Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྟན་འཛིན་ནོར་འཛོམས། ༢༠༡༠ལོའི་བོད་ཀྱི་མཛངས་མ་།

Posted on 2010-06-062010-06-06 By ཁ་བརྡ་ 25 Comments on བསྟན་འཛིན་ནོར་འཛོམས། ༢༠༡༠ལོའི་བོད་ཀྱི་མཛངས་མ་།

tenzin-norzom1
“བསྟན་འཛིན་ནོར་འཛོམས་ལགས་སུ་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་མ་ཐག ཁོ་མོས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། ང་ལ་བོད་ཀྱི་མཛངས་མའི་མཇུག་མཐའི་རྒྱལ་ཁ་ཐོབ་པར་ཧ་ཅང་དགའ་བོ་བྱུང་སོང་། མི་སུ་ཡིན་རུང་རང་ཉིད་ལ་རྒྱལ་ཁ་ཐོབ་ན་དགའ་བ་ཆོས་ཉིད་རེད། ཐེངས་འདིར་ང་ཚོ་མཉམ་དུ་འགྲན་བསྡུར་ནང་ཞུགས་མཁན་བུ་མོ་གཞན་དག་ལ་རྒྱལ་ཁ་མ་ཐོབ་པར་བློ་ཕམ་ཡོང་གིན་ཡོད་པ་མཐོང་དུས་ང་ཡང་སེམས་སྐྱོ་བྱུང་། ང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་དོན་ནི། སྤྱིར་བཏང་ཕྱིའི་རྣམ་པ་གལ་ཆེན་ཡིན་ཡང་། ནང་གི་རྣམ་པ་དེ་བས་ཀྱང་གལ་ཆེན་ཡིན་སྟབས། ང་ཚོ་བོད་ཀྱི་མཛངས་མའི་འགྲན་བསྡུར་བ་རྣམས་ལས་ང་རང་གིས་སྤོབས་པ་ཆེན་པོས་ཕྱོགས་མང་པོ་ཞིག་ནས་ཆ་ཤེས་ལེན་ཐུབ་པ་བྱུང་ཡོད་པས་ཡིན་རྒྱུ་རེད་ཟེར།”

གསར་འགྱུར།

Post navigation

Previous Post: བྱིས་དུས་ཀྱི་ཚོར་བ་སྐྱིད་པོ།
Next Post: མིག་ཆུ་ཐེངས་གསུམ།

Comments (25) on “བསྟན་འཛིན་ནོར་འཛོམས། ༢༠༡༠ལོའི་བོད་ཀྱི་མཛངས་མ་།”

  1. ཀརྡོ་རབ་འབྱམས་པ་ says:
    2010-06-06 at 4:45 pm

    ངས་བསམ་ཚུལ་ལུང་བསྟན་དང་མཚུངས་འདུག ང་ཡང་དགའ་སོང་། བུད་མེད་རླུང་རྟ་དར་རྒྱས་ཤོག །

  2. འབུམ་གཅིག says:
    2010-06-06 at 5:51 pm

    འབུམ་གཅིག་མ། ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ཆུ་རྐྱལ་སྐབས་ཀྱི་འཇོ་སྒེག་དེ་ཁོ་ནས། ཁྱོད་་ནི་འབུམ་གཅིག་གི་བདག་མོ་ཡིན་པ་བདག་གིས་ཐག་གིས་བཅད་དེ།འབུམ་གཅིག་རྒྱན་དུ་བཙུགས། དོ་དགོང་ཁྱོདདང་་མཉམ་དུ་བདག་ཀྱང་འབུམ་གི་བདག་པོར་གྱུར།དེ་བས་རྟེན་འབྲེལ་ཐོག་མ་ཞུ་མཁན་བདག་ཡིན་དགོས་མོད།
    མ་བསམ་ས་ནས་སེར་མོ་བ་འགའ་སྔུན་ལ་ཤོར་འདུག དོ་དགོང་རྨི་ལམ་ནང་ནས་མཇལ་པར་སྨོན།

  3. སྦྲ་ནག་གཡག་སྙིང་། says:
    2010-06-06 at 6:02 pm

    ཡག་མོ་གདའ། ཡག་མོ་གདའ། ཁྱེད་རང་འདྲ་པོ་བུ་མོ་མཛེས་མ་ལ་འཕྲད་ན་ཆང་མཆོད་ཇ་མཆོད་མཛུམ་མཆོད་མཇེ་མཆོད་ག་རེ་ཡིན་ན་མཆོད་ས་རེད། ཚེ་རིང་རྒྱུ་མ། དོན་འགྲུབ་རྒྱུ་མ།

  4. སྦྲ་ནག་གཡག་སྙིང་། says:
    2010-06-06 at 6:06 pm

    མཛེས་མས་གཙོས་གངས་ཅན་གྱི་ཀློག་མཁན་ཚོར་དགོངས་འགལ་མེད་པ་ཞུ། མཛུམ་མཆོད་ཞེས་པ་དེ་འཛུམ་མཆོད་ཞེས་བཅོས་རོགས།

  5. chime in italy says:
    2010-06-06 at 8:10 pm

    tashi delek miss tibet.

  6. མགོན་པོ་ཕྱག་གཉིས་པ། says:
    2010-06-06 at 9:21 pm

    མོ་འདེམས་པ་ནོར་མི་འདུག བཀྲ་ཤིས་བདེ་ལེགས།
    ཉིན་གཅིག ཅིག་ཏུ་སྟས་དབང་གིས་འཕྲད་པ་ཡིན་ན། ཐུགས་ནས་འདོར་མི་ཉན། འདོད་པ་ཚ། སྒྱུ་རྩལ་མཁས། ལག་ཆ་བཟང་། བརྩེ་བ་ཟབ། བྱེད་སྤྱོད་མ་བཅོས་ལྷུག་པ་ཡིན།

  7. སློབ་དཔོན། says:
    2010-06-06 at 10:40 pm

    མཛངས་མ་འདེབས་པ་ཡིན་ན་བོུ་བཞི་པོ་འདིའི་ནང་ཁོང་ཡིན་རྒྱུ་རེད་ཏེ་མཛེས་མ་འདེབས་པ་ཡིན་ན་མགོ་ལོག་ནས་ཡིན་པའི་བོུ་བསྟན་འཛིན་མེ་ཏོག་རེད་འདུག་སྙམ་བྱུང་། ཡིན་ཡང་བོུ་བཞི་པོའི་གོས་མ་གྱོན་པར་རང་རང་ལུས་པོ་སྟོན་དུས་མཛེས་མ་ཅིག་ཡང་མཐོང་མ་སོང་།

  8. སློབ་དཔོན། says:
    2010-06-07 at 12:29 am

    བོུ་འདི་དབྱིན་ལུགས་ལ་མཁས་པ་གྲགས་

  9. གཅན་བཟོད་རྒྱམ། says:
    2010-06-07 at 12:44 am

    ངས་ནི་དྷ་སའི་བུ་མོ་དབྱངས་ཅན་མེ་ཏོག་ལ་ཐོབ་ན་བསམས་ཡོད་དེ། ཨ་ཁ་ཁ་ཁ། ད་ངས་ཁོ་ཧྥེ་ཕོར་བ་ལྔ་ཤོར་སོང་ཐལ། མཛངས་མ་ཐོབ་མཁན་དེར་རྟེན་འབྲེལ་ཞུ།

  10. Varanasi says:
    2010-06-07 at 12:46 am

    Very Very Tashi Delek to Tenzin Norzom Miss Tibet_2010

  11. རིག་བཟང་། says:
    2010-06-07 at 2:16 am

    ནང་གི་ཤེས་ཡོན་ང་ལ་ལྐོག་གྱུར་ཡིན་པས་བཤད་ཤེས་མ་སོང་ཡང། ཕྱིའི་རྣམ་པ་དང་རྣམ་འགྱུར་ལ་བལྟས་ནས་ཕལ་ཆེར་མོ་ལ་ ༢༠༡༠ ལོའི་མཛངས་མ་མོ་ལ་ཐོབ་ས་རེད་བསམ་བཞིན་ཐོབ་འདུག། བཀྲ་ཤིས་བདེ་ལེགས་ཞུ། གངས་ལྗོངས་ཀྱི་མཛངས་མ་ལགས། དེ་རིང་ནས་བཟུང་ཁྱོད་ཀྱི་སེམས་པའི་ས་གཞི་གཤིན་པོར་རེ་བུའི་མཚར་སྡུག་གི་མེ་ཏོག་འཛུམ་མདངས་གྲོལ་སོང་བས། རང་ཅག་གངས་ཅན་པ་ཡོངས་ཀྱི་དཀའ་སྡུག་གི་གཉན་ཕྲེང་ཅན་གྱི་དུས་རབས་འདི་ལས་བརྒལ་ཐུབ་པར་ལག་རྗེས་ཆེན་པོ་མི་ཞོག་རུང་། བསམ་གཞིགས་རེ་གཏོང་རྒྱུ་བརྗེད་མི་ཉན་ཡ་བོད་ཀྱི་མཛངས་མ།

  12. འབྲུག་མོ། says:
    2010-06-07 at 5:51 am

    འབུམ་གཅིག་མ། ད་བར་དུ་འགྲན་ཡ་ཡོད་མེད་ཀྱི་འབུམ་གཅིག་འགའ་ཞིག་བྱུང། དེ་དག་ནི་སྒོར་འབུམ་གཅིག་གི་ཆེད་དུ་མིན་པར་བཙན་བྱོལ་བོད་མི་འབུམ་གཅིག་གི་ཆེད་དུ་ཡིན་དགོས། འོན་ཀྱང་སྔོན་མའི་འབུམ་གཅིག་མ་མང་ཆེ་བ་ད་ལྟ་གྲག་འགུལ་ཅང་མི་འདུག་ལ། ལ་ལ་ཞིག་ལ་མཛེས་མཛངས་ཀྱི་ཡོན་ཏན་གང་ཡང་མེད་ཚུལ་གྱི་གླེང་སློང་ཡང་མང་པོ་འདུག ངའི་བསམ་ཚུལ་ལ་ང་ཡང་དེར་ཞུགས་འདོད་བྱུང་ཡང་རྒྱུ་རྐྱེན་འགའ་ཞིག་གི་ཞུགས་ཐུབ་མ་སོང། ད་སྔ་འགྲན་སྡུར་ལ་ཞུགས་མཁན་བུ་མོ་ཚང་མར་ངའི་སེམས་གཏིང་ནས་ཡིད་སྨོན་ཤོར་གྱི་ཡོད། ཁྱོད་ཚོ་ཚང་མ་འབུམ་གཅིག་མའི་སྙན་གྲགས་ཐོབ་མ་ཐོབ་ལ་མ་ལྟས་པར་དུས་རབས་ཀྱི་བོད་རིགས་བུ་མོ་རྣམས་ཀྱི་མིག་དཔར་འགྱུར་བར་ངས་དེ་བས་ཀྱང་རེ་སྨོན་རྒྱག་གིན་ཡོད། བཀྲ་ཤིས་བདེ་ལེགས།

  13. གུ་ར་རྫ says:
    2010-06-07 at 6:56 am

    མ་ཐོབ་པའི་བུ་མོ་གསུམ་པོ་སེམས་པ་མ་སྐྱོ། སློབ་སྦྱོང་ལ་རེམ། མཛེས་མའི་གོ་ས་མ་ཐོབ་རང་མཁས་པའི་གོ་ས་ཐོབ་པར་སྨོན།

  14. tsok chen says:
    2010-06-07 at 7:03 am

    ༢༠༡༠ལོའི་བོད་ཀྱི་མཛངས་མ་ཨང་དང་པོ་བསྟན་འཛིན་ནོར་འཛོམས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱི་ཕུགས་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་པའི་སྨོན་འདུན་དང་མ་འོངས པར་ཁྱེད་དང་འདྲ་བའི་མཛངས་མ་གང་མང་མང་འཐོན་པའི་རེ་སྨོན་ཡོད།།

  15. drong says:
    2010-06-07 at 7:18 am

    མཛངས་མའི་ཨང་ཀི་མ་ཐོབ་པའི་བུ་གཞན་པོ་ཁྱེད་རྣམས་བློ་ཕམ་བྱེད་མི་དགོས།
    སྐྱ་སེར་ཕོ་རྒོད་མང་པོས་མིག་མདས་གཟིར་ཚར་སོང།
    མགྱོགས་མྱུར་ཨ་རིར་ཡོད་པའི་ཕོ་རྒོད་འགའ་ཞིག་གིས་མགྲོན་ཤོག་གམ་ཆང་སའི་མགྲོན་ཤོགཕུལ་ངེས་རེད། དབྱངས་ཅན་མེ་ཏོག་མ་ཡི་མཆུ་སྒྲོས་མཛུམས་ཀྱི་བསུས་པ་ཡིས།
    འབྲོང་རྒོད་དར་མ་བྱང་ཐང་དཀྱིལ་ནས་ཐལ་ཏེ་ཁྱེད་ཀྱི་སར།
    མགྱོགས་མྱུར་རེ་བའི་སྦྲང་རྩི་འཇིབས་ཏེ་གངས་ལྗོངས་ཡུལ་ལ་ཕྱོགས།

    ཧ་ཅང་སྐུ་རྩེད་ཞུས་ཡིན་བུ་མོ་ཁྱེད་རྣམས་མང་ཚོགས་ཀྱི་ལྡིང་ཆའི་སྟེང་དུ་སླེབས་པ་གཟི་བརྗིད་ཡིན།
    ཁྱེད་རྣམས་ཀྱི་ཕ་མ་དང་སྤུན་མཆེད་སུ་ཞིག་ཐུགས་ཕམ་བྱུང་སྟེ་ཁྱེད་ལ་འབར་བ་སྲིད
    འོན་ཀྱང་སློབ་སྦྱོང་བགྱིས་དང་མཛངས་མ་ལས་ཀྱང་ལྷག་པའི་མཁས་པའི་གོ་སར་སླེབས།
    མིང་སྐམ་གཅིག་པོས་མི་ཚེ་ཡི་མཐའ་འཇུག་འཁྱོལ་བ་ཤིན་ཏུ་དཀའ

  16. ཤ་རུས་གཅིག་པ། says:
    2010-06-07 at 8:35 am

    ད་ལོ་བོད་ཀྱི་མཛེས་མ་དག་ནི་བོང་བུའི་བལྟུལ་ཞུགས་འཛིན་པའི་རྒྱག་པ་ཀྱང་པ་རེད་འདུག་འདི་ཚོ་ལ་མཛངས་མེའི་དབུ་རྒྱན་གཡོག་ཆོག་ན་ས་སྟེང་ཀུན་མཛེས་མེའི་གང་ནས་གོམ་པ་རྒྱག་ས་རག་ས་མ་རེད།ད་དུང་གཅེར་བུ་མ་མི་མང་མདུན་སར་སྒྱུ་བ་ལ་ཉམས་ང་མེད་པ་འདི་འདྲའི་རིགས་ལ་བོད་ཀྱི་བུ་མོ་ཡིན་ཞེས་བཤད་དགོས་ན་ངོ་ཡང་ཚ་ས་རེད།

  17. བྱ་རྒོད་རྒྱལ་པོ། says:
    2010-06-07 at 10:25 am

    ཁོང་ཚོར་བོད་ཀྱི་མཛངས་མ་མི་ཟེར་བར། དམན་ཤར་ལབ་ན་ཡག་པོ་འདུག

  18. མེ་ཏོག་དཀར་པོ། says:
    2010-06-07 at 10:43 am

    བསྟན་འཛིན་ནོར་འཛོམས་ལ་རྒྱལ་ཁ་ཐོབ་པར་བཅོས་མིན་བཀྲ་ཤིས་བདེ་ལེགས་ཞུ།
    གོང་གི་དྲ་གྲོགས་ཚོའི་རྗེས་སུ་འབྲངས་ཏེ་བཤད་རྒྱུ་ཞིག་ལ། འགྲན་ཞུགས་པ་གཞན་རྣམས་བློ་ཕམ་གནང་མི་དགོས།
    ཁྱེད་རྣམས་འགྲན་བསྡུར་ལ་ཞུགས་པས་བོད་མི་ཚང་མས་ངོ་ཤེས་པ་ཆགས་སོང་།
    ཁྱེད་རྣམས་འགྲན་བསྡུར་གྱི་ཆ་ཤས་ལེན་པར་དགའ་བསུ་ཡོད།
    བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡང་ཡོད་དོ། །

  19. རིག་གཅིག་རྐང་འཛིན་ says:
    2010-06-07 at 11:39 am

    བསྟན་འཛིན་ནོར་འཛོམས་ལ་རྒྱལ་ཁ་ཐོབ་པར་བཅོས་མིན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱ་དང་ཆབ་ཅིག་ཉིད་ནས་ད་ལམ་བོད་ཀྱི་མཛངས་དབུ་རྒྱན་དེ་ཐོབ་པའི་གོ་སྐབས་བཟང་པོ་དེ་རྒྱུད་དེ་བོད་ཀྱི་ཆོད་དང་རིག་གཞུང་ལ་སྨན་པའི་ཕྱག་ལས་གང་ཐཱུབ་གནང་སྐྱོང་ཡོང་བའི་རེ་བ་ཡང་ཞུ་རྒྱུ་ཡིན།

  20. ཁ་ཕྱོགས་མེད says:
    2010-06-08 at 7:16 am

    རྒྱལ་ཁ་ཐོབ་པའི་རྐྱེན་ལས་ཕམ་ཁ་ཞིག་སྣ་འདྲེན་བྱེད་མི་འོང་བའི་རེ་བ་ཡོད།
    མིང་དོན་མི་མཚུངས་པ་ཁག་ཅིག་ངས་སྔོན་ནས་མཐོང་མྱོང། ལ་ལ་ཞིག་རྒྱལ་ཁ་ཐོབ་པའི་ཕྱིར་ཉིན་དེ་ནས་མི་གཞི་སྔོན་མ་དེ་རྦད་དེ་འགྱུར་ནས་རང་ཉིད་རང་གིས་ངོས་མི་ཟིན་པའི་ཚོད་དུ་ཡོད་མཁན་འདུག
    ད་ཐེངས་ཀྱི་མཛེས་མ་དེ་ལྟར་མི་འགྱུར་བའི་རེ་བ་ཡོད། བསམ་བློ་བཟང་གི་བུ་མོའི་རེ་བ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན་ཟེར་གྱི་འདུག
    དེ་ལ་ནུས་པ་ཞིག་དགོས་ནི་རེད།

  21. རྡོ་རྗེ། says:
    2010-06-10 at 12:23 am

    སྤྱི་ལོ ༢༠༡༠ ལོའི་བོད་ཀྱི་མཛེས་མའི་བྱ་དགའ་ཧིན་སྒོར་འབུམ་གཅིག་ཐོབ་པའི་བུ་མོ་བསྟན་འཛིན་ནོར་འཛོམས་ལ་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་ལ་ཐུགས་ཁུར་གནང་ནས་ཕྱག་ལས་མང་ཙམ་གནང་བའི་རེ་བ་ཡོད།

  22. ཤ་རུས་གཅིག་པ་ says:
    2010-06-10 at 1:20 pm

    ད་བོད་ཀྱི་མཛེས་མའི་མགྲན་བསྡུར་འདི་མཚམས་བྱས་ན་མ་གཏོགས་བོད་པའི་བུ་མོ་ཉམས་འདི་ཚོ་གང་ཟག་སྒེར་བ་ཁ་ཤས་ཀྱིས་དཔལ་འབྱོར་འདུ་འགོད་བྱེད་པའི་ལག་ཆ་ལ་བེད་སྤྱོད་བཏང་བའི་ཚོར་བ་ཞིག་རང་བཞིན་གྱི་སྐྱེ་གི་འདུག་དེར་རྟེན་བུ་མོ་རྣམས་ཀྱི་སོ་སོའི་སློབ་སྦྱོང་ཡག་པོ་གནང་སྟེ་བོད་དོན་ལ་ཕན་པའི་བྱ་བ་ཞིག་སྒྲུབ་ཐུབ་ན་ཡག་པོ་རེད་མ་གཏོགས་མགོ་བསྐོར་འོག་ཏུ་ཚུད་ཉེན་འདུག

  23. མགོ་ལོག་མགོན་ཐོ། says:
    2010-06-10 at 7:22 pm

    བུ་མོ་བསྟན་འཛིན་ནོར་འཛོམས་མཛངས་མ་ཞིག་ཡིན་ཚུལ་གྲོགས་པོ་འགའ་རེའི་ཁ་ནས་གོ་མྱོང་ཡོད། ཡིན་ན་ཡང་། མཛེས་མ་ནི་རྡ་སའི་དབྱངས་ཅན་མེ་ཏོག་རེད།

  24. ཤ་རུས་གཅིག་པ་ says:
    2010-06-11 at 4:04 am

    མགོ་ལོག་མགོན་ཐོ་ལགས་མཛངས་མ་མཛེས་མ་གཉིས་ཀྱི་ཁྱད་པར་གསལ་པོ་ཞིག་གསུངས་གནང་དང་།།

  25. རིན་གླིང་ཕོ་རྒོད། says:
    2010-10-17 at 1:17 pm

    རྒྱལ་ཁ་བ་ལ་བསྔགས་བརྗོད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme