Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ༧ས་སྐྱའི་གདུང་སྲས་རིན་པོ་ཆེས་ཐའེ་ཝན་དུ་བཀའ་ཆོས་གནང་བ། 

Posted on 2018-01-30 By ཁ་བརྡ 2 Comments on དཔལ༧ས་སྐྱའི་གདུང་སྲས་རིན་པོ་ཆེས་ཐའེ་ཝན་དུ་བཀའ་ཆོས་གནང་བ། 

གནས་ཚུལ་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས།

 

དེ་ཡང་ཉེ་ཆར་ཐའེ་ཝན་དང་ཧོང་ཀོང་སོགས་སུ་ཡོངས་གྲགས་མཛད་རིམ་ཐོག་མར་བསྐྱངས་གནང་བའི་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་༧སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ རིན་པོ་ཆེ་མཆོག་ཐའེ་ཝན་ཐའོ་ཡན་གནམ་ཐང་དུ་ཞབས་སོར་མཁོད་པ་དང་། ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བླ་མ་ཡེ་ཤེས་རབ་རྒྱས་དང་ཀཿཐོག་རིག་འཛིན་ཆེན་པོ། དེ་བཞིན་ཐའེ་ཝན་རྫོང་སར་བཤད་གྲྭའི་ཆོས་ཚོགས་ཁག་གི་མཁན་པོ་རྣམ་པའི་དབུས་དགེ་འདུན་པ་དང་དད་སློབ་དག་གིས་ཕེབས་གསུ་ཟབ་རྒྱས་དང་འབྲེལ། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཀཿཐོག་རིག་འཛིན་ཆེན་པོའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ལོ་༢༠༡༨ ཟླ་༡ ཚེས་ ༡༦ ཉིན་རྒྱལ་ས་ཐའེ་པེ་རུ་ཆོན་ཏུའི་ཚོགས་ཁང་དུ་མི་མང་ལ་བཀའ་ཆོས་གནང་ཡོད་ཅིང་། དེ་ཡང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་རྟེན་གསུམ་འདེགས་འབུལ་སོགས་གྲུབ་མཚམས། དེར་འདུས་མི་མང་བརྒྱ་ཕྲག་དུ་མར་དཔལ་ལྡན་ས་སྐྱའི་ཐུན་མིན་བློ་སྦྱོང་གི་ཁྲིད་ཡིག་ཞེན་པ་བཞི་བྲལ་གྱི་ཐོག་ནས་བཀའ་ཆོས་རྒྱས་པར་བསྩལ།

༧སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་མཆོག་ནི་དེང་གི་གཞོན་སྐྱེས་བླ་ཆེན་དག་གི་ནང་ནས་ཚང་མས་གུས་ཞབས་དང་རེ་བ་ཆེན་པོ་བཅོལ་ཡུལ་ཞིག་ཆགས་བཞིན་ཡོད་པ་དང་། ཁོང་ལ་གུས་ཞབས་དང་དོ་སྣང་ཞུ་མཁན་ཕྱི་རྒྱལ་དང་ཐའེ་ཝན། ཧོང་ཀོང་། རྒྱ་ནག་སྐམ་ས་བཅས་སུའང་མང་པོ་ཡོང་བཞིན་ཡོད་པར་མ་ཟད། ཁོང་གིས་ལོ་སྔ་མར་སྐུ་སྒེར་གྱི་ངོ་དེབ་ཐོག་བཀོད་པའི་དེང་རབས་འཁྲབ་སྟོན་གྱི་རྣམ་པ་དང་བསླབ་བྱ་ཟུང་དུ་འབྲེལ་བའི་བོད་སྐད་ཀྱིས་བོད་ཀྱི་སྐད་ཡིག་དར་སྤེལ་དང་སྦྲགས་སྐད་ལ་འཛེམས་དགོས་པའི་སྐོར་གྱི་བཀའ་སློབ་ཀྱི་བརྙན་ཐུང་དང་། དབྱིན་སྐད་ཀྱིས་གསུངས་པའི་ནང་ཆོས་ངོ་སྤྲོད་ཀྱི་བརྙན་ཐུང་སོགས་ལ་མི་ཧ་ཅང་མང་པོས་དམིགས་བསལ་དོ་སྣང་ཆེན་པོ་བྱས་ཡོད་པ་རེད།

ཐེངས་འདིར་ཡང་། ཁོང་གི་བཀའ་སློབ་གནང་སྟངས་ལ་ཆོས་ཀྱི་དགོངས་དོན་གྱི་ཆེ་བ་དང་དོན་སྙིང་མ་བརླགས་པའི་ཐོག་ནས་དེང་དུས་ཀྱི་མིའི་སེམས་ཁམས་དང་མཐུན་པའི་བཀའ་སློབ་གནང་སྟངས་ལ་མང་པོ་ཞིག་གིས་བསྔགས་བརྗོད་དང་གདེངས་འཇོག་ཆེན་པོ་ཞུ་བཞིན་ཡོད་པ་རེད་འདུག

 

 

གསར་འགྱུར།

Post navigation

Previous Post: མིར་ཟ་སྒ་ལེབ་ལ་བྲིས་པའི་སྙན་ངག་བརྒྱ་བ།
Next Post: དོལ་སྨོན་ཉེར་གཅིག་མ་བཞུགས་སོ།།

Comments (2) on “དཔལ༧ས་སྐྱའི་གདུང་སྲས་རིན་པོ་ཆེས་ཐའེ་ཝན་དུ་བཀའ་ཆོས་གནང་བ། ”

  1. བསེ་རུ་ཟང་ཐལ་ says:
    2018-02-01 at 8:52 am

    བརྙན་ཐུང་གི་སྦྲེལ་ཐག་དེ་ཚང་མས་ཉན་འོས་པ་ཞིག་ཡིན་ན་ནི་ངེས་པར་དུ་འདིར་ཅིག་གཏོང་རོགས་གནང་། ཐུགས་རྗེ་ཆེ།།

  2. རྡོ་རྒོད says:
    2018-02-08 at 4:13 pm

    འདི་གཏམ་ཡག་གི ཕུན་ཚོགས་ཕོ་བྲང་ཨ་རི་ལ་ཕེབས་ནས་གདུང་སྲས་ཕལ་ཆེ་བས་ཕྱི་ལུགས་ཀྱི་སློབ་སྦྱོང་མ་གཏོགས་ནང་ཆོས་མི་ཤེས་པ་སོགས་ཀྱི་དཀའ་ངལ་ཡོད་ལེ་རེད་ཟེར། ད་ལྟ་འདི་འདྲ་གནང་ཐུབ་མཁན་ཡོད་པས་ཁོ་བོ་མྱི་རྒན་སེམས་བདེ། ཁོང་སྐུ་ཚེ་རིང་ནས་ས་ཆེན་གོང་ལ་རྣམས་ལྔའི་བསྟན་པ་དང་སྐྱོང་ཞིང་རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་བཞེད་འགྲུབ་པར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme