Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐྱབས་བཅོལ་བ། (སྐད་གཉིས་ཤན་སྦྱར་གྱི་སྙན་ངག་ཅིག)

Posted on 2018-04-06 By དགེ་རབ་ 5 Comments on སྐྱབས་བཅོལ་བ། (སྐད་གཉིས་ཤན་སྦྱར་གྱི་སྙན་ངག་ཅིག)

Refugees: A Poem by a Gaddi by Santosh Kumari
སན་ཏོཤ་ ཀུ་མཱ་རི་ཟེར་བའི་གདྡི་བ་ཞིག་གི་སྙན་རྩོམ། སྐྱབས་བཅོལ་བ།

Many say I am enlightened
but inside me is a darkness.
༅༅། །དུ་མས་བདག་ནི་ཐམས་ཅད་མཁྱེན་པར་བརྩི།།
འོན་ཀྱང་བདག་གི་བློ་ལ་མུན་པ་ཞིག།།
When I think about my homeland
I wake up from my deep, deep sleep.
རང་གི་ལུང་པ་སེམས་ལ་འཁོར་བའི་སྐབས།།
བདག་ནི་སྟུག་པོའི་གཉིད་ལས་སད་གྱུར་ཏེ།།
Eyes full open, I gaze
to find there is no one around.
མིག་ཟུང་གདངས་ཏེ་ཅེར་ནས་ལྟ་བའི་སྐབས།།
སུ་གཅིག་འགྲམ་དུ་མཐོང་རྒྱུ་མེད་པར་གྱུར།།

I am told I am a king
but I am helpless and alone
དུ་མས་བདག་ནི་རྒྱལ་པོ་ཞིག་རེད་ཟེར།།
འོན་ཀྱང་བདག་ནི་གྲོགས་མེད་ཁེར་རྐྱང་ལུས།།
Where has my nation gone?
I fear for my people and those I love.
བདག་གི་རྒྱལ་ཁབ་ཇི་ལྟར་བརླག་གྱུར་ཏམ།།
བདག་གི་གདུལ་བྱ་ཇི་ལྟར་འཚོ་སྲིད་དམ།།
Time passes and this hope pervades-
One day we will go back home.
དུས་ནི་འདའ་ཞིང་རེ་བ་འདི་ཁྱབ་རྗེས།།
ཉིན་གཅིག་ང་ཚོ་རང་ཡུལ་ཕྱིར་ལོག་བྱ།།
A few mountains away
we are not far-removed.
གངས་རི་འགའ་ཡིས་བར་དུ་བཅད་པ་ལས།།
དེ་འདྲའི་རྒྱང་ཐག་རིང་པོ་ག་ལ་ཡིན།།
Old age enfeebles me,
my legs are sluggish, my arms grow frail.
རྐང་པ་ངལ་ཞིང་ལག་པ་རྙིད་གྱུར་ཏེ།།
ད་ནི་རྒས་ཤིང་འཁོགས་པའི་གནས་སུ་གྱར།།
They say that I have seen the world.
My eyes have not seen much.
བདག་གིས་འཇིག་རྟེན་མཐོང་ཞེས་ཀུན་གྱིས་སྨྲ།།
འོན་ཀྱང་བདག་གི་མིག་གིས་དེ་ལྟར་མིན།།
I long to return to my snow country
to lead my people home.
བདག་དང་ལས་འབྲེལ་ཡོད་པའི་གདུལ་བྱ་ཡི།།
ལམ་སྣ་འདྲེན་ཕྱིར་གངས་ལྗོངས་ལོག་འདུན་ཆེ།།
This is my final supplication
before the sun has set and the moon burned out.
ཉི་མ་མ་ནུབ་ཟླ་བ་མ་འཚིག་གོང་།།
འདི་ནི་བདག་གི་གསོལ་འདེབས་མཐའ་མ་ཡིན།། །།

Translation into Tibetan by Pema Tsewang Shastri

མ་རྩོམ་འབྲེལ་ཐག་འདི་ནས་གཟིགས་གནང་ཞུ།
http://www.phayul.com/news/article.aspx?c=4&t=1&id=40318&article=Refugees%3a+A+poem+by+a+Gaddi

སྙན་ངག

Post navigation

Previous Post: རྨི་ལམ་ཞིག་དང་འབྲེལ་བའི་གཏམ།
Next Post: བོད་ཀྱི་དམག་དཔོན་དང་མདའ་དཔོན་གྱི་གོ་གནས་བཞེས་མྱོང་བའི་ཉི་ཧོང་པ་ཞིག་གླེང་བ།

Comments (5) on “སྐྱབས་བཅོལ་བ། (སྐད་གཉིས་ཤན་སྦྱར་གྱི་སྙན་ངག་ཅིག)”

  1. བྱང་ཆུབ་ལོ་མ། says:
    2018-04-08 at 7:30 pm

    མ་རྩོམ་དབྱིན་ཡིག་ན་སྙན་ངག་སྙན་པོ་ཞིག་འདུག་སྟེ།
    བོད་ཡིག་ནང་ལ་སྙན་པོ་མེད་པ་ཞིག་ཏུ་བསྒྱུར་འདུག

  2. མི་གསོན་པོ། says:
    2018-04-09 at 5:59 pm

    ཡག་པོ་བསྒྱུར་འདུག ཡི་རངས་ཞུ།

  3. བསོད་ནམས་རྡོ་རྗེ། says:
    2018-04-10 at 2:01 am

    ག་རེའི་སྒྱུར། ཡོད་པ་མེད་པར་བཏང་འདུག ད་ར་ཕྱུར་ཁུར་བཏང་འདུག

  4. གཡུ་ཐོག་བུ། says:
    2018-04-23 at 12:48 pm

    བསོད་རྡོར་དང་། བྱང་ཆུབ་ལོ་མས་གཉིས་ནས་བསྒྱུར་རོགས།

  5. གཡུ་ཐོག་བུ། says:
    2018-04-23 at 12:54 pm

    Many say I am enlightened
    but inside me is a darkness.
    ཁོ་བོ་ནི་སངས་རྒྱས་སུ་བརྩི་མཁན་མང་མོད།
    དོན་དངོས་སུ་རང་ཉིད་ནི་རྨོངས་གཉིད་ཅན་ཞིག

    When I think about my homeland
    I wake up from my deep, deep sleep.
    ངས་རང་གི་ཕ་ཡུལ་ཡིད་ལ་འཁོར་ཐེངས་རེར།
    ཆེས་སྟུག་པའི་རྨི་ལམ་གྱི་ཞིང་ཁམས་མང་པོ་བཅོམ་མྱོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme