Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་གཏོར་བཞིན་ཡོད། འགན་ལེན་མཁན་སུ་ཡང་མེད།

Posted on 2018-02-08 By ཁ་བརྡ 17 Comments on ང་ཚོ་གཏོར་བཞིན་ཡོད། འགན་ལེན་མཁན་སུ་ཡང་མེད།

བློ་གྲོས་རབ་བརྟན།

 

བློ་བཟང་སེང་གེ་ནི་ང་ཚོའི་སྲིད་སྐྱོང་རེད་དེ། ལས་འགན་དེ་བོད་པ་ཚོ་མཐུན་སྒྲིལ་ངང་གནས་དགོས་པའི་འགན་དེ་ཁོ་ལ་མེད་པ་འདྲ། སྤྱི་ཚོགས་ཀྱི་དཀའ་ངལ་སེལ་ཐབས་དང་ཞི་འཇགས་ཡོང་ཐབས་རྩ་བ་ནས་བྱེད་ཀྱི་མི་འདུག་ལ། དཀའ་ངལ་མང་དུ་གཏོང་བ་དང་སྤྱི་ཚོགས་ལ་བརྡབ་གསིག་མང་དུ་གཏོང་གི་འདུག དེ་ཁོང་གི་ལས་ཀ་རེད་འདུག ང་ཚོ་ལ་དགོས་པའི་ལས་ཀ་དེ་རེད་དམ། བློ་སེང་ལ་ཤ་ཚ་བའི་མི་སུ་ཞིག་ཡོད་ན། བསླབ་བྱ་རྒྱག་དགོས་པའི་དུས་ལ་བསླེབས་འདུག

བོད་པའི་སྤྱི་ཚོགས་འདི་མཐུན་སྒྲིལ་དང་། ཞི་འཇགས་ངང་གནས་དགོས་པའི་འགན་དེ་བླ་སེང་ལ་ཡོད། བློ་སེང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རེད། ལས་འགན་ཅི་ཞིག་རེད། ལས་འགན་གཉིས་ལས་མེད། གཅིག བོད་ཀྱི་བདེན་མཐའ་འམ་གཞིས་བྱེས་མཉམ་འཛོམས་ཡོང་ཐབས་དང་། གཉིས་པ། བཙན་བྱོལ་བོད་མི་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་དེ་རེད། དེ་གཉིས་ལས་ལྷག་པའི་ལས་དོན་གལ་ཆེན་ཞིག་བོད་མི་ཚོར་མེད་ན། བློ་སེང་བོད་མི་ཚོས་བསྐོས་པའི་སྲིད་སྐྱོང་ཡིན་དུས། ལས་འགན་དེ་གཉིས་བསྒྲུབ་དགོས། དེ་གཉིས་ལས་བློ་སེང་གི་ལག་ན་ཡོད་པའི་བསྒྲུབ་ཐུབ་པ་དེ་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་རེད། དེ་བློ་སེང་གི་ལག་ན་ཡོད། དེ་ཁོས་བསྒྲུབ་ཐུབ་པ་ཞིག་རེད། བློ་སེང་གིས་བསྒྲུབ་ཐུབ་པ་དེ་མ་བསྒྲུབ་པར་དེར་གཏོར་བཤིག་གཏོང་གི་འདུག བློ་སེང་གིས་བོད་མི་ཚོ་ཁ་འཐོར་གཏོང་གི་འདུག ཆོལ་ཁའི་ཕྱོགས་རེས་ལ་དེད་ཀྱིན་འདུག བློ་སེང་གིས་ང་ཚོ་དགོས་པ་དེ་བྱེད་ཀྱིན་མི་འདུག་ཅིང་། དེའི་ལྡོག་ཕྱོགས་རྐྱང་རྐྱང་བྱེད་ཀྱིན་འདུག ང་ཚོས་ང་ཚོའི་མཐུན་སྒྲིལ་གཏོར་བཤིག་གཏོང་མཁན་ཞིག་སྲིད་སྐྱོང་ལ་བསྐོས་པ་རེད་དམ། དེ་ཡིན་ན་ནི་འགྲིག་འདུག ཁོས་ལས་ཀ་དེ་ཏག་ཏག་བྱེད་ཀྱིན་འདུག དེ་མིན་ཕྱིན་ཆད་ངེས་པར་དུ་བོད་མི་ཚོས་བསམ་བློ་གཏོང་དགོས་པའི་དུས་ལ་བསླེབས་འདུག

བློ་སེང་ལ་ཤ་ཚ་ནི་དང་གྲོས་འདེབས་ནི་ཞིག་ཡོད་ན་ནི། བློ་སེང་ལ་ཁ་ཏ་བསླབ་བྱ་རྒྱག་དགོས། ཁམས་པའི་ཞེན་ཁོག་གིས་བཟི་བསྡད་པའི་མི་སུ་ཞིག་ཡིན་ནའང་། བློ་སེང་ཁམས་པ་ཡིན་པའི་ཆ་ནས་ཀྱང་ལས་ཀ་ཡག་པོ་བྱེད་ཐུབ་པར་བསླབ་བྱ་གནང་རོགས། ངེས་པར་དུ་འགན་ལེན་རོགས། གང་ན་སུ་ཡོད་ན་བློ་སེང་སྟངས་འཛིན་གནང་རོགས། ཁྱེད་ཅག་ལ་བློ་སེང་འདི་བོད་ཆོལ་ཁ་གསུམ་གྱིས་ངོས་ལེན་ཡོད་པའི་སྲིད་སྐྱོང་ཞིག་ཡིན་ན་དགའ་ངེས་རེད། དེ་ནི་ཁྱེད་ཅག་གི་གཟི་བརྗིད་དང་ལ་རྒྱ་རེད། ང་ཚོ་ཡིན་ནའང་ལས་ཀ་ཡག་པོ་བྱས་ན་འགོ་ལ་སྡོད་མཁན་སུ་ཡིན་ལ་ཁྱད་པར་རྩ་བ་ནས་མེད་ཅིང་། ཁྱོད་ཅག་གིས་ཐབས་ཤེས་ཅིག་འཐེན་རོགས། བློ་སེང་ལ་ལས་ཀ་ནོར་འཁྲུལ་ཡིན་པ་ཤེས་བཅུག་སྟེ་དྲང་ལམ་དུ་འཇོག་རོགས། དབུས་གཙང་དང་ཨ་མདོ་ཡིས་བློ་སེང་ཐད་ལྷག་བསམ་རྣམ་དག་དང་དྲང་བཞག་གིས་འགྲིག་མིན་བཤད་ན། བློ་སེང་དང་བློ་སེང་གི་ཕྱོགས་གཏོགས་ཚོས་གོ་བ་ལོག་སྒྲུབ་ཀྱི་ཆོལ་ཁའི་འཐེན་འཁྱེར་ལ་དེད་ཀྱིན་འདུག ང་ཚོ་ལ་བྱ་ཐབས་ཟད་སོང་། ཞེན་ཁོག་ཅན་ཚོས་ཁམས་པའི་ཞེན་ཁོག་རང་བྱས་ཏེ། བློ་སེང་འདི་བོད་པ་སྤྱི་ཡི་སྲིད་སྐྱོང་ཞིག་ཆགས་པར་ཐབས་ཤེས་གནང་རོགས། ཁྱེད་ཅག་གི་ཁ་ལ་བློ་སེང་ཉན་བདེ་བ་དང་ཕོག་ཐུག་ཉུང་བ་ཡོད་ངེས་རེད། ཐབས་ལམ་དེ་གནད་དོན་སེལ་བར་ཡག་ཤོས་རེད་འདོད།

རྡ་ས་ན་མིང་འདྲ་མིན་གྱི་ཚོགས་པ་ག་ཚོད་ཡོད། ཁྱེད་ཅག་གིས་ད་བར་བྱུང་མྱོང་མེད་པའི་བོད་མིའི་མཐུན་སྒྲིལ་གྱི་གནས་བབ་དེ་མཐོང་མེད་པ་འདྲ། ཡང་ན་སུ་ཞིག་ལ་སྐྲག་ནས་བསྡད་ཡོད། ཁྱོད་ཚོས་རྐུབ་སྟེགས་སྲུང་གི་ཡོད་ན་སྲུང་སྟངས་དེ་འདྲ་གང་ནས་ཡིན། རྩོད་རྙོག་འདུམ་སྒྲིག་ཁང་ཟེར་བའི་ཚོགས་པ་དེའི་ལས་ཀ་ཅི་རེད། དེ་བཞིན་གཞོན་ཚོགས་དང་སློབ་ཕྲུག་ཚོགས་པས་འོས་བསྡུའི་སྐབས་ལ་རྣམ་འགྱུར་འདྲ་མིན་བསྟན་ཅིང་། ད་ཐེངས་བོད་མི་རིགས་འདིའི་མཐུན་སྒྲིལ་ཁྱོན་ཡོངས་ནས་ཉམས་ཀྱིན་པའི་སྐབས་འདིར་ངག་ལྐུག་ཅིང་ལག་ཞ་དོན་ཅི། དེ་སྔོན་སྤེན་ཚེ་ལ་ནེའུ་ཡོག་ནས་ཚོགས་པ་ཁག་གིས་གསོལ་སྟོན་འདེགས་སྐབས་གཞོན་ཚོགས་མཉམ་ཞུགས་བྱས་མེད་པ་དེས། གཞོན་ཚོགས་བློ་སེང་གི་ཕྱོགས་ལ་འཁོར་ཡོད། དེ་འགྲིག་འདུག ཁྱེད་ཅག་གི་འདོད་པ་རེད། ཡིན་ནའང་གཞོན་ཚོགས་ལ་བོད་མི་ཚོ་མཐུན་སྒྲིལ་ཡོད་ན་དགའ་རྒྱུ་རེད་འདོད། བློ་སེང་གི་ལས་ཀ་བྱེད་སྟངས་དང་འབྲེལ་ཏེ།བོད་མི་ཚོའི་མཐུན་སྒྲིལ་གྱི་གནས་བབ་ག་བར་ཟགས་འདུག དེ་མུར་འཇོག་ཐུབ་པ་ཞིག་རེད་དམ། བོད་རང་བཙན་ལེན་རྒྱུའི་ཁ་ཕོ་ལས་མིག་མདུན་ན་བོད་མི་ཚོའི་མཐུན་སྒྲིལ་ཉིན་རེ་བཞིན་ཉམས་བཞིན་པ་དེ་སྣང་དུ་བཞག་ན། དེས་བློ་སེང་གི་བྱེད་སྟངས་ལ་མོས་མཐུན་ཡོད་པ་མཚོན་ཞིང་། བོད་མི་ཚོའི་མཐུན་སྒྲིལ་གཏོར་ལ་གྲོགས་བྱེད་མཁན་གྱི་ཚོགས་པ་ཞིག་ཏུ་འགྱུར་གྱི་ཡོད། 

ནམ་རྒྱུན་སྤྱི་ཚོགས་ཁྲོད་ན་ཅིག་ཤོད་འབྲི་བྱེད་མཁན་འཇམ་ནོར་དང་བསྟན་རྡོར་སོགས་ཁ་ཤས་ཤིག་ཡོད་ཀྱང་།ད་ཐེངས་བོད་མི་ཚོ་ཁ་འཐོར་དུ་འགྲོ་བཞིན་པར་རྒྱབ་ནས་ཞོགས་འདེགས་མཁན་ཞིག་ཏུ་གྱུར་འདུག འཇམ་ནོར་གྱིས་ངག་བསྡམས་ཤིང་། བསྟན་རྡོར་གྱིས་ཟུར་ཟའི་རི་མོ་རེ་བྲིས་ཏེ། རུལ་སུངས་དང་སྒེར་གཅོད་མཁན་ལ་ལག་པ་གཏོང་གྱིན་འདུག ཁྱོད་ལ་ལྟ་བ་དང་ལངས་ཕྱོགས་ག་འདྲ་ཡོད་ནའང་མི་རིགས་འདིའི་འཐབ་རྩོད་དང་གནས་བབ་ལ་བསམ་བློ་བཏང་སྟེ། མི་རིགས་འདི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་གནས་དགོས་པའི་འགན་དེ་བོད་མི་ཚང་མ་ལ་ཡོད་པ་རེད་དེ། ད་ཐེངས་འཇམ་ནོར་དང་བསྟན་རྡོར་ལྟ་བུས་མི་མང་དཀྱུས་མ་ཞིག་གི་འགན་དེ་ཡང་བཞེས་ཐུབ་ཀྱི་མེད་ཅིང་། ཁོང་ཚོ་སྐོར་ཞིག་ནི་ནམ་རྒྱུན་བོད་ཀྱི་གནད་དོན་ཆེ་ཕྲ་དག་གི་ཐད་ནས་ཚད་མཐོན་པོ་ཞིག་ཤོད་འབྲི་བྱེད་མཁན་ཡིན་ཁུལ་རེད་དེ། བོད་མི་ཚོའི་མཐུན་སྒྲིལ་ཉིན་རེ་བཞིན་གུད་བཞིན་པ་འདི་ལ་མཐེབ་བོ་སྒྲེངས་ཀྱིན་འདུག

ཨ་གཞུང་གིས་འགྲོ་སོང་བཏང་། མཐུན་རྐྱེན་སྦྱར་བའི་ཨ་རིའི་རླུང་འཕྲིན་ཟེར་བ་དང་། ཨེ་ཤ་ཡ་བོད་སྐད་སྡེ་ཚན་གཉིས་ནས་འགན་བླངས་ཏེ། ང་ཚོའི་མཐུན་སྒྲིལ་ཉམས་བཞིན་པའི་རྐྱེན་རྩ་དང་དེའི་བརྒྱུད་རིམ། རྒྱུ་ཕྱོགས་བཅས་ཀྱི་ཐད་བགྲོ་གླེང་རེ་བྱེད་ཐུབ་ན། མི་མང་པོ་ཞིག་ལ་གནས་ཚུལ་གསར་ཤེས་དང་ཁ་ཕྱོགས་ལ་འགྱུར་བ་ཐེབས་ཏེ།མཐུན་སྒྲིལ་ལ་བསྐུལ་དེད་ཡོང་སྲིད་ཀྱང་། དེ་འདྲའི་འགན་ལེན་པ་ཕར་ཟད་ད་དུང་འབྱུང་བཞིན་པའི་གནས་ཚུལ་ཟང་ཟིང་དག་ཆེད་དུ་སྦས་ནས་ཡག་པོ་རྐྱང་རྐྱང་བཤད་སྟོན་བྱེད་བཞིན་ཡོད། བྱེད་སྟངས་དེ་ནི་སྐྱོན་ཅན་ཚོའི་སྐྱོན་སྦས་རོགས་རེད་ལ། མཐུན་སྒྲིལ་གཏོར་མཁན་གྱི་གཟུགས་བརྙན་སྤྱི་ཚོགས་ཁྲོད་ཡག་ཏུ་གཏོང་གི་ཡོད།འཇིག་ཞུམ་མི་དགོས་པའི་ཨ་རིའི་ཡུལ་གྲུ་འདི་ནས་བོད་པའི་གསར་ཁང་གི་མིང་འཛིན་པ་འདི་གཉིས་བོད་མིའི་མཐུན་སྒྲིལ་ལ་འགན་འཁྲི་མེད་ཅིང་། རང་གི་རྐུབ་སྟེགས་རང་སྲུང་བ་རླབས་ཆེན་རྐྱང་ཡིན་འདི་ནས་བསྟན་འདུག

ཆུ་འགོ་ནས་རྙོག་ན་ཆུ་རྔ་ནས་མི་དྭངས་བ་བཞིན། འགོ་སྲིད་སྐྱོང་ནས་བོད་མིའི་མཐུན་སྒྲིལ་གཏོར་ཡོང་དུས།འབངས་མི་སེར་དཀྱུས་མ་དཀྲུགས་རྒྱུ་ཡིན་པ་གཏན་འཁེལ་རེད། བློ་སེང་ལ་མི་མང་ཁྱོན་ཡོངས་ནས་ལས་ཀ་བྱེད་སྟངས་ཐད་བརྡ་ལན་གསར་བོ་ཞིག་སྤྲོད་མ་ཐུབ་ན། མུ་མཐུད་དེ་ད་མུས་བཞིན་སོང་ན་མ་འོངས་པར་མི་རིགས་ཀྱི་འཚོ་གནས་དང་འཐབ་རྩོད། ལས་དོན་སྣ་མང་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་ངེས་པ་རེད། བློ་སེང་ལོ་འགའི་རྗེས་ནས་འགྲོ་མཁན་རེད་ལ། ཤུལ་ན་གསུབ་ཐབས་མེད་པའི་མི་རིགས་འདི་ལ་གོ་ཆག་ཆེན་པོ་ཞིག་དང་མཐུན་ཐབས་མེད་པའི་ནང་འཛིང་ཆེན་པོ་ཞིག་འཇོག་རྒྱུ་གཏན་འཁེལ་ཡོང་གི་འདུག

བསམ་ཚུལ།

Post navigation

Previous Post: རྩ་དོན་སྙིང་བཅངས་ཀྱི་བདག་པོ། བདེན་པ་རང་སྲུང་གི་དཔའ་བོ།
Next Post: ལི་སི་པོན་གྲོང་གསེབ་ཆུང་ཆུང་རེད།

Comments (17) on “ང་ཚོ་གཏོར་བཞིན་ཡོད། འགན་ལེན་མཁན་སུ་ཡང་མེད།”

  1. ཇོ་སྲས་ངག་དབང་། says:
    2018-02-08 at 11:15 pm

    བློ་སངས་ལ་སློབ་སྟོན་བྱེད་མཁན་དང་ལྐོག་ཇུས་འདོན་མཁན་པདྨ་ཆོས་འབྱོར་རེད།

  2. དགོན་པ་ཚང་ དར་རྒྱས་ says:
    2018-02-09 at 12:29 am

    བློ་སེང་ཁྱི་སྨྱོན་རྒྱུག་རྒྱུག་བྱས་ནས་འཛམ་གླིང་གང་སར་བོད་གཞུང་གི་དངུལ་འགྲོ་སོང་གཏང་ནས་སྤྲོ་ཆམ་ལ་འགྲོ་ནས་དུས་ཚོད་བསྐྱེལ་བཞིན་པར་ཨ་རིའི་གསར་འགྱུར་ལས་ཁུངས་གཉིས་ཀྱི་བློ་སེང་གིས་བྱས་རྗེས་ཆེན་པོ་འཇོག་གི་ཡོད་པ་འདྲ་པོ་སྟོན་གྱི་འདུག་ད་ལྟ་བློ་སེང་ཁོ་པ་ག་པར་འགྲོ་རུང་གནད་ཁག་ཞིག་རྩ་བ་ནས་མཐོང་གི་མི་གདུག་ཁོ་པ་ཐུག་འཕྲད་བྱེད་སའི་མི་དེ་ཚོ་ང་ཚོ་མི་སྐྱུས་མས་ཀྱང་ཐུག་འཕྲད་བྱ་འཐུབ་ཀྱི་རེད་ཁོ་པས་བཤད་པ་དེ་ཚོ་འདྲ་པོ་ང་ཚོས་ཀྱང་བཤད་འཐུབ་ཀྱི་རེད་ཨ་རིའི་རླུང་འཕྲིན་ཁང་ཚོ་ཐབས་སྐྱོ་པོ་དེ་འདྲ་མ་གནང་དང་ང་རང་ངོ་ཚ་པོ་གདུག

  3. ཀརྡོ་རབ་འབྱམས་པ་ says:
    2018-02-09 at 2:24 am

    བློ་སེང་གིས། དོན་གཅོད་སྤེན་ཚེ་ལགས་ལ། འཐབ་རྫིང་བཏང་ནས་བཟུང་། ད་སྲིད་སྐྱོང་གིས། བོད་མིའི་སྒྲིག་འཛུགས་གཏོར་བཤིག་གཏོང་ཐུབ་བགྱི་མ་རེད། དེ་བས་མའོངས་པའི་སྲིད་སྐྱོང་བསྐོ་ཡ་ལ། ད་ལྟ་ནས་གྲ་འགྲིག་བྱེད་དགོས་རེད།

  4. འཇམ་དཔལ་ཚུལ་ཁྲིམས says:
    2018-02-09 at 7:34 am

    དྲ་གྲོགས་བློ་གྲོས་རབ་བརྟན་ལགས།
    ༢༠༡༦་ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་ཁྱེད་ཀྱིས་སྲིད་སྐྱོང་གི་ཁ་གཏད་ལ་བྲིས་པ་རེ་ཟུང་མཇལ་མྱོང་ཡོད་པར་དྲན། དེའི་རྗེས་ནས་ང་དྲ་རྩོམ་མང་པོ་ཀློག་ཁོམས་མ་བྱུང་ལ་དེའི་དབང་གིས་ཁྱེད་ཀྱི་ལྗགས་རྩོམ་མཇལ་མ་བྱུང་། ད་ལན་བསྐྱལ་དུ་མཇལ་བར་འཚམས་འདྲི་ཞུ།
    ཁྱེད་ཀྱིས་ལྗགས་རྩོམ་གྱི་ནང་དུ་སྲིད་སྐྱོང་ལ་མ་ཉེས་ཁ་གཡོག་མང་པོ་གནང་ཡོད་པ་སྤྱི་མཚུངས་རེད་འདུག དོན་གནད་མང་དྲགས་པའི་ཐམས་ཅད་ལན་འདེབས་ཚོད་ཀྱང་མི་འདུག་ལ་ལན་འདེབས་པའི་འགན་ཡང་ང་ལ་མེད་པ་རེད།
    ཁྱེད་ཀྱིས་“བློ་སེང་གི་ལག་ན་ཡོད་པའི་བསྒྲུབ་ཐུབ་པ་དེ་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་རེད། དེ་བློ་སེང་གི་ལག་ན་ཡོད། དེ་ཁོས་བསྒྲུབ་ཐུབ་པ་ཞིག་རེད། བློ་སེང་གིས་བསྒྲུབ་ཐུབ་པ་དེ་མ་བསྒྲུབ་པར་དེར་གཏོར་བཤིག་གཏོང་གི་འདུག བློ་སེང་གིས་བོད་མི་ཚོ་ཁ་འཐོར་གཏོང་གི་འདུག ཆོལ་ཁའི་ཕྱོགས་རེས་ལ་དེད་ཀྱིན་འདུག” སོགས་བྲིས་པ་འདི་དག་ནི་ཏག་ཏག་དེའི་ལྡོག་ཕྱོགས་དེ་རེད། རང་དབང་དམངས་གཙོའི་ནང་དུ་བསམ་ཤེས་བྱེད་མ་ཐུབ་ན་བློ་སེང་གིས་བྱེད་ཐུབ་པ་གང་ཡང་མེད་པ་ནི་གནས་ལུགས་རེད། བློ་སེང་ཕར་ཞོགས། གླེང་རིན་ཀྱང་མེད། ༧གོང་ས་མཆོག་གིས་ཀྱང་གང་ཡང་གནང་མི་ཐུབ་པ་དངོས་རྗེན་ལ་ཡོད་པ་འདི་རེད་ལ། འདི་འདྲ་ལ་སངས་རྒྱས་བཅོམ་ལྡན་གྱིས་ཀྱང་གནང་ཡོང་རྒྱུ་མེད་པའི་གནས་ལུགས་ཤིག་རེད། དེའི་རྒྱུ་མཚན་ནི་སྐྱོན་ཡུལ་ལ་ཡོད་པ་ལས་ཡུལ་ཅན་ཡོད་པ་ཞིག་མ་རེད། འོ་ན་ཁྱེད་ཀྱིས་གཅིག་གསུང་དང་། ཁོང་གིས་གང་གནང་དགོས། “ངས་ནོར་སོང་དགོངས་དག་ ཁྱེད་ཚོ་འགྲིག་འདུག”་ཅེས་གསུང་དགོས་སམ། དོལ་རྒྱལ་བས་ཀྱང་“ཏ་ལའི་བླ་མས་ངས་ནོར་སོང་ལབ་ན་མཐུན་ཡོང་གི་རེད”་ཅེས་བཤད་ཀྱི་འདུག་གའ་། ཅི་སྟེ་དེ་འདྲ་ཞིག་གསུང་བའི་དབང་དུ་བཏང་རུང་དེས་གནས་ཚུལ་ཞི་འཇགས་འགྲོ་བའི་འགན་ལེན་ཐུབ་བམ། ནོར་མེད་པའི་གནང་སྟངས་ལ་“ནོར་སོང”་ཞེས་སུས་གསུང་གི་རེད། ཁྱེད་ཚོས་ནོར་མེད་བསམ་གྱི་ཡོད་ཚོད་རེད་པས་ཁྱེད་ཚོས་“ང་ཚོས་ནོར་སོང་། སྲིད་སྐྱོང་ལགས་དགོངས་དག”་ཅེས་ཞུ་ཐུབ་བམ། གནས་ལུགས་འདི་འདྲ་རེད། ལམ་གཅིག་ཡོད་པ་དེ་ནི་བསམ་ཤེས་བྱེད་པ་དེ་རེད།
    ཆིག་སྒྲིལ་གྱི་ཆེད་དུ་སྲིད་སྐྱོང་གིས་ངོས་ནས་གང་གནང་དགོས་པ་ཏག་ཏག་གནང་བསྡད་ཡོད་པ་འདི་རེད། འདི་ཆིག་སྒྲིལ་སྤེལ་བའི་ཐབས་ལམ་རེད། ལན་འདེབས་གསལ་བཤད་གང་བྱེད་དགོས་པ་དེ་བྱས་ཚར་རྗེས། རང་ལ་མ་ཉེས་ཁ་གཡོག་ཅི་ཙམ་བཏང་རུང་ཁུར་ནས་བསྡད་ཡོད་པ་འདི་ཁོང་གིས་ཐུབ་པའི་ཆིག་སྒྲིལ་སྲུང་བའི་བྱ་བ་དེ་རེད། དེ་མིན་ལོག་བཤད་དང་སླང་འདེབས་བཟོད་དཀའ་བ་འདི་དག་ལ་རེ་རེ་བཞིན་ལན་འདེབས་རྒྱུ་མེད་པ་ག་ལ་ཡིན་ཏེ། རྩ་བ་ནས་མིན་ན་ཡང་ཁུ་སིམ་མེར་བཞུགས་པ་འདི་ཆིག་སྒྲིལ་སྲུང་བའི་ལམ་གཅིག་བུ་དེ་རེད་དོ།

  5. དགོན་པ་ཚང་ དར་རྒྱས་ says:
    2018-02-09 at 11:20 am

    འཇམ་དཔལ་ཚུལ་ཁྲིམས་ལགས་ཁྱེད་ཐང་ཐང་ཡིན་རྒྱུ་རེད་སངས་རྒྱས་བཅོམལྡན་གྱིས་ཁོང་གི་བཀའ་ལ་སྔོན་ལ་རྟག་དཔྱད་གྱིས་གསུང་བ་བཞིན་ཁྱེད་ཀྱིས་བརྟག་དཔྱད་གྱིས་ཡོད་དོག་ཁ་པོ་རེད་དེར་གཏན་སངས་རྒྱས་ཀྱི་གསུང་ལ་ནོར་འཁྲུལ་གདུག་གམ? ༧གོང་ས་མཆོག་གིས་དོད་རྒྱལ་བ་ཚོར་བླང་དོར་གྱི་བཀའ་སློབ་གནང་བ་དེར་ཁྱེད་ཀྱིས་བརྟག་དཔྱད་གྱིས་ཡོད་དོག་ཁ་པོ་རེད་དེར་བསྟན་༧གོང་ས་མཆོག་ལ་ནོར་འཁྲུལ་གདུག་གམ? ༧གོང་ས་མཆོག་གིས་ཁྱེད་དང་དོད་རྒྱལ་བ་ཚུད་པའི་ང་ཚོ་བོད་མི་ཡོད་དོ་ཅོག་ལ་བླ་ན་མེད་པའི་བཀའ་དྲིན་བསྐྱང་ཡོད་པ་ཁྱེད་ཀྱི་ཤེས་ཀྱི་ཡོད་འདོག་ཁ་པོ་རེད་དེ་ལྟ་བུའི་བླ་ན་མེད་པའི་མགོན་བསྐྱབས་དམ་པ་ཞིག་བློ་སེང་ལྟ་བུར་རྩི་བ་དེ་ཡིན་ཙང་ཁྱེད་ཐང་ཐང་ཡིན་པས་ཟེ་བ་ཡིན། ཁྱེད་ཀྱི་བློ་སེང་ལ་བརྟག་དཔྱད་གྱིས་ཡོད་འདོག་ཁ་པོ་རེད་གྱིས་ཡོད་ན་ཁོ་པའི་གསར་གཏོད་ག་པར་འདུག? གོ་པའི་གཅིག་འགྲིལ་ག་པར་འདུག? ཁོ་པའི་རང་ཁ་རང་གསོ་ག་པར་འདུག་? རྒྱལ་བ་རིན་པོ་ཆེ་ག་དུས་བོད་ལ་གདན་འདྲང་སོང? དེ་ལ་སོགས་པ་བློ་སེང་གིས་དུས་ད་ལྟ་བར་དུ་སྐྱག་རྫུན་ག་ཚད་ཤིག་བཤད་སོང་དེ་ཐོག་ལ་ཁྱེད་ལྟ་བུའི་ཧམ་པ་བློ་སེང་ལ་བདེན་པ་བཤད་རྒྱུ་མེད་དུས་བཟོད་སྒོམ་ཟེ་བ་དེར་བསྟན་ཁྱེད་ཐང་ཐང་ཡིན་པས་ཟེ
    བ་ཡིན།

  6. ཀརྡོ་རབ་འབྱམས་པ་ says:
    2018-02-09 at 11:22 am

    ཝ་རྒྱལ་ ཝ་ལ་ སྡང་བའི་ སྒྲུང་དེ་ ཡང་ཡང་ དྲན་གསོ་ གཏོང་བགྱིད འདུག གཞན་ཅང་ མི་ཤེས་སོ།།

  7. ཀརྡོ་རབ་འབྱམས་པ་ says:
    2018-02-09 at 11:25 am

    བློ་སེང་ཡ་རབས་རེད་དམ། མ་རབས་ཤིག་རེད། བློ་སེང་ཧམ་བཤད་པ་ཞིག་རེད་དམ། དྲང་བདེན་པ་ཞིག་རེད། བློ་བླེང་གཡོ་ཅན་ཞིག་རེད་དམ། ལ་རྒྱ་ཡོད་མཁན་ཞིག་རེད། ལགས། ཅིག་གསུང་དང་།

  8. རྒྱ་ཞིང་མྱི་དཀར། says:
    2018-02-09 at 12:13 pm

    ཡག་པོ་བྲིས་འདུག་་ཡིན་ན་ཡང་ད་འགྱང་སོང་་་ད་ཚར་སོང་་་ད་བརླག་སོང་་་ད་བཞུད་སོང་་་ད་ཁྱབ་སོང་་་་་ད་བཅོས་ཐབས་མེད་དོ།།

  9. རྒྱ་ཞིང་མྱི་དཀར། says:
    2018-02-09 at 12:15 pm

    དཔེར་ན་་་་འཇམ་དབྱགས་ཚུལ་ཁྲིམས་བཞིན་ད་རུང་ཅང་ཤེས་ཀི་མེད་ནོ་ད་ཐབས་ཤེས་ཅི་ཡོད།

  10. སྐལ་བཟང says:
    2018-02-09 at 12:43 pm

    འཇམ་དཔལ་ཚུལ་ཁྲིམས་ཟེར་བ་ཁོང་ཡང་ཅང་མི་ཤེས་ཤེས་ཁུལ་བྱེད་མཁན་ཞིག་རེད་འདུག སྙིང་རྗེ་་་་་དཔེ་འཇོག་བྱེད་སྟངས་ལ་ཅིག་ལྟོས་དང་། ཡ་ང་བ་རང་རེས་ཞག་་་་་་་་་་་ད་ཅི་བྱ་བོད་ཕྲུག་ཚང་མ་འདི་འདྲ་རྐྱང་རྐྱང་རེད།

  11. བསམ་ཤེས། says:
    2018-02-09 at 2:22 pm

    གནས་ཚུལ་གང་ཡིན་རུང་། མི་གཅིག་ལ་འགན་གཡོགས་ན་མི་ཕན། བློ་སེང་ལ་སྐྱོན་ཡོད། སྤེན་ཚེ་ལ་ཡང་སྐྱོན་ཡོད། གཉིས་ཀའི་སྐྱོན་མདུན་ལ་སྤུངས་ནས། ཐབས་ལམ་བཙལ་ན་ལེགས།

    བློ་སེང་ལ་སྐྱོན་ཡོད་ལ། སྤེན་ཚེ་ལ་ཡང་སྐྱོན་ཡོད། ང་ཚོ་དཀྱིལ་ལ་དྲང་པོ་བྱས་ནས་ཐབས་ཤེས་འཚོལ་ན་ལེགས།

    སྲིད་སྐྱོང་རྗེས་མ་དེ་བློ་སྤེན་གཉིས་ཀ་མ་ཡིན་པ། གཉིས་ཀའི་རྗེས་བྲང་མ་ཡིན་པ། ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གྲའི་ནང་ལ་མེད་པ། ལོ་གཞོན། བསམ་བློ་གསར་པ། བློ་སྤེན་གཉིས་ཀའི་སྐྱོན་མཐོང་ནས། གཉིས་ཀ་རྒྱང་རིང་ལ་སྤོང་ཐུབ་མཁན། རྒྱ་གར་གི་གཞིས་ཆགས་ལ་སྐྱེས་པ། ཆོལ་ཁའི་ལྟ་བ་མེད་པ། རྒྱལ་བ་རིན་པོ་ཆེར་བཀའ་དྲིན་ཚོར་ཐུབ་མཁན། མི་དམངས་ཀྱི་མངོན་འདོད་བསྒྲུབ་ཐུབ་མཁན་ཞིག་ཡོང་བའི་འབད་པ་བྱེད་དགོས་འདུག

  12. Dopdan gyaltsab says:
    2018-02-09 at 6:29 pm

    བཀྲ་ཤིས་བདེ་ལེཊ་

  13. རིན་ཆེན་ says:
    2018-02-09 at 6:31 pm

    འཇམ་དཔལ་ཚུལ་ཁྲིམས་ཟེར་བ་ཁོས་དེ་སྔོན་ཁ་བརྡ་དྲ་བར་གྲྭ་ཟུར་ཨ་མཆོད་མིང་ཐོགས་ནས་བློ་སེང་འགྲིག་ཡོད་མདོག་གི་རྩོམ་རིང་ཞིག་སྤེལ་སོང་། དེ་རིང་འདིར་འཇམ་ཚུལ་མིང་ཐོག་ནས་བློ་རབ་ཀྱི་རྩོམ་ལ་ཅིག་བཤད་ཁུལ་རེད། དགོད་རྒྱུ་ཡོང་གི་འདུག

  14. Dopdan gyaltsab says:
    2018-02-09 at 6:37 pm

    ཨ་དོན་ལས་དོན་ཚམ་གཅོད་གྱི་རྙོག་དྲ་འདི་མི་གཉིས་དཀར་པོ་རེ་དང་ནག་པོ་རེད་དེའི་སྐད་ཆ་ཞིག་མ་རེད་དེ་ནི་ཁྲིམས་དང་སྒྲིགས་གཞི་དགོང་དོན་ལ་ཐུགས་ཡོད་

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-09 at 7:03 pm

    སྲིད་སྐྱོང་ངམ་བཀའ་འཁྲི་འམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་འཁྲིད་རྗེས་མ་དེ་ཕྱིའི་རྒྱལ་ཁབ་ཀྱི་མི་སེར་མིན་པ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཞིག་འདེམས་དགོས་པ་དེ་ད་ལམ་གྱི་སྙོགས་གླེང་ནས་མི་མང་གཉིད་སད་ཡོད་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་གནང་དགོས་པ་དེ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་གནས་ཐུབ་པའི་འགན་འཁུར་བཞེས་དགོས་པ་དེ་གལ་ཆེན་མིན་པ་ཡིན་ནམ་།

  16. འཇམ་དཔལ་ཚུལ་ཁྲིམས says:
    2018-02-09 at 9:00 pm

    དྲ་གྲོགས་དགོན་པ་ཚང་དར་རྒྱས་ལགས། འཚམས་འདྲི།
    ངས་“རྒྱུ་མཚན་ནི་སྐྱོན་ཡུལ་ལ་ཡོད་པ་ལས་ཡུལ་ཅན་ཡོད་པ་ཞིག་མ་རེད།”་ཅེས་བྲིས་ཡོད། སྐབས་འདིར་ཡུལ་དང་ཡུལ་ཅན་གཉིས་གང་ལ་གོ་རྒྱུ་ཡིན་པ་དེ་ཙམ་ད་མཁྱེན་ཚོད་རེད་བསམ་སོང་། ཁྱེད་ཀྱིས་བདག་གི་མཆན་ཡག་པོ་ཀློག་གནང་དང་།
    ངས་ཡུལ་གྱི་སྐྱོན་རེད་ཅེས་པ་དེ་མ་འགྲིག་ན་ངས་ཁྱེད་ལ་དགོངས་དག་ཞུ། ད་དེ་ཙམ་ཡིན་ལགས།
    གུས་བཏུད་བཅས།

  17. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-09 at 9:37 pm

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་མི་ལོ་ཉི་ཤུ་རྩ་བདུན་ལ་ཉེ་བའི་སྐབས་འདིར་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསེས་བཞི་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་གནང་བ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཐུགས་འགན་འགྲུབ་པ་ལ་ངོས་འཛིན་ཞུ་དགོས་ཀྱི་ཡོད་པ་ཡིན་ནམ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme