Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀ་བཤད་ཀུན་ཁྱབ་འགན་འཁུར།

Posted on 2018-01-29 By ཁ་བརྡ 8 Comments on ཀ་བཤད་ཀུན་ཁྱབ་འགན་འཁུར།

ཚེ་དབང་བསོད་ནམས་།

 

ཀུན་ཁྱབ་འགན་འཁུར་གཞན་ཕན་བྱང་ཆུབ་སེམས་།
ཁ་ཙམ་མིན་པའི་དོན་དངོས་ལག་ལེན་ཟབ་།
གང་ལ་བསྟེན་ན་མི་བསླུ་དཀོན་མཆོག་གསུམ་།
ང་ཚོ་ལས་ཅན་ནང་བསྟན་མཇལ་བ་བཟང་།

ཅ་ཅོ་མ་མང་རང་སེམས་སྲུངས་ན་དགའ་།
ཆ་ལུགས་མ་དོར་ཕ་མེས་རྒྱུད་འཛིན་དགོས་།
ཇ་ཆང་ཟས་བཅུད་ལུས་ཀྱི་དྲན་ཤེས་རྒྱས་།
ཉ་ཕག་གོང་གསུམ་སྡིག་པའི་ཨ་ཞང་རེད་།

ཏ་ཐ་གཱ་ཏའི་བསྟན་པ་མཇལ་བ་འདི་།
ཐོག་མ་ཉིད་ནས་ལས་དང་སྨོན་ལམ་མཐུ་།
དམ་ཆོས་བདུད་རྩི་བསླབས་གསུམ་ནོར་བུའི་རྒྱན་།
ནག་ནོག་མེད་པའི་ཉམས་ལེན་ཟབ་ན་དགའ་།

དཔོག་པར་དཀའ་བའི་ནང་པའི་བསྟན་པ་ལ་།
ཕ་ལམ་བཞིན་དུ་གཅེས་ཉར་བོད་མིའི་འགན་།
བུ་རབས་ཚ་རྒྱུད་ཕ་མས་ཆོས་ལུགས་ལ་།
མ་ནོར་མ་འཕྱུགས་ཚུལ་བཞིན་ཉམས་ལེན་ཟབ་།

རྩ་བ་ལས་འབྲས་བསླུ་བ་མེད་པ་ནས་།
ཚ་གྲང་ཚོར་བ་རང་རང་ལས་ཀྱིས་སྦྱིན་།
འཛམ་གླིང་སྐྱེ་འགྲོ་མུན་པའི་དམག་རུམ་ནས་།
ཝེར་མའི་ལྷ་ཚོགས་མགོན་སྐྱབས་མཐུ་མ་ཆུང་།

ཞི་བདེའི་སྙིང་པོ་གཞན་ཕན་བྱང་ཆུབ་སེམས་།
ཟབ་དང་རྒྱ་ཆེ་སྟོང་ཉིད་ལྟ་བ་ལ་།
འོད་གསལ་རྒྱུད་ནས་རང་ངོ་འཕྲོད་པ་གྱིས་།
ཡོད་དང་མེད་ཀྱི་གནས་ལུགས་དེ་ནས་རྟོགས་།

རང་སེམས་སྟོང་པ་ངོ་བོ་མ་འཕྲོད་ནས་།
ལེ་ལོ་ཅན་རྣམས་ཆོས་སྐལ་དེ་ནས་ཤོར་།
ཤེས་རབས་ཐབས་ཀྱི་བཅུད་ལེན་མ་ཐུབ་ན་།
ས་ཆ་འདི་རུ་མི་ལུས་དོན་གོ་ཆུང་།

ཧྲི་ཡིག་དཀར་པོ་བྱང་སེམས་འབྱོངས་པའི་སྔགས་།
ཨ་ཡིག་དམར་པོའི་བདུད་རྩི་སྨིན་པའི་སྔགས་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས། 28/1/2018

སྙན་ངག

Post navigation

Previous Post: སྲིད་སྐྱོང་བློ་བཟང་སེང་གེས་ཡོ་རོབ་ན་ཟིང་ཟིང་ལོང་ལོང་བཟོ་གི་འདུག
Next Post: རྒྱ་བོད་ཚིག་མཛོད་མཉེན་ཆས་ཕབ་ལེན་ས་ཡ་བརྒལ་བ། 

Comments (8) on “ཀ་བཤད་ཀུན་ཁྱབ་འགན་འཁུར།”

  1. ཀརྡོ་རབ་འབྱམས་པ་ says:
    2018-02-02 at 12:44 am

    ཀ་བཤད་ཀུན་ཁྱབ་འགན་འཁུར། །
    ཁ་བཤད་ཀུན་ལ་དྲན་སྐུལ། །
    ག་ནས་བལྟས་ཀྱང་ལྷག་བསམ། །
    ང་དང་ཁ་བརྡར་ལྷན་འཛོམས། །

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 4:50 am

    ཀུན་དང་མཐུན་ན་ལྟ་བ་རེད་།
    ཁ་ཁར་དགྱེས་ན་སྤྱོད་པ་རེད་།
    གང་བསམ་བཤད་རྒྱུ་རང་དབང་རེད་།
    ང་རྒྱལ་མེད་ན་ལྷག་བསམ་རེད་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 6:01 am

    ཅ་ཅོ་མང་བ་དྲ་རྒྱའི་ནང་།
    ཆ་ལ་ཆོལ་ལེའི་སྐད་ཆ་མང་།
    ཇུས་མེད་འགན་འཁུར་གཏམ་སྙོགས་མང་།
    ཉོན་མོངས་གཏམ་ལ་རྫོགས་དུས་མེད་།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 6:25 am

    ལྟ་བ་སྤྱོད་པ་མི་གི་བྱེད་ལས་རག་།
    ཐབ་རྩོད་ཟང་ཟིང་མི་གི་བྱེད་ལས་ཙམ་།
    དོན་དམ་མང་གཙོ་ཁྲིམས་ཀྱི་འོག་།
    ནག་ནོག་མ་བཟོ་ཁྲིམས་སྒྲིག་སྲུངས་།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 6:29 am

    དཔོན་ལ་ཞུ་གཏུགས་འབངས་ཀྱི་འགན་།
    ཕ་མར་རེ་བཅོལ་བུ་ཕྲུག་འགན་།
    བུ་རྒྱུད་བལྟ་རྟོགས་ཕ་མས་འགན་།
    མི་མང་བདེ་སྡུག་དཔོན་གྱི་འགན་།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 6:36 am

    རྩ་བ་མང་གཙོ་ཁྲིམས་སྒྲིག་འོག་།
    ཚ་གྲང་ཚོར་བ་རང་འཁྲིའི་འགན་།
    ཛ་དྲག་ཟང་ཟིང་ཉུང་ན་དགའ་།
    ཝེར་མའི་ལྷ་ཚོགས་མཆོད་ན་དགའ་།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 6:45 am

    ཞོ་བཞིན་ཆགས་པའི་སྤྱི་ཚོགས་ལ་།
    ཟ་ཚོད་ཟས་ཀྱི་བཅུད་ལེན་མིན་།
    འུར་ལངས་སྤྱི་ཚོགས་བདེ་འཇགས་མིན་།
    ཡ་རབས་མ་རབས་སྤྱོད་པས་ཤེས་།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-02-02 at 6:47 am

    ཧང་སོང་གཏམ་ལ་འགན་འཁུར་དགོས་།
    ཨ་གསར་ཚིག་ལ་ངོ་བསྟོད་དགོས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme