Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལ་རྩེའི་གསལ་བསྒྲགས།

Posted on 2018-03-032018-03-03 By ཁ་བརྡ 5 Comments on ལ་རྩེའི་གསལ་བསྒྲགས།

འདས་ལོར་བོད་ཡུལ་དུ་གཏན་འཁེལ་བྱུང་བའི་“བོད་ཀྱི་ཡིག་གཟུགས་ཉིན་མོ་” (སྤྱི་ཟླ་ ༤ ཚེས་ ༣༠)ལ་རྒྱབ་སྐྱོར་དང་མཉམ་ཞུགས། དེ་དར་ཁྱབ་ཏུ་གཏོང་བ་ལ་རམ་འདེགས་བཅས་ཀྱི་ཆེད་དུ་ལ་རྩེ་ནས་འདི་ལོའི་ཟླ་ ༤ ཚེས་ ༢༩ ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བོད་ཀྱི་ཡིག་གཟུགས་ཀྱི་ལས་འགུལ་ཞིག་སྤེལ་གཏན་འཁེལ་བ་ཡིན། ང་ཚོས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ལ་བོད་ཀྱི་ཡིག་གཟུགས་ཀྱི་དུས་སྟོན་འདི་སྤེལ་རྒྱུ་ནི་དུས་སྟོན་འདི་བོད་ཁམས་བརྒལ་ནས་རྒྱལ་སྤྱིའི་སྟེང་ལ་བསྐྱོད་པའི་གོམ་སྟེགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལས་འགུལ་འདི་ནི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་དང་། ཡིག་མཁན་གྱིས་ཡིག་གཟུགས་འབྲི་སྟོན། བོད་ཕྲུག་རྣམས་ལ་ཡིག་གཟུགས་ཀྱི་སྦྱོང་བརྡར་བཅས་ཀྱིས་གྲུབ་པ་ལས། འགྲེམས་སྟོན་བྱ་རྒྱུའི་ཡིག་གཟུགས་ཀྱི་བརྩམས་ཆོས་ནི་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པར། རྒྱལ་སྤྱིའི་སྟེང་ནས་བསྡུ་རྩིས་ཡིན། ལ་རྩེའི་ལས་བྱེད་ཡོངས་ནས་བོད་ཀྱི་ཡིག་གཟུགས་ལ་དགའ་མཁན་དང་འབྲི་མཁན་གང་མང་མང་ཞིག་གི་བརྩམས་ཆོས་ལས་འགུལ་འདིར་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅིང་། དེ་ལ་ཞུགས་སྟངས་ཀྱི་སྐོར་ལ་དོན་ཚན་འགའ་ཞུ་རྒྱུ་ཡོད་པ་གཤམ་གསལ་ལྟར།

• འདེམས་ཞུགས་བརྩམས་ཆོས་རྣམས་ང་ཚོའི་ཡིག་ཟམ་(email 电子邮箱)info@latse.org དང་སྐད་འཕྲིན་(微信) lartsegrogspo ཞེས་པ་བརྒྱུད་ནས་སྐུར་གཏོང་གནང་རྒྱུ་དང་། ཟླ་ ༣ ཚེས་ ༡༥ ཉིན་ནི་འབྱོར་ཚེས་མཐའ་མ་ཡིན།

• བརྩམས་ཆོས་བསྐུར་སྐབས་དེ་དང་མཉམ་དུ་ཡིག་མཁན་གྱི་མཚན་དང་། བཞུགས་གནས། བརྩམས་ཆོས་ཀྱི་ཆེ་ཆུང་གི་ཚད། ཡིག་མཁན་གྱི་ཕོ་མོའི་དབྱེ་བ་བཅས་གནས་ཚུལ་གནང་རྒྱུ་མ་བརྗེད་རོགས།

•   ཡིག་མཁན་རེ་ནས་འདེམས་ཞུགས་ཀྱི་བརྩམས་ཆོས་གཉིས་རེ་བཏང་ཆོག བརྩམས་ཆོས་ཀྱི་ཆེ་ཆུང་གི་ཚད་ནི་ མཐའ་རྒྱན་འདུས་པའི་ 91cm*122cm (公分ཡང་ན་ལི་སྨི་)ཡིན།

•  དཔྱད་འདེམས་ཚོགས་ཆུང་ནས་དཔྱད་འདེམས་བྱས་རྗེས་འགྲེམས་སྟོན་གྱི་གྲས་སུ་ཚུད་པ་རྣམས་ཟླ་ ༣ ཚེས་ ༡༥ ནས་གཟའ་འཁོར་གཅིག་གི་ནང་ལ་ཁྱབ་བསྒྲགས་བྱ་རྒྱུ།

•   འགྲེམས་སྟོན་དུ་འོས་འདེམས་བྱུང་བའི་བརྩམས་ཆོས་རྣམས་ཟླ་ ༤ ཚེས་ ༢༡ གི་བར་དུ་འདི་ག་ལ་འབྱོར་དགོས།

•   འགྲེམས་སྟོན་ལ་འདེམས་ཐོན་བྱུང་བའི་བརྩམས་ཆོས་རྣམས་འདི་གར་སྐུར་གཏོང་གི་འགྲོ་སོང་ནི་ཡིག་མཁན་རང་གི་འགན་ཁུར་ཡིན།

•   འགྲེམས་སྟོན་ལ་འདེམས་ཐོན་བྱུང་བའི་བརྩམས་ཆོས་རྣམས་ཉོ་མཁན་བྱུང་ན། ཡིག་མཁན་གྱི་མོས་མཐུན་ལྟར་བཙོང་རྒྱུ་ཡིན་པ་དང་། དེའི་རིན་གོང་ནི་འདི་ག་ནས་ཡིག་མཁན་དང་གྲོས་བསྡུར་གྱིས་གཏན་འབེབས་བྱེད་རྒྱུ་ཡིན། • ཚོང་སྒྱུར་བྱས་པའི་རིན་འབབ་ཀྱི་ 50% ཡིག་མཁན་ལ་འབུལ་རྒྱུ་དང་། 50% འདི་ག་ལས་ཁུངསཀྱིས་འགྲེམས་སྟོན་གྱི་ཁང་གླ་གཙོ་བོར་གྱུར་བའི་འབྲེལ་ཡོད་ཀྱི་འགྲོ་སོང་ལ་གཏོང་རྒྱུ་ཡིན། དེ་ནས་ལྷག་ན་ལ་རྩེ་ཡི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ལས་གཞི་ལ་གཏོང་རྒྱུ་ཡིན།

•   ཚོང་སྒྱུར་བྱེད་མི་འདོད་པ་དང་བྱེད་མ་ཐུབ་ཅིང་། ཡིག་མཁན་གྱི་ཕྱིར་རང་ལ་བསྐུར་འདོད་གནང་ན། ལ་རྩེ་ནས་དེ་ལྟར་ཞུ་རྒྱུ་དང་། སྐུར་ཡོན་གྱི་འགན་ཁུར་ལ་རྩེ་ནས་ལེན་རྒྱུ་ཡིན།

མཇུག་མཐར། འགྲེམས་སྟོན་འདིར་ཞུགས་འདོད་པ་རྣམས་ལ། ལས་འགུལ་འདི་ནི་བོད་ཀྱི་རིག་གནས་དང་སྐད་ཡིག ལྷག་པར་བོད་ཀྱི་ཡིག་གཟུགས་ཀྱི་མཛེས་ཉམས་འདོན་པ་གཙོ་གནད་དུ་གྱུར་བའི་ལས་འགུལ་ཞིག་ཡིན་སྟབས། བྲི་བྱའི་ནང་དོན་ལ་སྲིད་དོན་གྱི་ལྟ་བ་དང་གནས་ཚུལ་སོགས་མི་འགོད་པར་ཐུགས་རྗེ་ཆེ་ཞུ།

གསལ་བསྒྲགས།

Post navigation

Previous Post: སེམས་སོང་མ། ཆོག་སོང་མ། 
Next Post: ‘‘ལྷ་སའི་ཇོ་བོའི་སྐུ་རྒྱུ་གང་ལས་གྲུབ་བམ།’’

Comments (5) on “ལ་རྩེའི་གསལ་བསྒྲགས།”

  1. དགྲ་ལས་རྣམ་རྒྱལ། says:
    2018-03-04 at 3:28 am

    ཡིག་གཟུགས་དབུ་ཅན་ཡིན་ནམ་དབུ་མེད་ཡིན། ཤོག་ངོས་གཅིག་གམ། ཡང་ན། ཚིགས་བཅད་ག་ཚོད་ཡིན།
    ཁ་གསལ་ཙམ་གནང་རོགས། ཆེ་ཆུང་དང་དཔེ་སྟོན་ཞིག་འདིར་བཀོད་ན་ལེགས།

  2. ཨ་ཁུ་འབྲོག་པ། says:
    2018-03-05 at 7:20 am

    སྲིད་དོན་གྱི་ལྟ་བ་དང་། གནས་ཚུལ་སོགས་ཟེར་བའི་ནང་། ༧གོང་མཆོག་གི་གསུང་སྲིད་དོན་གྱི་ལྟ་བ་དང་། གནས་ཚུལ་སོགས་མེད་པ་ཞིག་བྲི་བྱའི་ནང་དོན་ཟེར་བར་ཡོད་ན། སྲིད་དོན་ལ་བརྩི་ཡི་རེད་དམ་མ་རེད།

  3. བན་དེ་བ། says:
    2018-03-05 at 9:08 am

    ལ་རྩེ་ཟེར་བ་མ་རེད་༼ལ་བཙས་༽ཟེར་བ་རེད། བོད་སྐད་དག་མ་དང་གནའ་རབས་ཀྱི་ཡིག་ཆ་སོགས་ལས་དེ་ལྟར་གསལ་བས་དེས་ན་གོ་དོན་གཏིང་ཟབ་ཡོད་པས་ཐ་སྙད་གསར་བཟོ་མ་གནང་རོགས།

  4. པད་མ་འབུམ། says:
    2018-03-14 at 12:01 pm

    དགྲ་ལས་རྣམ་རྒྱལ་ལགས། ཡིག་གཟུགས་དབུ་ཅན་དང་དབུ་མེད། ལཉྪ། ཝརྟུ། ཧོར་ཡིག་སོགས་གང་ཡིན་ཡང་རུང་། ཚིགས་བཅད་ཅི་ཙམ་འབྲི་རྒྱུ་སོགས་ཡིག་མཁན་རང་གིས་ཐག་གཅོད་དགོས། གཙོ་བོ་ཡིག་མཁན་གྱི་གྱིས་ཡིག་གཟུགས་ཀྱི་མཛེས་ཉམས་ཇི་ལྟར་ཐོན་ཐུབ་པ་གཙོ་བོ་འཛིན་རྒྱུ་དེ་རེད།
    ཆེ་ཆུང་གི་ཚད་ལ་གསལ་བསྒྲགས་སུ་ ” བརྩམས་ཆོས་ཀྱི་ཆེ་ཆུང་གི་ཚད་ནི་ མཐའ་རྒྱན་འདུས་པའི་ 91cm*122cm (公分ཡང་ན་ལི་སྨི་)ཡིན།”ཞེས་འཁོད་ཡོད་པ་འདི་ཁ་གསལ་པོ་ཞིག་ཐོན་མི་འདུག་པ་དགོངས་དག་ཞུ། དོན་ངོ་མ་ནི་ཆེ་ཆུང་གི་ཚད་91cm*122cm (公分ཡང་ན་ལི་སྨི་)ལས་མ་བརྒལ་བ་ཞིག་དགོས་པ་ཡིན། འདི་ལས་ཆུང་བ་ཅི་ཙམ་གྱིས་ཆུང་ན་ཡང་སྐྱོན་མེད།

  5. སྣམ་ཕྲུགJamdor says:
    2018-04-01 at 2:28 pm

    ཡིག་གཟུགས་ཆེ་ཆུང་དེར་གློག་ཀླད་ནང་ངོ་ཤུས་བྱས་ནས་བཏང་དགོས་ཙང་དཀའ་ངལ་འདུག མ་ཟད་བོད་ནང་བཞུགས་པ་ཚོ་མཉམ་བཞུགས་ཇི་ལྟར་ཐུབ་མིན་དང་ཁོང་ཚོས་གདལ་བསྒྲགས་གཟིགས་ཨེ་ཐུབ། ད་དུང་འགྲེམས་སྟོན་ནང་ཚུད་ན་ལག་འཁྱེར་ལྟ་བུའི་གཟེངས་བསྟོད་རེ་ཡོད་ན་འཛུལ་བཞུགས་པ་མང་ཙམ་ཡོང་བའི་དགེ་མཚན་མེད་དམ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme