Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་སེང་ལགས། སྤྱི་ཚོགས་མ་དཀྲུགས་རོགས།

Posted on 2018-01-30 By ཁ་བརྡ 12 Comments on བློ་སེང་ལགས། སྤྱི་ཚོགས་མ་དཀྲུགས་རོགས།

བློ་གྲོས་རབ་བརྟན།

ད་ནི་བསྡད་ཀྱིན་བསྡད་ཀྱིན་བློ་བཟང་སེང་གེ་ཇེ་བཙོག་ནས་ཇེ་བཙོག་རེད། བློ་སེང་སྲིད་སྐྱོང་གིས་ཁྲི་ལ་བསྡད་ནས་བཟུང་བོད་པའི་སྤྱི་ཚོགས་དཀྲུགས་སོང་། ད་དུང་བློ་སེང་རྒྱག་མི་འདུག་ཅིང་། མུ་མཐུད་དེ་དཀྲུགས་ཀྱིན་འདུག དེ་རིང་དང་ཁ་སང་ཡུ་རོབ་ནས་སྟོན་པའི་བོད་པའི་ངོ་གདོང་ལ་ཅིག་ལྟོས་དང་། ག་འདྲ་འདུག བློ་སེང་ཡུ་ཡོབ་ལ་བོད་པའི་སྤྱི་ཚོགས་དཀྲུགས་པར་བསླེབས་པ་རེད། ཡག་ཐག་ཆོད་དཀྲུགས་འདུག ང་ཚོ་ལ་དགོས་པ་དེ་རེད་དམ། བློ་སེང་གི་ལས་ཀ་དེ་རེད་དམ། བློ་སེང་གིས་ང་ཚོ་ཆོལ་ཁ་གསུམ་པོ་སྐྱིད་མཉམ་སྡུག་མཉམ་གྱི་མི་འཇོག་ཁོ་ཐག་རེད།

ང་ཚོ་བོད་ཆོལ་ཁ་གསུམ་པོ་གནས་སྟངས་སྐྱོ་བོ་ཞིག་གི་འོག་ནས། ༧གོང་ས་མཆོག་གི་ཐུགས་བརྩེ་བའི་བྱམས་སྐྱོང་འོག་ནས་གནས་ལུགས་ཤིག་ངོ་སྤྲད་ཅིང་། དགོས་པ་ཞིག་མིག་ལ་བསྟར་ཏེ་གཅིག་ཏུ་བསྒྲིལ་ཐུབ་ཡོད།གཅིག་སྒྲིལ་དེས་ང་ཚོ་བཙན་བྱོལ་བའི་ལོ་ངོ་དྲུག་ཅུ་ལ་ཉེ་བའི་ལོ་རྒྱུས་སྐྲུན་བཞིན་མདུན་དུ་སྐྱོད་མུས་རེད། ང་ཚོ་ད་དུང་ཡང་གཅིག་སྒྲིལ་དེའི་འོག་ནས་བྱུང་ན་གཞིས་བྱེས་མཉམ་འཛོམས་དང་། མ་བྱུང་ན་འང་ནམ་ཡང་བོད་ཆོལ་ཁ་གསུམ་པོ་ཁ་བྲལ་མི་སྲིད་པའི་དམ་བཅའ་རྡོ་ལ་བརྐོས་ཡོད། དམ་བཅའ་དེ་དང་ཆོད་སེམས་དེ་སྙིང་ལ་ཉར་ནས་གངས་ཅན་པ་མདུན་དུ་སྐྱོད་མུས་ཡིན། འོན་ཏེ་བློ་སེང་གིས་དེར་གཏོར་བཤིག་དང་བར་ཆད་གཏོང་གིན་འདུག་ཀྱང་། ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་གྱིས་ཁོའི་ལས་དོན་དེ་བསྒྲུབ་མི་འཇུག་ཁོ་ཐག་ཡིན། དེ་ནི་བློ་སེང་གིས་ངེས་པར་དུ་ཤེས་དགོས་པ་ཡིན། ཁྱོད་ཀྱིས་ནམ་ཡང་དེ་མངོན་འགྱུར་ཡོང་བའི་རེ་བ་དེ་མ་བྱེད། རྒྱ་དམར་གྱི་དྲག་སྤྱོད་དང་གཡོ་སྒྱུ། བསླུ་བྲིན་འོག་ནས་གངས་ཅན་པ་ཐར་ཐུབ་ཡོད་ན། བློ་སེང་ཁྱོད་ལྟ་བུས་ཅི་ཡང་བྱ་མི་ཐུབ་པ་ཤེས་པར་གྱིས།

མུ་མཐུད་དུ་བློ་སེང་ལམ་ཁ་དེར་ཞུགས་ནས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བར་ཁོའི་རྒྱབ་སྐྱོར་བ་ཚོས་ངར་ཤུགས་བླུད་ཀྱིན་འདུག་སྟེ། བློ་སེང་ལ་ཕེབས་བསུ་དང་རྒྱབ་སྐྱོར་ཟེར་ནས་རྒྱལ་སྤྱིའི་གནམ་ཐང་ཁག་ནས་མི་རིགས་ཤིག་གི་ངོ་གདོང་ཆུ་ལ་གཡུགས་མཁན་ཚོས། ཀི་ལྡིར་དང་མཉམ་གཞས་བཏང་སྟེ། “ང་ཚོ་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ། སྲིད་སྐྱོང་མིན་ན་གང་རེད། “ཅེས་གནམ་ཐང་འུར་གྱིས་བཀང་། གནམ་ཐང་གི་འགྲུལ་བ་ཚོས་བོད་མི་དེ་དག་གི་བྱ་སྤྱོད་ལ་ཧང་སང་སྟེ་གནམ་ཐང་དོ་དམ་པ་དང་ཉེན་རྟོག་པར་སྟངས་འཛིན་དགོས་པའི་ཡར་ཞུ་ཕུལ་ཅིང་། བློ་སེང་གི་འདོད་བློ་ད་དུང་ཚིམ་མེད་པ་འདྲ་སྟེ། ཧྥ་རན་སི་ནས་ཁོ་ལ་རྒྱབ་སྐྱོར་གནང་མཁན་ཚོར་” སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་”ཞེས་མུ་མཐུད་དེ་ལྟར་བྱེད་དགོས་པའི་སྐུལ་ལྕག་གཏོང་བ་ལས། ནམ་རྒྱུན་ཁོས་ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ཡོད་པ་དགོས་སྐོར་ཤོད་བསྡད་པའི་སྐད་ཆ་ཟུར་ཙམ་ཡང་གླེང་མ་སོང་།

གནས་སྐབས་རིང་བློ་སེང་གང་ལའང་མ་སོང་ན་ཡག་པོ་འདུག ཟླ་ཁ་ཤས་ལ་གངས་སྐྱིད་དུ་མཚམས་ལ་སྡོད་རོགས། ཁྱོད་གང་དུ་སོང་ན་དེར་བོད་པའི་སྤྱི་ཚོགས་དཀྲུགས་ཏེ་བརྡབ་གསིག་ཐེབས་ཀྱིན་འདུག ཐེངས་འདིའི་ཡུ་ཡོབ་ནས་བསྟན་པའི་བོད་པའི་ངོ་གདོང་དེ་བློ་སེང་གིས་རྒྱལ་སྤྱིར་སྟོན་བཅུག་པའི་བོད་པའི་ངོ་གདོང་རེད།ཡུ་རོབ་ལ་བློ་སེང་དོན་ཆེན་ཞིག་མེད་པ་གསལ་བོ་ཆགས་སོང་། གྲོས་ཚོགས་འཐུས་མི་འགའ་ཐུག་རྒྱུར་མི་མང་དཀྱུས་མ་ཞིག་ཡིན་ནའང་དཀའ་ངལ་མེད། མི་མང་དང་ཐུག་དགོས་པ་དེ་ཁོང་ཚོའི་ལས་འགན་རེད། བློ་སེང་ཡིན་པ་ནང་མི་དང་མཉམ་དུ་སྤྲོ་སེང་གཏོང་བར་སུད་སི་ལན་ཌིར་བསླེབས་པ་རེད། སྤྱི་ཟླ་༢ པའི་ཚེས་འགོ་བར་དུ་སུད་སི་ལན་ཌིར་འདུག་རྒྱུ་རེད་འདུག

བསམ་ཚུལ།

Post navigation

Previous Post: དོལ་སྨོན་ཉེར་གཅིག་མ་བཞུགས་སོ།།
Next Post: བོད་ཀྱི་ཡིག་གཟུགས་ཀྱི་འགྲེམས་སྟོན་དང་སྦྱོང་བརྡར།

Comments (12) on “བློ་སེང་ལགས། སྤྱི་ཚོགས་མ་དཀྲུགས་རོགས།”

  1. ཇོ་སྲས་ངག་དབང་། says:
    2018-01-30 at 10:53 pm

    ད་ཁོ་མཚམས་ལ་བསྡད་མི་ཡོང་།

  2. ཀརྡོ་རབ་འབྱམས་པ་ says:
    2018-01-31 at 12:55 am

    ་་་་་་་་་་་་་་་ བློ་སེང་ལ་ཕེབས་བསུ་དང་རྒྱབ་སྐྱོར་ཟེར་ནས་རྒྱལ་སྤྱིའི་གནམ་ཐང་ཁག་ནས་མི་རིགས་ཤིག་གི་ངོ་གདོང་ཆུ་ལ་གཡུགས་མཁན་ཚོས། ཀི་ལྡིར་དང་མཉམ་གཞས་བཏང་སྟེ། “ང་ཚོ་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ། སྲིད་སྐྱོང་མིན་ན་གང་རེད། “ཅེས་གནམ་ཐང་འུར་གྱིས་བཀང་། གནམ་ཐང་གི་འགྲུལ་བ་ཚོས་བོད་མི་དེ་དག་གི་བྱ་སྤྱོད་ལ་ཧང་སང་་་་་་་་་་་་་་

  3. ཀརྡོ་རབ་འབྱམས་པ་ says:
    2018-01-31 at 12:58 am

    ་་་་་་་་་་་་་་་་ གནས་སྐབས་རིང་བློ་སེང་གང་ལའང་མ་སོང་ན་ཡག་པོ་འདུག ཟླ་ཁ་ཤས་ལ་གངས་སྐྱིད་དུ་མཚམས་ལ་སྡོད་རོགས། ་་་་་་་་་་་་་་་་་་་

    ་
    ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས།། །།

  4. དགོན་པ་ཚང་ དར་རྒྱས་ says:
    2018-01-31 at 1:44 am

    བློ་སེང་ཁམ་པའི་སྲིད་སྐྱོང་དེ་རང་མཚམས་པོ་འདུག་

  5. བཙན་པོ། says:
    2018-01-31 at 2:31 am

    བློ་སེང་གིས་ཆོལ་ཁ་གསུམ་དཀྲིགས་པ་མ་ཟད་་ཁམས་ཡོངས་ལ་ནག་པོ་ཟོ་ཡི་འདུག

  6. འབྲོག་གཅེར་བུ། says:
    2018-01-31 at 3:55 am

    བློ་སེང་ལ་གཟུངས་འཇུགས་མི་འདུག ཁོག་སྟོང་ཞིག་རེད་སྒྲ་ཆེ་ནོ་དེའི་ཕྱིར།
    བློ་སེང་གི་རྒྱབ་སྐྱོབ་པ་ཡིན་ཟེར་མཁན་ཚོ་འཁྲབ་སྟོན་པ་ཁྱུ་ཞིག་རེད།
    བློ་སེང་ཞི་རྒོལ་བ་ཚོའི་མདུན་དུ་ཐོན་མི་ཕོད་པ་འདི་དགོད་བྱད་ཅིག་རེད།
    བློ་སེང་དང་ཁོའི་ཕྱོགས་གཏོགས་པ་རྒྱ་དམར་སྲིད་གཞུང་དང་གཅིག་པ་རེད།
    དབང་ཆ་ལོག་སྤྱོད་བྱས། སྤུན་ཟླ་ཁྱད་གསོད་བྱས། སྤྱི་དོན་སྒེར་དོན་ལ་བསྒྱུར།
    རྩ་དོན་གཏིང་ནས་བརྗེད། རང་གི་ཁེ་གྲགས་དོན་དུ་གཉེར། རིན་ཐང་སྤུ་ཉག་ཅིག་མི་འདུག

  7. བསེ་རུ་ཟང་ཐལ། says:
    2018-01-31 at 9:13 pm

    ད་བློ་སེང་ཁོག་པར་གསོན་འདྲེ་རྒོད་པོ་ཞིག་ཞུགས་ཡོད་ཐག་ཆོད་རེད་འདུག དེ་སུས་འཕྲིན་ལས་ཡིན་མིན་བརྟག་ན་མི་ཤེས་པ་མེད། དེང་སྐབས་ཁོ་པས་རང་གིས་ག་རེ་བྱེད་མིན་དང་། ག་རེ་ཤོད་མིན་སོགས་ཚོད་ཐིག་གི་ཨེ་ཡོད་སྙམ་པ་འདུག ངས་བལྟས་ན། ད་ཁོ་པས་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མགོ་སློག་ཆེན་པོ་ཞིག་བཟོ་ལ་ཉེ་བ་རེད་འདུག བོད་མི་ཚོ་ལྟོས་ཨང་། ཁོ་ཧར་ཝཊ་ཡོད་དུས་ཀྱི་རྒྱ་མོ་སྙིང་སྡུག་མ་དེས་ཁོ་པ་ལྷོད་བདེར་སྡོད་དུ་བཅུག་གིན་མེད་པར་འདྲ། གང་ལྟར་ད་ཁོས་དུས་ཚོད་སྐྱེལ་གྱི་འདུག ཡང་། ཕྱོགས་གཞན་ཞིག་ནས་ནིའུ་ཡོག་དང་ཡོ་རོབ་ན་ཡོད་པའི་བོད་པའི་ཨ་མ་ལགས་ཨཎ་ཊི་Auntyཀླད་སྟོང་དེ་ཚོས་སེང་གེ་མཐོང་དུས་ཤི་འགྲོ་གི་འདུག དེ་ཚོས་སྤྲེལ་ལད་དང་ངོ་གདོང་སྟོན་པ་ཙམ་གྱིས་སེང་གེ་ཡང་དེ་མུར་རང་ཚུགས་ཧྲུལ་ལེར་ཤོར་འགྲོ་ཡི་འདུག བརྙན་པར་ནང་ཅིག་ལྟོས་དང་། གསལ་པོ་རེད། ཨཎ་ཊི་དེ་ཚོས་བོད་དོན་ངོ་མ་ནི་མགོ་ཡང་མི་ཚོད། མང་པོ་ཞིག་ལ་ནི་གཞི་རིམ་གྱི་ཤེས་ཚད་ཙམ་ཡང་མེད་ངེས་རེད། ཡིག་རྨོངས་ཀྱང་དེ་བས་སེལ་ཐུབ་མེད། ད་སེང་གེ་ཚར་སོང་། སེང་གེ་ལགས། བོད་ལོ་གསར་པ་དེ་ཁྱི་ལོ་རེད་དོ། རྟེན་འབྲེལ་མི་ཡག་གི ངོ་མ་མི་ཡག་གི ད་མགྱོགས་པོ་གནད་དོན་ངོ་མ་ཚང་མ་མངོན་གསལ་དོད་པོ་ཆགས་རྒྱུ་རེད་འདུག དེ་འདྲ་བསམ་མཁན་དང་ཟེར་མཁན་ཡང་ཇེ་མང་ཇེ་མང་རེད། ད་བཟང་སྤྱོད་རང་གིས་ཐོག་ནས་ལས་མཚམས་འཇོག་ན་ལེགས། ཁྱེད་ལ་༧རྒྱལ་བ་རིན་པོ་ཆེས་གཟིགས་པ་བཀའ་དྲིན་དམིགས་བསལ་བསྐྱངས་གནང་ཡོད་ནའང་། ཁྱེད་ཀྱིས་དྲིན་ལན་ལོག་འཇལ་བྱས་ཡོད། བོད་མིའི་ཆིག་སྒྲིལ་ནི་ཡོད་པ་ནས་མེད་པར་བཟོས་ཡོད། ཁམས་པ་ནང་ཕན་ཚུན་དབར་གྱི་དམ་ཚིག་དང་ལར་རྒྱ་ནི་ཕུ་དཀྲུགས་མདའ་དཀྲུངས་བཏང་ཡོད། འོ་ཡ། སེང་གེ་ལགས། དེ་དག་ཐམས་ཅད་ཁྱེད་ཀྱིས་འགོ་དང་པོ་ཉིད་ནས་ཀུན་སློང་འཁུར་སྟངས་ཁོ་རང་རང་ནས་འཕྱུགས་སོང་བས་ལན་པ་རེད། བཀའ་སློབ་ལམ་སྟོན་ཞུས་ས་ཡང་ནོར་སོང་བས་ལན་པ་རེད། ད་ཆ་ད་དུང་གྲུབ་འབྲས་བུ་བཟང་པོ་ཞིག་སྨིན་རྒྱུ་ཡོད་པ་ལ་རེ་བ་ནི་རྒྱུ་འབྲས་གོ་ལྡོག་ཁོ་ནའོ། འོ་ཡ། ཡང་དྲང་གཏམ་ཞིག་ཤོད་ཐལ་སོང་། དཀོན་མཆོག་མཁྱེན། བདེན་པ་ཉིད་རྒྱལ་གྱུར་ཅིག། །།

  8. ངག་དབང says:
    2018-02-01 at 2:28 am

    དེ་དེ་བཞིན་བསམ་ཡོད

  9. བསོད་ནམས། says:
    2018-02-01 at 10:24 am

  10. བསོད་ནམས། says:
    2018-02-01 at 10:26 am

    བསེ་རུ་སོགས་ཀྱིས་བདེན་པ་གསུངས་འདུག རྒྱབ་སྐྱོར་ཡོད།

  11. བསམ་དཀར says:
    2018-02-01 at 1:12 pm

    བདེན་པ་རེད

  12. བློ་བཟང་༡༩༩ says:
    2018-02-02 at 8:59 am

    ʼʼང་ཚོ་ཁམས་པའི་མི་ལ། སྲིད་སྐྱོང་མེད་པ་མ་རེད། སྲིད་སྐྱོང་བློ་བཟང་སེང་གེ། ཁམས་པ་མིན་ན་གང་རེད། “ཅེས་པ་འདི་གླུར་ལེན་ན་ཡག་པོ་འདུག་ཧ་ཧ་ཧ་ཧ་ཧ་ཧ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme