ་དགུ་པར་ཡེ་ཤུའི་ཆོས་ལུགས་དང་གནམ་བདག་ཆོས་ལུགས་གཉིས་ཉི་ཧོང་དུ་མགྱོགས་མྱུར་འཕེལ་རྒྱས་བྱུང་ཞིང་། ད་དུང་ཉི་ཧོང་ནང་བསྟན་རྒྱ་གར་ནས་ཐད་ཀར་བརྒྱུད་པ་མ་ཡིན་པར་རྒྱ་ནག་བརྒྱུད་དེ་བྱུང་བས་འགྱུར་ནོར་བ་དང་འཁྲུགས་པ་སོགས་མང་དུ་བྱུང་། དེ་བས་ཉི་ཧོང་གི་ནང་པ་དག་གིས་ནང་བསྟན་འཕེལ་རྒྱས་ཀྱི་ཕྱོགས་ལ་བསམ་གཞིག་གསར་བ་ཞིག་མི་གཏོང་ཀ་མེད་བྱུང་། དཔེར་ན། ཀ་ཝ་གུ་ཅི་ཤེས་རབ་རྒྱ་མཚོའི་ལམ་ཡིག་ཏུ་འདི་ལྟར་བཀོད་ཡོད་དེ″ང་ནི་རྒྱང་ཐག་རིང་བའི་བོད་ལ་འགྲུལ་བཞུད་བྱེད་དགོས་པའི་རྐྱེན་གཙོ་བོ་ནང་བསྟན་གཞུང་ལུགས་ཀྱི་མ་དཔེ་བཙལ་ཏེ་སྤྱི་ཚོགས་ཀྱི་མི་དམངས་ལ་ཞབས་ཞུ་ཞིག་བསྒྲུབ་འདོད་པ་དེ་ཡིན།

མེན་གྱི་སྲིད་ལོ་ཉེར་བཞི་པའི་ཟླ་བཞི་པ་ནས་སྲིད་ལོ་ཉེར་བདུན་པའི་ཟླ་གསུམ་པའི་བར། ངས་བྱ་བ་ཙག་ཙིག་ཡོད་ཚད་དོར་ཏེ་འདུན་པ་རྩེ་གཅིག་གིས་ཡེའུ་ཀྲིའི་སྐྱེར་བ་རི་ནས་《རྒྱལ་བའི་བཀའ་འགྱུར》ཞིབ་ཀློག་བྱས་པ་ཡིན། ཞིབ་ཀློག་དེའི་ཁྲོད་ནས་འགྱུར་གཞུང་རྣམས་ཡང་དག་འཁྲུལ་མེད་ཅིག་ཡིན་མིན་ལ་དོགས་པ་ཇེ་བས་ཇེ་མང་དུ་སོང་། རྒྱུན་རིང་བར་དུ་མི་རྣམས་ཀྱིས་ཆོས་ལ་གོ་བ་ལེན་བདེ་བ་དང་། སླན་ཆད་རྒྱ་འགྱུར་གྱི་གཞུང་ཉི་ཧོང་སྐད་དུ་འགྱུར་ངེས་རྣམས་ཀྱང་གྱ་ནོམ་པ་ཞིག་འབྱུང་ཕྱིར་ཆོས་ཀྱི་གཞུང་ལུགས་ཚད་ལྡན་ཞིག་འཚོལ་དགོས་པ་ནི་གནད་དུ་ཆེ་བར་སོང་ཡོད་དེ། མཚམས་མཚམས་སུ་སཾསྐྲྀཏའི་བླ་དཔེ་གཅིག་ལ་རྒྱ་འགྱུར་གྱི་འོག་དཔེ་སྣ་ཚོགས་བྱུང་ཞིང་། དེ་དག་སྤྱི་ཙམ་གྱི་གོ་བ་འདྲ་ཡང་བྱེ་བྲག་གིས་མི་འདྲ་བ་མང་དུ་འདུག ལ་ལར་ཁྱད་པར་གནམ་ས་ལྟ་བུ་མཆིས་ཏེ་ནང་དོན་ལ་ཧེ་བག་ཆེ་བར་མ་ཟད་། ཚིག་གི་སྦྱོར་བའི་གོ་རིམ་ཕན་ཚུན་གོ་ལྡོག་ཏུ་སོང་བའང་ཧ་ཅང་མང་།

དེ་དག་ནི་སཾསྐྲྀཏའི་ལོ་ཙཱ་བ་དག་གིས་རྫུན་བཟོ་ལྷད་བཅོས་མིན་པ་སྨྲ་ཅི་དགོས། ཁོ་ཚོས་ད་དུང་རང་ཉིད་ཀྱི་འགྱུར་དེ་ནི་མ་དཔེ་ཇི་བཞིན་ཡིན་པ་ནན་གྱིས་བཤད། དེ་ན་མ་དཔེ་རང་ལའང་པར་གཞི་མི་འདྲ་བ་མང་དུ་ཡོད་པའམ། ཡང་ན་ལོ་ཙཱ་བས་ཡུལ་དང་དམངས་ཀྱི་བསམ་བློར་བསྟུན་ཏེ་མ་ཡིག་ལ་འདོར་ལེན་བྱས་པ་ཡིན་ཡང་སྲིད་མོད། གང་ལྟར་མ་དཔེ་མཐོང་ན་ད་གཟོད་འོག་དཔེའི་ལེགས་ཉེས་ཀྱི་ཤན་འབྱེད་ཐུབ།

འོན་ཀྱང་བདག་གིས་ཤེས་པ་ལྟར་ན་སིངྒྷལར་སྔར་བཞིད་ཐེག་པ་ཆུང་བའི་ཆོས་གཞུང་དག་བཞུགས་ཡོད་ཀྱང་། དེ་དག་གིས་བྱ་བ་འདི་ལ་རམ་འདེགས་ཆེར་མི་ཐོན་ཏེ། ད་ལྟ་ཅི་ནས་ཀྱང་མཁོ་གལ་ཆེ་བ་ནི་ཐེག་ཆེན་གྱི་ཆོས་གཞུང་རེད། དེ་ལྟ་ན་ཡང་ཐེག་ཆེན་གྱི་ཆོས་གཞུང་བལ་ཡུལ་དང་བོད་མཁོ་ན་མ་གཏོགས་ཆོས་ཀྱི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་རང་དུའང་འཇིག་ནས་མི་གནས་བར་བཤད། དེ་བས་ཆོས་ཀྱི་མ་དཔེ་ངོ་མ་ཞིག་འཚོལ་དགོས་ན་རང་ཉིད་དངོས་སུ་བལ་ཡུལ་ལམ་བོད་དུ་ཐེངས་ཤིག་འགྲོ་དགོས་པ་ལྡོག་མེད་རེད། ཡོ་རོབ་དང་ཨ་རིའི་ཤར་ཕྱོགས་རིག་པ་བ་དག་གིས་ཞིབ་འཇུག་བྱས་ཏེ། བོད་འགྱུར་ནང་བསྟན་གྱི་ཆོས་གཞུང་ཚང་མ་བརྡ་སྤྲོད་དང་བརྡ་དོན་གང་ལས་ཀྱང་རྒྱ་འགྱུར་ལས་ཧ་ཅང་ཡང་དག་ཡིན་པར་བཤད། གལ་ཏེ་ནང་བསྟན་གྱི་གཞུང་ཧྲིལ་བོའི་བོད་ཡིག་གི་འོག་དཔེ་ཡོད་ན། སཾསྐྲྀཏའི་མ་དཔེ་མེད་ཀྱང་ང་ཚོས་འོག་དཔེ་ལས་ཞིབ་དཔྱད་བྱ་ཆོག་པར་མ་ཟད། བོད་འགྱུར་གྱི་འོག་དཔེ་དང་རྒྱ་འགྱུར་གྱི་འོག་དཔེ་བསྡུར་དཔྱད་ཀྱང་བྱ་ཆོག་པས་དེ་ནི་མ་གཞི་ནས་ཧ་ཅང་རིག་གཞུང་གི་རིན་ཐང་ཡོད་པའི་བྱ་བ་ཞིག་རེད། ①″ཅེས་བཀོད་འདུག་ཅིང་། ཇོ་ཏོ་ཡོན་དགོན་ཤར་མའི་གྲྭ་པ་ཞོ་ལི་ཤི་ཤཱིང་ཏིན་རྒྱ་མཚོ་བརྒལ་ཏེ་ཧྲང་ཧེར་ཡོང་ནས་ཆོས་སྤེལ་ཞིང་། ཁོས་《བླ་མའི་ཆོས་ལུགས་ཀྱི་འཕེལ་རིམ》ཞེས་པ་༡༨༧༧ལོར་དཔར་བསྐྲུན་བྱས་པ་ནས་བོད་ནི་ཉི་ཧོང་གི་རབ་བྱུང་པ་མང་པོའི་ཡིད་ཀྱི་སྨོན་གནས་སུ་གྱུར། ཞོ་ལི་ཤི་ཤཱིང་ཏིན་ཉི་ཧོང་ལ་བོད་བརྒྱུད་ནང་བསྟན་ཆ་ཚང་བར་ངོ་སྤྲོད་བྱེད་མཁན་གྱི་མི་སྣ་ཐོག་མའང་ཁོ་ཡིན་པར་བཤད། རྗེས་སུ་ཇོ་ཏོ་ཡོན་ཤར་མའི་པེ་ཅིན་དུ་དགོན་ལག་ཅིག་བཙུགས་པ་ནས་པེ་ཅིན་བོད་ཀྱི་དགོན་པ་དགའ་ལྡན་བྱིན་ཆགས་གླིང་དང་འབྲེལ་ལམ་དམ་ཟབ་བྱུང་།

དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུ་པའི་མགོར་ཉི་ཧོང་པ་བཞི་སྔ་རྗེས་སུ་བོད་དུ་འཛུལ་ཞིང་། དེ་དག་ནི་ནེན་ཧེ་ཁན་དང་སུ་པུན་ཝན་ཡཱ། ཁྲིན་ཐིན་ཨན་ཧེ། ཀ་ཝ་གུ་ཅི་རྣམས་ཡིན། དེའི་ཁྲོད་ཀྱི་ཀ་ཝ་གུ་ཅི་རྒྱ་གར་དང་བལ་པོ་བརྒྱུད་དེ་བོད་དུ་འཛུལ་བ་ཡིན་པ་ལས། གཞན་གསུམ་ནི་རྒྱ་ནག་ནང་ལོགས་ནས་བོད་དུ་འཛུལ་བ་ཡིན། ཇོ་ཏོ་ཡོན་དགོན་ཤར་མའི་གྲྭ་པ་ནེན་ཧེ་ཁན་དང་སུ་པུན་ཝན་ཡཱ་གཉིས་བོད་དུ་འཛུལ་བའི་རེ་བ་འཆིང་མཁན་སྔ་ཤོས་སུ་ཆགས་ཡོད། ནེན་ཧེ་ཁན་(༡༨༦༨-༡༩༠༡)གྱིས་༡༨༩༦ལོའི་ཟླ་༥པར་ཇོ་ཏོ་ཡོན་དགོན་ཤར་མར་བོད་ལ་འཛུལ་འདོད་ཀྱི་ཡར་ཞུ་དང་འགྲོ་སོང་དགོན་པས་གཏོང་བའི་རེ་ཞུ་བྱས། ཁོ་སྔོན་ནས་བོད་ལ་འཛུལ་འདོད་ཀྱི་རེ་བ་ཆེན་པོ་ཡོད་དེ། ༡༨༩༣ལོར་ཁོས་མཚན་ཉིད་རིག་པའི་བསླབ་གནས་མཐར་ཕྱིན་རྗེས་བརྩམས་པའི་《འཛམ་གླིང་སྟེང་གི་ནང་པ་བ》ཞེས་པ་ལས་《བོད་རྒྱལ་ཁབ་ལ་རྟོག་ཞིབ་ཀྱི་གལ་ཆེན་རང་བཞིན》ཞེས་པ་དེར་བོད་ལ་རྟོག་ཞིབ་བྱེད་དགོས་པའི་གལ་ཆེན་རང་བཞིན་ཅུང་ཞིབ་ཅིང་རྒྱས་པ་གླེང་ཡོད་པས་ཁོ་བོད་ལ་རྟོག་ཞིབ་བྱེད་དགོས་པར་གླེང་བའི་ཉི་ཧོང་པ་དང་པོར་གྱུར་ཡོད། ནེན་ཧེ་ཁན་བོད་ལ་འཛུལ་འདོད་དྲག་པོ་འབྱུང་དོན་སྐབས་དེ་དུས་ཉི་ཧོང་པ་རྒྱ་གར་དུ་ལེགས་སྦྱར་བསླབ་པར་འགྲོ་མཁན་ཤིན་ཏུ་མང་ཞིང་། དེ་དག་ཕལ་ཆེར་བོད་ལ་འགྲོ་ཨེ་ཐུབ་ཀྱི་འདུན་པ་ཡོད། ནེན་ཧེ་ཁན་གྱིས་ནང་བསྟན་པས་ཆོས་སྤེལ་བའི་ཕྱིར་དང་། ནང་བསྟན་གྱི་ལོ་རྒྱུས་ངོ་མ་འཚོལ་ཞིབ་བྱ་ཆེད་ངེས་པར་དུ་རྟོག་ཞིབ་བྱེད་དགོས་པར་འདོད། སྐབས་དེར་ཨེ་ཤ་ཡ་དབུས་མ་འཛམ་གླིང་སྟེང་ཆེས་རྒྱུས་མངའ་མེད་པའི་ཡུལ་ཞིག་ཏུ་གྱུར་ཡོད་ལ། ལྷག་ཏུ་ཉི་ཧོང་པ་ཡུལ་དེ་ལ་རྒྱུས་མངའ་ཧ་ཅང་ཆུང་། དབྱིན་ཇི་དང་ཨུ་རུ་སུ། ཧྥ་རན་སི་སོགས་ཀྱིས་ཐེ་ཇུས་ཀྱིས་བོད་ཡེ་ཤུའི་ཆོས་ལུགས་ཀྱིས་ཁྱུར་མིད་གཏོང་བའི་ཉེན་ཁ་ཡོད་པའི་གནས་ཤིག་ཏུ་གྱུར། ནེན་ཧེ་ཁན་གྱི་ཡིད་ལ་གལ་ཏེ་དངོས་གནས་བོད་ཡེ་ཤུའི་ཆོས་ཀྱིས་ཁྱབ་པར་གྱུར་ན། དེ་ནི་འཛམ་གླིང་ནང་བསྟན་གྱི་གྱོང་རྒུད་ཅིག་ཡིན་པར་འདོད་པ་དང་། རང་ཉིད་ནང་པ་ཞིག་ཡིན་པའི་དངོས་དང་། ལྷག་ཏུ་ཉི་ཧོང་ནང་བསྟན་རྒྱལ་ཁབ་ཅིག་ཡིན་པའི་དངོས་ནས་བོད་འཇིགས་ཉེན་དེ་ལས་སྐྱོབ་པའི་འགན་ཁུར་ཡོད་པར་འདོད། ཁོས་ད་དུང་བོད་ལ་རྟོག་ཞིབ་བྱེད་པ་ནང་ཆོས་ཕྱོགས་ཀྱི་ཁེ་ཕན་ཁོ་ན་ཙམ་མ་ཡིན་པར་རིག་གཞུང་དང་སྤྱི་ཚོགས་ཆབ་སྲིད་སོགས་ཕྱོགས་སྣ་ཚོགས་ལ་ཁེ་ཕན་ཡོད་པས། ཅིས་ཀྱང་བོད་ལ་རྟོག་ཞིབ་བྱེད་དགོས་པར་སྙམ་ཡོད། ནེན་ཧེ་ཁོན་གྱིས་ཇོ་ཏོ་ཡོན་དགོན་ཤར་མར་ཕུལ་བའི་བོད་ལ་འཛུལ་བའི་རེ་ཞུའི་ཁྲོད་འཆར་གཞི་དོན་ཚན་ལྔ་ཅན་འདི་བཀོད་ཡོད་དེ།

༡. ཐབས་ལམ། ཐོག་མར་ཀྲུང་གོར་ཡོང་སྟེ་ལོ་གཅིག་ལ་འདུག་རྒྱུ། བོད་དང་འབྲེལ་ཡོད་ཀྱི་ཡིག་ཆ་བཙལ་ཏེ་ཞིབ་བསྡུར་གྱིས་བོད་ལ་འཛུལ་རྒྱུ། ལམ་གྲོགས་བཙལ་ཏེ་རང་ཉིད་བོད་ཀྱི་གྲྭ་པར་བརྫུས་ནས་བོད་ཀྱི་ཚོང་པ་དང་མཉམ་དུ་བོད་ལ་འཛུལ་རྒྱུ།
༢. ལམ་ཐིག ཐོག་མར་ཀྲུང་གོ་པེ་ཅིན་ལ་ཡོང་ནས་ལོ་གཅིག་རྗེས་སི་ཁྲོན་དུ་འཛུལ་རྒྱུ། དེ་རྗེས་སླར་ཡང་དར་རྩེ་མདོ་དང་ཆབ་མདོ། སྤོ་མེས་བརྒྱུད་དེ་རྒྱལ་ས་ལྷ་སར་འཛུལ་རྒྱུ།
༣. དུས་ཚོད། འཆར་གཞི་ལོ་ལྔ།
༤. དམིགས་ཡུལ། གཙོ་བོ་བོད་ཀྱི་ས་ཁམས་དང་རྒྱལ་ཁབ་ཀྱི་ལམ་ལུགས། ནང་ཆོས། སྐད་བརྡ། གསུང་རབ། མཆོད་ཆས་སོགས་ལ་ཞིབ་འཇུག་བྱ་རྒྱུ།
༥. གྲོན་དངུལ། ཀྲུང་གོར་འབྱོར་བའི་ལམ་གླ་སྒོར་བརྒྱ༼ཉི་ཧོང་སྒོར་མོ༽། ཀྲུང་གོར་སྡོད་པའི་འགྲོ་གྲོན་སྒོར་བརྒྱ་དང་ལྔ་བཅུ། དཔྱད་གཞིའི་ཡིག་ཆའི་འགྲོ་གྲོན་སྒོར་བརྒྱ། བོད་ལ་འཛུལ་བའི་འགྲོ་གྲོན་སྒོར་བརྒྱ། ཕྱིར་ལོག་པའི་འགྲོ་གྲོན་སྒོར་བརྒྱ་དང་ལྔ་བཅུ། བསྡོམས་པའི་སྒོར་དྲུག་བརྒྱ།
༡༨༩༨ལོར་ནེན་ཧེ་ཁན་གྱིས་ལོ་ལྔའི་སྔོན་ནས་འཆར་གཞི་བཀོད་པའི་དོན་དེ་དངོས་སུ་ལག་སྟར་བྱས་ནའང་། སྐབས་དེ་དུས་ཀ་ཝ་གུ་ཅི་དང་སུ་པུན་ཝན་ཡཱ་གཉིས་ཀྱིས་ཀྱང་བོད་ལ་འཛུལ་བའི་འདུན་བ་བཅངས་ཏེ་ལམ་དུ་ཆས་ཟིན་ཡོད།

①ཨེ་ཀའི་ཀ་ཝ་གུ་ཅིའི«བོད་བསྐྱོད་ལམ་ཡིག»ལས་བོད་ཡིག་ཏུ་བསྒྱུར།
མུ་འགོད།

དཔྱད་རྩོམ།

Post navigation

Previous Post: བསམ་གཞིགས་སྐྱུར་ཁ་མ།
Next Post: བོད་ཀྱི་ས་ཁུལ་དབྱེ་བགོས་ཀྱི་བྱུང་རིམ།

Comments (5) on “ ཉི་ཧོང་དང་བོད་ལ་འབྲེལ་བ་བྱུང་ཚུལ། ”

  1. འབར says:
    2018-08-30 at 7:58 pm

    རིན་ཐང་ཆེན་པོ་འདུག བཀའ་དྲིན་ཆེ།

  2. ཀླུ་སྨྱོན། says:
    2018-08-31 at 10:46 pm

    མུ་མཐུད་རོགས།

  3. ྸAbharu Jigwang says:
    2018-09-09 at 9:01 pm

    ༄༅། ཧ་ཅང་ཡག་པོ་བྲིས་གནང་འདུག་པ་ཐུགས་རྗེ་ཆེ།
    ཡང་བསྐྱར་ཐེངས་ཁ་ཤས་ཀློག་འདོད།

  4. ྸAbharu Jigwang says:
    2018-09-09 at 9:41 pm

    བར་དབུས་གཙང་ཆོས་ཀྱི་ཞིང་ས་ནས། རྕ་ཆེན་པོ་ཇོ་བོ་མཇལ་བའི་སྐབས།།
    ལག་ཐལ་མོ་སྙིང་ཁར་སྦྱར་བ་ནས། སེམས་དག་པའི་སྨོན་ལམ་སྙིང་བཏབ་ནས།
    ངག་མི་དགེ་སྒྲིབ་པ་ཡོངས་དག་ཤོག།
    སྨད་མདོ་ཁམས་ས་ལའི་ལྗོངས་ངོས་ནས།

  5. ྸAbharu Jigwang says:
    2018-09-09 at 9:49 pm

    ལུས་སྡོང་པོ་ས་ལ་འགྱེལ་བ་ནས། སེམས་ཡང་དག་སྨོན་ལམ་རབ་བཏབ་ཡོད།
    ཡིད་མི་དགེའི་དྲི་མ་ཡོངས་སངས་ནས་། གནས་སངས་རྒྱས་གོ་འཕང་ཐོབ་པར་སྨོན།
    གོང་འཁོད་ནས་མུ་མཐུད་ཀློག་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme