Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ—ཡུལ་གྱར་བ།   ཡུལ་གྱར་བ—ཕ་ཡུལ།

Posted on 2018-04-05 By ཁ་བརྡ No Comments on ཕ་ཡུལ—ཡུལ་གྱར་བ།   ཡུལ་གྱར་བ—ཕ་ཡུལ།

སྐྱིད་སྲས་དགེ་ལེགས་ཉི་མ།
 
“ཕ་ཡུལ་”ཞེས་པའི་ཡིག་འབྲུ་འདི་གཉིས་ནི་མི་བུ་སུ་ཡིན་ཀྱང་རྐང་མཐིལ་ནས་མགོ་བོའི་བར་ཀྱི་ལུས་ཀྱི་ཟུངས་ཁྲག་གི་རྒྱུ་བ་དང་། ནང་གི་རྣམ་ཤེས་ཀྱི་འགྱུ་སྟངས་སོགས་ཀྱིས་བཏུམ་པའི་ཚིལ་བཏུམ་ཞིག་དང་ཡོངས་སུ་མི་མཚུངས་སམ། ལན་རེར་སྙིང་དྲག་ལྡིང་གིས་བསྐྱེད་པའི་ཁྲག་བཏུམ་ཞིག་ཏེ། སྙིང་ཁོ་ནར་གཟས་ནས་བཏབས་པའི་ལྕགས་འཛེར་ཞིག་དང་མཚུངས་པར་གཅོལ་མེད་གཡོ་མེད་ངང་ཟུག་གཟེར་ཁོ་ན་བསླངས་པར་བྱེད།

ང་ནི་ཡིག་འབྲུ་འདི་གཉིས་ཀྱིས་ཇི་ལྟར་གཙེས་ན་ཡིག་འབྲུ་འདི་གཉིས་དེ་ལྟར་ཇེ་གསལ་དུ་འགྲོ་བཞིན་ཡོད།  ཟུག་གཟེར་འདིས་ངས་བརླག་ཟིན་པ་ཐ་དག་རྒུམ་ནས། ངའི་འཚོ་བའི་བར་གསེང་ནས་བོར་སོང་བའམ། དོར་ཟིན་པ། མ་རྙེད་པ་དག་གི་འཚོ་བཅུད་ཀྱི་སྟོང་ཆ་སྐོང་བཞིན་ཡོད།

ཕ་ཡུལ་ནས་ཕ་ཡུལ་དྲན་པ་ནི་གཅེས་ལངས་སུ་ལོབས་པའི་བྱིས་པ་ཞིག་གི་ཨ་མར་གཅེས་སློང་སྟངས་ཤིག་ཡིན་ལས་ཆེ་སྟེ། རང་ཡུལ་ནས་གཞན་ཡུལ་འཁྱམས་ཤིང་། གཞན་ཡུལ་ནས་རང་ཡུལ་སྙེགས་པའི་ཡུལ་གྱར་བ་ཞིག་གི་ཕ་ཡུལ་དྲན་སྟངས་ནི་ཡེ་ནས་མ་རེད། ལོ་ངོ་དྲུག་ཅུའི་རིང་གཞན་གྱི་ངོ་གདོང་གི་འགྱུར་ལྡོག་ཁོ་ནའི་འོག་རང་ཉིད་ཀྱི་ངོ་གདོང་མ་དོར་བའི་ཡུལ་གྱར་བ་དག གངས་འདབས་ནས་མི་རྙེད་ཅིང་། སྤང་ཐང་ནས་མི་མཐོང་ཞིང་། མཐའ་ན་རང་ཁྱིམ་གྱི་གོ་ཁ་ནས་ཡང་མི་རིག་ནའང་། ཁྱོད་བསྡད་ས་དང་འགྲོ་ས་གང་དུ་ཡང་རླུང་ནང་བཞིན་ང་རང་ཡོད་ལས་ཆེ།

ཡུལ་གྱར་བ་སུ་ཡིན་རུང་རང་ཡུལ་ལ་སུན་སྣང་གི་རྣམ་འགྱུར་རེ་ཉར་ནས་ཕ་ཡུལ་དང་གྱེས་མཁན་ཡོད་མི་སྲིད། ཁོ་ཚོའི་གྱེས་སྟངས་ལ་ལུས་སེམས་གཤགས་པའི་ཟུག་ངུ་རེའམ། ཕྱི་ནས་མི་མཐོང་ཞིང་ནང་ན་སྐྲན་དུ་གྱུར་བའི་ན་ཚ་རེ་ཅིས་ཀྱང་ཡོད་ངེས། ངོས་འདི་ནས་ཁྱོད་ཚོས་ང་ལ་བདེན་ཁ་ཞིག་ཅིས་ཀྱང་སྟེར་དགོས། ལོ་འདི་ཚོར་ཡུལ་གྱར་བ་དག་གིས་ཕ་ཡུལ་ལྷག་ཏུ་དྲན་བཞིན་ཡོད། གོ་ཐོས་སུ་མི་མང་པོ་ཞིག་གངས་འདབས་ནས་འཁྱག་རབས་དང་། སྤང་ཐང་ནས་བརླན་རབས་བཤད་ནས་ས་ཕྱོགས་གཞན་ཞིག་ཏུ་འཚང་གི་ཡོད་པ་ཐོས། འབྲོག་པ་མེད་པའི་རྩྭ་ཐང་ནི་ངའི་ཕ་ཡུལ་མིན་ལ། ཞིང་ས་མེད་པའི་རི་སྡེ་དེའང་ངའི་ཕ་ཡུལ་མིན། ད་ནི་ངས་གངས་དུད་དྲེག་ཅན་གྱི་གངས་རྒན་དེ་དྲན་བཞིན་འདུག དུད་དྲེག་རེ་རེས་སྦྲ་ནག་ཁྲི་ཁྲག་གི་ཁ་ཚུབ་ལས་ཆད་པའི་གཏམ་རྒྱུད་ཀྱི་སྣེ་མོ་རེར་ཐོགས་ནས་ཡོད། གཏམ་རྒྱུད་ཀྱི་འབབ་ཚིགས་དེ་ནི་ཡུལ་གྱར་བ་དག་གི་སེམས་ཀྱི་ལོག་མལ་ཡིན། ལོག་མལ་དེའི་སྒོ་བྱང་ལའང་“ཕ་ཡུལ་”ཞེས་པའི་ཡིག་འབྲུ་ལྗིད་ཁོག་ཅན་དེ་གཉིས་ཀྱིས་གྲུབ་ཡོད། ད་དུང་སྒོ་ཡོལ་རླུང་གིས་སྒུལ་སྟངས་བར་ནས་ཀོ་བའི་དོ་ཆ་དེ་དག་ཀྱང་སྣུམ་གྱི་ལེར་མཐོང་བ་ཡིན།

ད་ནི་རྒས་ཟིན་་་་་་་་ད་ནི་ང་རང་རྒས་པ་མ་ཡིན་ཀྱང་། ངའི་ཉེ་འཁོར་གྱི་ཨ་མྱེས་དག་བཞུད་སོང་། རྨོ་རྨོ་དག་བཞུད་སོང་། ཨ་ཕ་དག་ཀྱང་མགོ་བོ་དཀར་པོ་ཆགས་ནས་མིག་གི་རྒྱང་རིང་མི་མཐོང་རབས་བཤད་ཀྱིན་འདུག ཁོ་ཚོ་དག་ནི་ཕ་ས་དང་མ་ཡུལ་གྱིས་བཞག་པའི་སེམས་ཀྱི་རྣག་ཐུམ་དེ་རལ་མ་ཐུབ་ནས་བཞུད་པ་ཡིན། ཕ་ས་དང་མ་ཡུལ་གྱིས་བཞག་པའི་ལུས་ཀྱི་ཟུག་གཟེར་དེ་འཇགས་མ་ཐུབ་ནས་བཞུད་པ་ཡིན། ཕ་ཡུལ་ལ་ལོག་ཆོག་ཆོག་གི་རྒྱ་ཆེ་བའི་ལམ་གྱི་ཁ་ཞེང་མེད་ནའང་། ཕ་ཡུལ་གྱི་སྒོ་དྲུང་ལ་འཐེན་པའི་རྐང་ལམ་ཞིག་སེམས་ཀྱི་རྟོག་བཏགས་ཀྱིས་བཞེངས་ནས་བཞུད་པ་ཡིན། མཚམས་ལན་རེར་ཁྱོད་ཚོས་བཞུད་ཐེངས་དེ་འབྲོང་གཤར་སྟངས་ཤིག་ཏུ་མཐོང་བཞིན་ཡོད་ལ། རྐང་ལག་པའི་སུག་བཞིའི་རྨིག་པ་ཟད་ཀྱང་འབྲོང་སྙིང་སྔར་བཞིན་འབྲོང་སྙིང་ཡིན་ལ། འབྲོང་རྭ་སྔར་བཞིན་འབྲོང་རྭ་ཡིན་པ་ཁྱེད་ལ་ཐེ་ཚོམ་མེད་ལ། ང་ལའང་ཐེ་ཚོམ་མེད།

ཁ་སང་དེ་རིང་གི་ཡུལ་གྱར་བ་མོད་པོ་ཞིག  དུར་ཁྲོད་གང་ཞིག་ཏུ་ཐོན་པ་དང་ཅི་འདྲའི་མི་མཚུངས་སམ། གང་ལ་སྐྱེལ་བ་གང་ནས་ལུས་པ་ཡིན་ལ། ཕྱིར་འོང་མེད་ཅིང་། རྒྱ་མཚོ་འདི་བརྒལ་བའི་གཏམ་རྒྱུད་ཡོད་ཀྱང་རྒྱ་མཚོའི་འདིའི་སྟེང་དུ་རྐང་རྗེས་སུབ་འདུག་པ་དྲན་ན། ང་ཐོག་མར་རྐང་བ་སྤོ་མགོ་ཚུགས་པའི་མཚེར་ཤུལ་ན་རུལ་དྲི་ཁ་བའི་བམ་རོ་དེ་ཡིན་ནའང་འདོད་མྱོང་། མཚེར་ཤུལ་དེ་ནི་རུས་དུམ་ཀ་ཡིག་ཅན་གྱི་ཕ་ས་ཡིན། སོག་རུས་ཆོས་ཡིག་ཅན་གྱི་དག་ཞིང་ཡིན། ད་དུང་རྒྱབ་རིའི་རྡེའུ་འབུམ་སྤུངས་པའི་རྡོ་དཀར་གསེང་ན་རླུང་བུ་ཞིག་སྐད་གསེང་མཐོན་པོའི་སྒོ་ནས་ངའི་ཕྱོགས་སུ་གྲགས་བཞིན་ཡོད། ད་ནི་དྲན་པ་དེ་དག་ཕྱིར་བཀུགས་ནས་ཐག་ཉེར་བཏངས་ཚེ། གནས་འདི་ན་འཛེར་སྐད་ཀྱི་ནད་ཡམས་ཤིག་གང་སར་འཐོར་འོང་བ་དང་། འགོས་ཡོང་བ། ཁྱབ་ཡོང་བ། འབུར་ཡོང་བ་མཐོང་ན། འདི་ནི་ང་དགུ་ལོའི་རྙིང་གཏོར་གསར་བརྗེ་ལས་ཀྱང་སྐྱི་གཡའ་ཞིང་ཞེད་ལངས་པའི་བཙན་འཛུལ་ཞིག་ཅི་ལ་མིན། བཙན་འཛུལ་འདི་ནི་ཕ་སྐད་ཀྱིས་སྐྱོར་བའི་སྦྲགས་སྐད་རིང་ལུགས་པས་བཙན་འཛུལ་རེད། ལྷག་པར་དུ་གནས་འདི་ན་འཛེར་སྐད་ནི་འབྲོང་དང་གཉའ་ཤིང་གཅིག་གིས་སྦྲེལ་བའི་བོང་བུ་ལྟ་བུ་ཆགས་འདུག་ལ། དེ་གཉིས་མཉམ་དུ་གཡང་དུ་ཟགས་པའང་རིང་བོ་མི་ཐོགས་པའི་ངོ་བོ་ཞིག་ཏུ་ཚོར་བཞིན་ཡོད།

ད་དུང་འཛེར་སྐད་འདི་ནི་“ཕ་ཡུལ་”ཞེས་པའི་ཡིག་འབྲུ་འདི་གཉིས་ལ་རྒོལ་བའི་གཤེད་མར་ཆགས་འདུག་ལ། “ཕ་ཡུལ་”ཞེས་པའི་ཡིག་འབྲུའི་གློ་སྙིང་མཆིན་གསུམ་གཞིབ་པའི་གསོན་འདྲེ་ཞིག་ཏུ་ངང་གིས་མཐོང་ཡོང་། གནས་འདི་ན་འདིས་ཁྱུར་མིད་བྱས་པའི་བུ་ཕྲུག་བགྲང་གིས་མི་ལོངས་ཤིང་། འདིས་བཙན་འཛུལ་ཐེབས་པའི་ཁྱིམ་ཚང་ཡང་ཚོད་ཀྱིས་མི་ལངས། མཚམས་འདིར་སླེབས་ཚེ་ང་ལ་གློ་བུར་དུ་སྐྱི་ཤ་ལངས་ཤིང་། ལུས་པོ་སྦྲིད་པའི་ཚོར་བ་ཞིག་ཤ་གསེང་རུས་གསེང་ན་འཕག་བཞིན་འདུག ཉིན་འདིར་ངས་སྲང་ལམ་འདི་ལས་མཐོང་བའི་དོན་དག་ཅིག་དྲན་སོང་། དེ་ནི་ཕྱི་ལོག་ནས་འཚར་ལོངས་བྱུང་བའི་ཚ་མོ་ཞིག་རང་གི་རྨོ་རྨོ་དང་ལྷན་དུ་ཕྱག་རྒྱ་ཁོ་ནས་བརྡ་སྤྲོད་པའི་རྣམ་པ་དེ་སེམས་ཀྱི་རྩིགས་རྡེབ་ངོས་ལ་གསལ་ལྷང་ངེར་འཆར་སོང་། ད་དུང་རྨོ་རྨོ་དེའི་ཞེ་མུག་པའི་རྣམ་འགྱུར་སྟོན་སྟངས་དེ། ང་ལ་འཁང་ར་བྱེད་པ་དང་ཡོངས་སུ་འདྲ་འདུག མཚམས་འདིར་ངས་རང་ཉིད་ལ་དྲི་བ་ཞིག་ཀྱང་དགོད་དགོས་བྱུང་། གལ་ཏེ་བཙན་འཛུལ་ཐེབས་པའི་ཁྱིམ་ཚང་འདི་དག་ལོ་ངོ་ག་ཚོད་ཀྱི་རྗེས་སུ་མེས་པོའི་ཕ་ཁྱིམ་དུ་ལོག་འདོད་ཡོད་དམ། ལོག་ཚེ་ཁོ་ཚོར་འཚོ་བ་གསར་པ་ཞིག་གི་རྨང་གཞི་ནས་འདིང་དགོས་པའི་ངེས་པའང་མི་འདུག འདི་ལྟར་བསམ་ཞིང་འདི་ལྟར་དྲན་བཞིན་ང་སླར་ཡང་གངས་དུད་དྲེག་ཅན་གྱི་ཕ་གཞིས་སུ་ཆས་པ་ཡིན། དེ་ནི་ངའི་གོམ་གཤིས་སུ་ཆགས་འདུག་སྟེ་སེམས་ཀྱིས་ངལ་གསོ་སྟངས་ཤིག་ཀྱང་ཡིན།

༢༠༡༨-༠༣-༣༠ཉིན་ལྡི་ལི་གཟི་གསོལ་མགྲོན་ཁང་ནས།

ལྷུག་རྩོམ།

Post navigation

Previous Post: འཕགས་ཡུལ་གཞུང་དམངས་ལ་བཀའ་དྲིན་ཆེ།  
Next Post: མཚར་གཏམ། ཨེན་སེ་ཀྲེན་དང་བོད་པའི་འབྲོག་པ་ཐུག་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme