Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་ལང་ཚོ།

Posted on 2018-08-072018-08-07 By ཁ་བརྡ 3 Comments on ངའི་ལང་ཚོ།

ཨཱཙཱརྱ་ཨག་ལོ་ཡིས། 

༼ངའི།༽

ཡོད་ཚད་ལ་དཔྱིད་དཔལ་རྒྱས་ཤིང་ཐམས་ཅད་ལ་ཚེ་སྲོག་འཕར་མ་ཞིག་སྦྱིན་པའི་ནམ་ཟླ་དེར། ཁོ་བོས་ཨ་མའི་ནུ་ཞོ་ལྡུད་མཚམས་བཞག་སྟེ་རྒྱབ་ཏུ་དཔེ་ཁུག་ཆུང་ཆུང་ཞིག་འཁྱེར་ནས་སློབ་གླིང་གི་སྒོ་གླེགས་ཐོག་མར་བརྡུངས། དེ་དུས་ཁོ་བོ་ནི་རིག་པའི་མདའ་རྩེ་རྣོ་ལ་དྲན་པའི་གཞུ་མོ་ཡང་ཤིན་ཏུ་སྐྱེན། ཁྱད་པར་ལྷག་བསམ་གྱི་རང་མདངས་གངས་རིར་འདྲེས་ཤིང་སེམས་རྒྱུད་བལ་སྐུད་ལས་མཆེད་པའི་བྱིས་པ་སྣབས་ལུད་པ་ཞིག་ཡིན།  ཕ་མ་དང་དགེ་རྒན་སོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་དགུང་ལ་འཐོར་བ་ནི་ཉུང་ཉུང་ཞིག་གཏན་ནས་མིན།  འོན་ཀྱང་ཆུང་བྱིས་པའི་རྩེད་ར་ནི་ངའི་སེམས་ཀྱི་ཟབ་ས་དང་རུས་རྐང་གི་གཏིང་རུམ་ན་བཅས་ཡོད་རྐྱེན། དེའི་གཞན་དབང་གིས་མཚམས་རེ་ང་ལ་དགེ་རྒན་དང་ཨ་ཕས་ཐལ་ལྕག་བཞུས་ཏེ་མིག་ཆུས་སྐྱེལ་མ་ཡང་ལན་མང་བྱེད་དུ་བཅུག  འདི་ལྟར་ངས་ཨ་མའི་རུམ་ནས་སློབ་ཆུང་དང་སློབ་འབྲིང་གི་ཐེམ་ཁར་བསྙེགས། འདི་ལྟར་ང་ཨ་མའི་འཐུ་འོག་ནས་སློབ་ལོ་ལོན་པའི་བྱིས་གཞོན་གྱི་ལང་ཚོ་ཞིག་ཏུ་གོམ་སྟབས་གྱུར།

༼ལང་།༽

ཁ་བ་ལྷབ་ལྷུབ་ཏུ་བབས་པའི་དགུན་གཞུང་ཞིག་ལ། ངས་སློབ་འབྲིང་གི་མཆོད་སྟེགས་ལ་གྱེས་ཕྱག་ཕུལ་ཏེ་ཞིང་འབྲོག་གི་འཚོ་བའི་ཨ་ལོང་ལ་འཁྱུད་འགོ་བཙུགས། སྐབས་དེར་ང་རང་ཧ་ལམ་དྲུག་ཟུང་ལང་ཚོའི་ས་བོན་འབུས་མ་ཐག་པའི་བྱིས་གཞོན་ཞིག་ཡིན་ཚོད་ལགས། ཉིན་མོ་དེ་ནས་བཟུང་། ཁོ་བོས་གྲོང་སྡེའི་ཡུལ་མི་རྒན་གཞོན་དང་བསྡོངས་སུ་གོད་སྒྲ་དང་གླུ་དབྱངས། ཁ་ཤགས་འདྲ་མིན་ལྷན་ཞིང་པ་རྒད་པོའི་རྐང་རྗེས་འཚོལ་བའི་བརྟུན་པ་བསྐྱེད། རྡུལ་རྩི་དང་རྔུལ་ཐིགས་ནི་ངའི་རྒྱུན་གཏན་གྱི་གོས་ལྭ་ཞིག་ལགས། འདི་ལྟར་ངའི་ལང་ཚོའི་ཆུ་རྒྱུན་མདུན་ནས་མདུན་དུ་རྒྱུགས་ཡོང་། ཡང་སྐབས་རེ། གཡང་དཀར་ལུག་གི་འབའ་སྒྲ་དང་ནོར་གནག་གི་ངོར་སྒྲ་ལྷན། བྱང་ཐང་འབྲོག་པ་རྣལ་མ་ཞིག་གི་རྣམ་ཐར་ཡང་བསྐྱངས། ཕུ་ཡི་བྲག་རི་དང་བར་གྱི་སྤང་གཤོངས། མདོ་ཡི་ཆུ་མོ་ནི་རང་ཉིད་ལ་དབང་བའི་ཤམྦྷལ་གྲོང་། ད་དུང་སྦྲ་ནག་གྲུ་བཞི་དང་ལྷས་ར་སྒོར་མོ། བཟང་ཁྱི་ཁ་ལྷུག་དེ་བཞིན་འུར་ཆུང་དགུ་སྒྲིལ་བཅས་ནི་ལས་དབང་གིས་བསྐོ་སྒྲིག་བྱས་པའི་བྲལ་ཐབས་མེད་པའི་འབྲོག་ཕྲུག་ངའི་རྩ་ཆེའི་ནོར་སྐལ་ཞིག་ཡིན། གང་ལྟར། ངས་ལྔ་རིག་སུམ་རྩེན་གྱི་གླིང་ཁ་ནས་འབྲོག་པའི་གདང་ར་གྲུ་བཞིར་ཕོ་གསར་གྱི་ལང་ཚོའི་གཏམ་རྒྱུད་ཅིག་འབྲི་བར་འཁོར། འདི་ལྟར་ཁོ་བོས་ཤེས་རིག་བསམ་འཕེལ་ནོར་བུའི་དགའ་ཚལ་ནས་སོ་ནམ་ཞིང་པའི་གཡུལ་སར་གཞོན་གསར་གྱི་ལང་ཚོ་དར་དུ་བསྒྲེང་བར་ཆས།

༼ཚོ།༽

སྡོང་ལོ་སེར་པོ་ས་ལ་འཐོར་ཞིང་ཞིང་པ་རྒད་པོས་ཉམས་བཟང་གི་སྨ་་ར་བྱིལ་བྱིལ་བྱེད་པའི་དུས། ཁོ་བོས་རི་ཆུ་སྟོང་ཕྲག་དུ་མ་སྡོམ་གྱིས་འཇལ་ཏེ་བཙན་འབྱོར་གྱི་འཚོ་བའི་ཐག་སྣེར་འཇུས། དུས་དེ་ནས་བཟུང་ངའི་རིག་པའི་སྤང་ཐང་དུ་གནའ་དེང་ཤེས་རིག་གི་སྦྲང་ཆར་སླར་ཡང་འཇོ་འགོ་བཙུགས།  དེ་ནི་ངའི་བཅུ་དྲུག་ལང་ཚོའི་འགྲུལ་བཞུད་ལ་གློ་བུར་གྱི་སྲང་ལམ་གསར་བ་ཞིག་བསྟན་པ་ཡིན་ལ་རྐྱེན་ངན་གྲོགས་སུ་གྱུར་བའི་གྱ་ནོམ་པའི་གཏང་རག་ཅིག་ཀྱང་དེ་བས་ཡིན་ངེས། གང་ལྟར་ངས་ངན་ངོན་འཚོ་བའི་གྲུ་གཟིངས་ལ་བཞོན་ཞིང་བརྩོན་འགྲུས་ཀྱི་གྲུ་སྐྱ་ཤུགས་ཀྱིས་རྐྱལ་ནས། མ་ཡུམ་སུ་ཇཱ་དང་གནས་མཆོག་འཁོར་མོ་འཇིག་བཅས་སུ་ཤེས་རིག་གི་ནོར་བུ་ལེན་ཞོར་ངའི་དར་མའི་ལང་ཚོ་འདི་ལྟར་ཕར་ལ་བཞུད།། །།

སརྦམངྒལཾ།

ལྷུག་རྩོམ།

Post navigation

Previous Post: མིག་ཆུས་བཀྲུས་པའི་མུ་ཏིག (གླེང་རྩོམ)
Next Post: དྲི་མེད་སེམས་ཀྱི་མཆོད་པ།

Comments (3) on “ངའི་ལང་ཚོ།”

  1. ཨ་ཁུ་འབྲོག་པ། says:
    2018-08-08 at 11:18 am

    ཨག་ལོད་ལགས།
    གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས།།
    མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས།།
    འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ།།
    ཐུབ་པ་གཡུལ་ལད་རྒྱལ་ལ་ཕྱག་འཚལ་ལོ།།
    ཞེས་ཁ་ཏོན་དུ་འདོན་ཀྱང་། ཡུལ་དེ་གར་ཡོད་མི་ཤེས། ཁྱེད་ཉིད་ཀྱིས་ཡུལ་དེར་སློབ་གཉེར་གནང་ཡོད་བཟོ་འདུག་ན། དེ་གར་ཡོད་དང་། ད་ལྟ་རྒྱ་གར་བས་ཅི་ལྟར་འབོད་གསལ་ཁ་ཞིག་ཡོང་བ་ཞུ།

  2. ཨཱཙཱརྱ་ཨག་ལོད། says:
    2018-08-11 at 4:19 pm

    ཱགྲོགས་བཟང་ལགས། འཁོར་མོ་འཇིག་ཅེས་པ་སྐབས་འགར་ཝཱརཱ་ཎི་སཱིར་གོ་བ་ཡོད་སྲོལ་འདུག་དེ་ནི་བུ་སྟོན་ཆོས་འབྱུང་ནང་གསལ་ངེས། ཡིན་ཡང་། ཉིད་ཀྱིས་བསྟན་པའི། འཁོར་མོ་འཇུག་གི་ཡུལ་དུ་བདུད་རྣམས་བཏུལ། །ཞེས་པ་དེ་ཡིན་མིན་ཁ་ཚོན་གཅོད་དཀའོ། །

  3. ཀརྡོ་གཉེར་ཕྱག་པ་ says:
    2018-08-11 at 10:19 pm

    ཝཱརཱ་ཎི་སཱི་ལ། འཁོར་མོ་འཇིག་བསྒྱུར་བ་ཡོད་སྲོལ་འདུག་ཀྱང་། དངོས་ནས་བྱས་ན། ཝཱརཱ་ཎི་སཱི་ནི། ཆུ་བོ་ཝཱརཱཎ་དང་། ཨ་སཱི་གཉིས་ཀྱི་བར་ཆགས་པའི་གྲོང་འཁྱེར་ལ། ཝཱརཱ་ཎི་སཱི་ཞེས་མིང་ཆགས་པར་བཤད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme