Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼སྨྱུག་ཐོགས་བོད་མོ།༽ཞེས་པའི་དེབ་གསར་ཞིག

Posted on 2018-02-202018-02-21 By ཁ་བརྡ 1 Comment on ༼སྨྱུག་ཐོགས་བོད་མོ།༽ཞེས་པའི་དེབ་གསར་ཞིག

ཁྲོ་གཏུམ་གྱིས་མཁོ་སྤྲོད་བྱས།

དེབ་ཀྱི་དབུ་འབྱེད་མཛད་སྒོར་ཆེད་ཕེབས་གནང་བའི་དཔལ་ལྡན་བོད་མི་མིང་སྤྱི་འཐུས་ཚོགས་གཞོན་ཨ་ཅ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རྒན་ཡེ་ཤེས་ཆོས་བཟང་ལགས། དེབ་ཀྱི་རྩོམ་སྒྲིག་པ་ཆོས་ཉིད་བཟང་པོ། དེ་མིན་གསར་འགོད་པ་དང་དོ་སྣང་ཅན། ཕྱག་སྦྲེལ་ལས་རོགས་རྣམས་བཅས་ཀྱིས་ཉིན་བཟང་སྐར་བཟང་༧རྒྱལ་བའི་བླ་བཟའ་ལྷག་སྐར་ཉིན་མོ་དང་། ཕྱི་ཟླ་ ༢ པའི་ཚེས་ ༡༤ འཛམ་གླིང་གི་དགའ་རོགས་དུས་ཆེན་ཉིན་མོ། བོད་ཀྱི་གནམ་ལོ་གསར་བའི་དགུ་ཟློགས་དང་དགུ་ཐུག་གི་ཉིན་མོ་སུམ་འཛོམས་ཐོག བཙན་བྱོལ་བོད་ཀྱི་བུད་མེད་བོད་ཡིག་ཐོག་རྩོམ་འབྲི་གནང་མཁན་དང་ཀློག་པ་པོ་རྣམས་སུ་ཁྱབ་མཉམ་འཅར་འདྲི་ཞུས་པའི་དེབ་གསར་གྱི་མཛད་སྒོ་སྟབས་བདེ་ཞིག་བཞུགས་སྒར་ངྷ་སར་འཚོགས་པ།

<<སྨྱུག་ཐོགས་བོད་མོ།>> ཞེས་པའི་དེབ་ཀྱི་སྐོར་རག་ཙམ་བརྗོད་ན།

དེབ་ནང་དུ་བོད་ཡིག་ཐོག་རྩོམ་འབྲི་མཁན་དང་ཀློག་པ་པོ་ ༣༣ ལྷག་ཅིག་ལ་བཅར་འདྲི་ཞུ་བའི་གོ་སྐབས་བྱུང་ཞིང་། གཞན་ཡང་ལྷག་སོང་བ་དང་སོ་སོའི་ལས་ཀའི་བྲེལ་འཚུབ་འོག་ནས་ལན་འདེབས་གནང་མ་ཐུབ་པ་ཡང་བྱུང་ཡོད། སོ་སོའི་སྒེར་ངོས་ནས་བོད་ཡིག་གི་དེབ་བཏོན་ཡོད་པ་ ༡༥ ཡོད་ཅིང་། དེབ་འདིའི་ནང་གི་དྲིས་ལན་དག་ཕྱོགས་གསུམ་ལ་བགར་ནས་བཤད་ཆོག་པར་བསམ། བོད་ཀྱི་སྲོལ་རྒྱུན་རྩོམ་རིག བོད་ཀྱི་དེང་རབ་རྩོམ་རིག བོད་གཞི་བྱེས་གཉིས་ཀྱི་རྩོམ་རིག

ལན་འདེབས་གནང་མཁན་གྱི་བུད་མེད་དག་ནི་རྒྱ་གར་དང་ཨ་རི། ཨོ་སི་ཁྲོ་ལི་ཡ། ཁ་ན་ཊ། སིལ་སི། བྷེལ་འཇམ་སོགས་རྒྱལ་ཁབ་འདྲ་མིན་ན་ཡོད་པའི་ལྟ་ཚུལ་དང་མཐོང་ཚུལ། གོ་རྟོགས། ནུས་སྟོབས། ཁོར་ཡུག་མ་འདྲ་བ། ཡུལ་སྲོལ་མ་འདྲ་བ། སྐད་ཡིག་མ་འདྲ་བ། རིག་གཞུང་མ་འདྲ་བ། དད་མོས་མ་འདྲ་བའི་རྒྱལ་ཁབ་རེ་ན་བཞུགས་མཁན་གྱི་མཐོང་ཐོས་མྱོང་གསུམ་དང་གོ་རྟོགས་ཀྱི་ནུས་པ་བཏོན་ཞིག་རེད།

རྩོམ་དེབ་ནང་གི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱི་ལས་རིགས་ཀྱི་ཕྱོགས་ནས་ཡིན་ནའང་། དགེ་རྒན་གྱི་ལས་རིགས། རྩོམ་རིག་དང་ཞིབ་འཇུག་གི་ཕྱག་ལས། གསར་འགོད་པའི་ཕྱག་ལས། བསྒྱུར་རྩོམ་གྱི་ཕྱག་ལས། བོད་མི་མང་སྤྱི་འཐུས་ཀྱི་ཕྱག་ལས། གཞུང་འབྲེལ་ཁྲིམས་ལུགས་ཀྱི་ཕྱག་ལས། དེ་མིན་མཐོ་སློབ་འགྲིམས་བཞིན་དུ་སྤྱི་ཚོགས་བརྒྱུད་ལམ་ཁག་དུ་རྩོམ་འབྲི་བཞིན་པ་དང་གསར་འགྱུར་འབྲི་བཞིན་པ། རྒྱལ་སྤྱིའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཡིན་པ། ཚོགས་མི་ཡིན་པ་སོགས་ཀྱི་བུད་མེད་མང་པོ་ཞིག་གི་དྲིས་ལན་སྣ་འདུས་ཤིག་ལས་གྲུབ་པ་ཞིག།

དྲི་བའི་ཁ་ཕྱོགས་ནི་རྩོམ་རིག་གི་སྐོར་ཡིན་ཀྱང་། རྩོམ་རིག་གི་ནང་གསེས་ནས་ཆབ་སྲིད་དང་འབྲེལ་བའི་སྐོར། རྩོམ་གཞུང་དང་འབྲེལ་བའི་སྐོར། ཆོས་ལུགས་དང་འབྲེལ་བའི་སྐོར། དེང་རབས་སྙན་ངག་དང་འབྲེལ་བའི་སྐོར། སྤྱི་ཚོགས་དཔྱད་བརྗོད་དང་འབྲེལ་བའི་སྐོར། གསར་འགྱུར་དང་འབྲེལ་བའི་སྐོར་སོགས་བརྗོད་བྱ་འདྲ་མིན་ཞིག་ཏུ་གྱུར་བའི་དེབ་ཞིག་ཆགས་ཡོད་པར་འདུག

སྐུ་མགྲོན་གཙོ་བོ་ མཆོག་གིས་ ༼སྨྱུག་ཐོགས་བོད་མོ།༽ ཞེས་པའི་དཔེ་དེབ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། བཙན་བྱོལ་ནང་བོད་ཡིག་ཐོག་སྤྱི་ཚོགས་དང་འབྲེལ་བའི་དཔེ་དེབ་དཔར་བསྐྲུན་བྱེད་མཁན་དེ་ཙམ་མེད་པའི་སྐབས་འདིར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་དཔེ་དེབ་དེ་འདྲ་ཞིག་དཔར་བསྐྲུན་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ང་རང་སྒེར་ངོས་ནས་ལེགས་སོའི་བསྔགས་བརྗོད་ཞུ་རྒྱུ་དང་། ང་ཚོས་དཔེ་དེབ་དཔར་བསྐྲུན་བྱེད་ཐུབ་པ་ཙམ་མིན་པར་དཔེ་དེབ་དེ་དག་སྤྱི་ཚོགས་སྟེང་ཡོད་པའི་དཔེ་མཛོད་ཁང་དང་། ཤེས་ཡོན་བསྟི་གནས་ཁང་སོགས་ཀྱི་ནང་བགོ་བགྲེམས་ཀྱིས་དཔེ་དེབ་དཔར་བསྐྲུན་ཞུས་པའི་དམིགས་ཡུལ་སྒྲུབ་ཐུབ་པ་ཞིག་དགོས་གལ་ཆེན་པོ་མཐོང། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་ཤཱན་ཏ་ཀུ་མར་ (Shri Shanta Kumar) མཆོག་གིས་ལྗགས་རྩོམ་མཛད་པའི་ཧི་མཱ་ལ་ཡའི་སྟེང་གི་གྲིབ་གཟུགས་དམར་པོ། (Red Shadow over the Himalayas) ཞེས་པའི་དཔེ་དེབ་དེ་ཕྱི་ལོ་ ༡༩༦༥ ལོར་དཔར་བསྐྲུན་དང་པོ་ཞུས་པ་དང་། དེ་ནས་ ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༦ ལོར་སླར་ཡང་དཔེ་དེབ་དེ་དབུ་འབྱེད་ཀྱིས་དཔར་བསྐྲུན་གནང་ཡོད་པ་སོགས་ལུང་འདྲེན་གྱིས་དཔེ་དེབ་གང་འདྲ་ཞིག་དཔར་བསྐྲུན་ཞུས་ཀྱང་དེས་དུས་ཚོད་ག་དུས་ཡིན་ཡང་རན་པོ་ཡོད་པའི་ཐོག་ནས་བསྐྱར་དུ་དཔར་བསྐྲུན་ཞུས་ཐུབ་པ་བྱས་ནས་སྤྱི་ཚོགས་ ལ་ཕན་ཐོགས་ཐུབ་ན་ཡག་པོ་ཡོད་ཅེས་དང་།

ཕྱོགས་མཚུངས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཕྱི་ནང་གི་མཛད་སྒོ་ཆེ་ཁག་དང་། དཔེ་དེབ་དབུ་འབྱེད་སོགས་སུ་བཅར་བའི་ཉམས་མྱོང་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཕྱིའི་དཔེ་དེབ་དབུ་འབྱེད་གནང་སྐབས་མཁས་དབང་དང་། དཔེ་དེབ་ཀྱི་བརྗོད་གཞི་དང་འབྲེལ་བའི་ཞིབ་འཇུག་པ་སོགས་གདན་ཞུས་ཀྱིས་བགྲོ་གླེང་ལྷུགས་པོ་གནང་སྟེ་དཔེ་དེབ་ཀྱི་ནང་དོན་གང་ཙམ་དབུ་འབྱེད་མཛད་སྒོའི་སྐབས་རྟོགས་ཐུབ་པའི་དགེ་མཚན་ལེགས་ཆ་རྣམས་ང་ཚོས་མ་འོངས་པར་དཔེ་ལེན་དགོས་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ལེགས་པར་གྲུབ་གནང་ཡོད།

བཅར་འདྲིའི་དམིགས་ཡུལ་ནི།
༡༽སྒེར་དེབ་ཅན་དང་སྒེར་དེབ་མེད་ཀྱང་རྩོམ་འབྲི་བཞིན་པ།བུད་མེད་ཀློག་པ་པོ་བཅས་ཀྱི་མྱོང་རོལ་ཚུད་ཐབས་བྱས་ཡོད།

༢༽བཙན་བྱོལ་བའི་གནས་བབ་ནས་གཞིས་བྱེས་གཉིས་ཀྱི་བུད་མེད་བརྩམས་ཆོས་ལ་གུ་ཡངས་པའི་ལྟ་ཚུལ་འདོན་པར་རེ་བ་བརྒྱབ་ཡོད།

༣༽ཀློག་མཁན་ཚོས་རྩོམ་པ་པོ་སོ་སོའི་རྩོམ་གཤིས་ཐད་ཀར་མཇལ་ཐུབ་པ་ཡོང་ཆེད་དྲིས་ལན་དག་ཡི་གེའི་ལམ་ནས་ལན་འདེབས་གནང་དུ་བཅུག་ཡོད།

གསར་འགྱུར།

Post navigation

Previous Post: བོད་པ་ཚོའི་དྲ་ལམ་གྱི་དགའ་སྐྱོ་ཟུང་འབྲེལ།  
Next Post: བལ་ཡུལ་ཧི་མ་ལ་ཡའི་མི་རིགས་ཚོས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པ།

Comment (1) on “༼སྨྱུག་ཐོགས་བོད་མོ།༽ཞེས་པའི་དེབ་གསར་ཞིག”

  1. ལ་དྭགས་འཇམ་དཔལ།། says:
    2018-02-21 at 1:36 am

    ཛམ་གླིང་གི་དགའ་གྲོགས་རྟག་ཏུ་གནས་པར་གྱུར་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme