Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆབ་སྲིད་མི་ཤེས་བའི་བླུན་རྨོངས་པ་ཚོས་ཉོན།

Posted on 2018-01-20 By ཁ་བརྡ 3 Comments on ཆབ་སྲིད་མི་ཤེས་བའི་བླུན་རྨོངས་པ་ཚོས་ཉོན།

ཞིས་ཐི་ལུ།༼གཞན་ནས་བཤུས༽

 

སྲིད་སྐྱོང་དེ་མི་དམངས་ཀྱིས་འདེམས་ཐོན་བྱུང་པ་ཡིན་ན་དེ་ལ་མི་དམངས་ཀྱིས་ངོ་རྒོལ་ཀྱང་བྱས་བརྒྱ་ཆ་རྒྱ་ཆོག་གི ་རེད། སྲིད་སྐྱོང་དང་སྲིད་གཞུང་ལ་ཞི་རྒོལ་དང་རེ་བ་འདོན་མཁན་ཚང་མ་རེ་རེ་བཞིན་དགྲ་བོར་རྩིས་ན་ད་རང་ཕྱོགས་ཟེར་པ་ཅང་ལྷག་གི་མ་རེད། སྲིད་སྐྱོང་དང་སྲིང་གཞུང་ལ་བསམ་འཆར་འདོན་མི་ཆོག་པའི་སྲིད་གཞུང་ངམ་སྲིད་སྐྱོང་ཅིག་ཡོད་ན་དེ་དམར་ཕྱོགས་གཞུང་དང་རྩ་བ་ནས་གཅིག་པ་གཅིག་པ་རྐྱང་དུ་གྱུར་ཚར་རེད། དེ་བས་མྱི་ཡིན་ཕྱིན་ཕྱོགས་མང་པོར་བསམ་བློ་གཏོང་དགོས། ཆབ་སྲིད་ཟེར་ཡ་དེ་་་དེ་འདྲ་སླ་མོ་ཞིག་ཡིན་གི་མ་རེད། དེ་ངོས་གཉིས་ནས་ལྟ་དགོས་གི་རེད། བཙན་བྱོལ་སྤར་མོ་གང་ནང་ད་ལྟ་དགྲ་བོ་རུ་བགྲངས་པ་ག་ཚོད་འདུག་གམ། ༡བོད་མི་དོལ་རྒྱལ་པ། ༢བོད་མིའི་རྐང་འཛིན་གཞོན་ནུ་ཚོགས་པ། ༣དགུ་བཅུ་གསུམ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། ༤ད་ལྟ་གཞུང་དང་སྲིད་སྐྱོང་ལ་བསམ་འཆར་བཤད་མཁན་ཡང་དགྲ་བོར་བརྩི། ནམ་ཉིན་མ་ཞིག་ལ་རང་ཉིད་ཀྱང་དགྲ་བོར་འགྱུར་གི་རེད། ད་དེ་ལྟར་སོང་ན་སྙིང་པོ་གང་འདུག  རང་ཉིད་ཀྱིས་རང་ཉིད་ཀྱི་ལུས་སྟེང་གི་ཡན་ལག་ཉིང་ལག་ཚང་མ་གཏུབ་ཚར་ན་ད་ཁྱོད་ལ་ཅི་ཞིག་ལྷག་གི་རེད།  རང་ཉིད་ཀྱིས་རང་ཉིད་བཅད་གཏུབ་བྱེད་མཁན་འདི་རིགས་་ད་གཟོད་ང་ཚོས་དངོས་ནས་རྒྱ་གཞུང་ལས་ཀྱང་ཧ་ཅང་གིས་གཟབ་གཟབ་བྱེད་དགོས་པའི་མྱིའི་རིགས་རེད། འདིའི་རིགས་ཀྱིས་མི་རིགས་ཤིག་གཙབ་ཚར་གི་རེད།གཏུབ་གཏུབ་ནས་སྟོང་གི་རེད། འདི་རིགས་མི་རིགས་ཤིག་ལ་མཚོན་ནiss ལས་ཀྱང་ཚབས་ཆེ་གི་རེད། རང་ཉིད་ཀྱི་རྨོངས་འཆར་དང་མ་མཐུན་ཚེ་མཐའ་གཅིག་ཏུ་དགྲ་པོ་རྩི་བའི་མྱི་སྒེར་དང་ཚོགས་པ་གང་ཡིན་ཡང་མི་རིགས་ཁ་བྲལ་རང་ལུགས་པ་འགྱུར་ཚར་རེད། འདིའི་རིགས་གང་དང་གང་ཞིག་ཡིན་ཡང་ང་ཚོ་བོད་ནང་གི་བོད་མི་ཚོས་རྒྱབ་སྐྱོར་རྩ་བ་ནས་མེད། གནད་དོན་ཅི་ཞིག་ཡིད་ནང་ཕན་ཚུན་བགྲོ་གླེང་ལམ་ནས་ཐག་གཅོད་བྱེད་རྒྱུ་ལས་ཕྱོགས་གཉི་ཀ་གང་ཡིན་ཡང་ཕར་ཕྱོགས་དགྲ་བོར་བཟུང་ན་བོད་མིའི་སྤྱིའི་བགེགས་དགྲ་ངོ་མ་དེར་གྱུར་ཚར་རེད། ང་ཚོའི་སྤྱི་ཚོགས་ནང་མཁྲེགས་འཛིན་གྱི་ཕྱོགས་དེ་གཉིས་ལས་་གསུམ་པ་ཞིག་ཡོད་པ་ཡིད་ལ་ཟུངས། ཕྱོགས་དེ་གཉིས་གང་ཡིན་ཡང་བོད་མིའི་འཐུབ་ཚབ་མཐའ་གཅིག་ཏུ་རྩ་བ་ནས་ཉན་གི་མ་རེད། ད་བླུན་རྨོངས་འདི་དག་དང་རྨོངས་འཆར་དེ་དག་ལས་སད་ན་འགྲིག་གི་རེད། དེ་མིན་ན་ནམ་ཉི་མ་ཞིག་ལ་བོད་ཀྱི་དེབ་ཐར་ལོ་རྒྱུས་ནང་ཕྱོགས་གང་ཡིན་ཡང་ནག་པོ་ནག་རྐྱང་ཆགས་གི་རེད།

ཁྱོད་ཚོས་ཕན་ཚུན་ཇི་ལྟར་འགྲ་བོ་རྩིས་ནའང་དོན་དངོས་སུ་ཡང་སུའི་དགྲ་བོར་ཆགས་གི་མ་རེད། ཆགས་ས་འགྲོ་གི་མ་རེད། རྒྱ་མཚན་རིགས་རྒྱུད་གཅིག་པ་ཡིན་པས་སོ།ཡིན་ནའང་རང་ཕྱོགས་དང་ཕར་ཕྱོགས་གང་ཡིན་ཡང་རང་ཉིད་བདེན་པར་འཛིན་པའི་རྨོངས་འཆར་ལྟར་སྣང་དེས་་རང་མི་རིགས་སྤྱི་ལ་ཕན་ཐོགས་མེད་པར་མ་ཟད་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་གོ་སྐབས་བླ་ན་མེད་པ་གནང་གི་ཡོད་རེད། མདོར་ན་ཁྱོད་ཚོ་བླུན་རྨོངས་དེ་ནས་སད་དུས་་བོད་མིའི་སྤྱིའི་དགྲ་བོ་ངོ་མ་དེར་གྱུར་ཚར་རེད། དེ་བས་བླུན་རྨོངས་ཀྱི་ཕྱོགས་གང་ཡིན་ཡང་ང་ཚོ་བོད་ནང་གི་བོད་པ་སྤྱི་དང་ལྷག་པར་ཕྱོགས་གསུམ་པའམ་དབུས་ཕྱོགས་འཛིན་མཁན་ཚོས་རྒྱབ་སྐྱོར་རྩ་བ་ནས་མེད།  ད་ལྟའི་སྲིད་སྐྱོང་ཕྱོགས་འཛིན་ཁུལ་བྱེད་མཁན་དང་ཞི་རྒོལ་བྱེད་མཁན་གང་ཡིན་ཡང་བོད་པའི་སྤྱི་ཚོགས་སྤྱི་ལ་མཚོན་ན་སྲོག་ཆགས་འབུ་ནག་གི་གནས་བབ་ཙམ་ལས་ཅང་ཡང་ཡོད་གི་མ་རེད།

 

བསམ་ཚུལ།

Post navigation

Previous Post: ༄༅།། འགྲོ་མགོན་ཚེ་ཐར་བའི་མཛད་རྣམ་རགས་བསྡུས་བཞུགས་སོ།།
Next Post: སྤེལ་ལྗམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

Comments (3) on “ཆབ་སྲིད་མི་ཤེས་བའི་བླུན་རྨོངས་པ་ཚོས་ཉོན།”

  1. བསམ་གྲུབ། says:
    2018-01-21 at 1:11 pm

    མང་གཙོའི་སྤྱི་ཚོགས་ནང་སྲིད་སྐྱོང་དང་། སྲིད་གཞུང་གི་བདག་པོ་ནི་མི་མང་རེད། སྲིད་སྐྱོང་གིས་གཙོས་སྲིད་གཞུང་ནི་མང་ཚོགས་ལ་ཞབས་འདེགས་ཞུ་མཁ་ན་ཞིག་རེད། དེར་བརྟེན་སྲིད་གཞུང་དང་། སྲིད་སྐྱང་ཡག་པོ་ཡོད་ན་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་། གཞུང་དང་སྲིད་སྐྱོང་དེ་རིགས་ཡག་པོ་མེད་ན།ྲ མང་ཚོགས་ཀྱིས་ངོ་རྒོལ་དང་། སྐྱོན་བརྗོད་ཀྱིས་བཟོ་བཅོས་དགོས་པ་རེད་ལ། དེ་ནི་མང་ཚོགས་ཀྱི་ཐོབ་ཐང་དང་། ལས་འགན་བཅས་རེད། མང་ཚོགས་ཀྱིས་རང་གི་ལས་འགན་བསྒྲུབ་མ་ཐུབ་ན་མང་ཚོགས་ཀྱིས་མ་འཇོན་པ་ཡིན་པར་ཚང་མས་ཤེས་དགོས།

  2. རྒྱ་ཞིང་མྱི་དཀར། says:
    2018-01-21 at 11:46 pm

    གང་ལྟར་བརྒྱ་བཤད་སྟོང་བཤད་རུང་ད་ཚར་སོང་ཇོ་བོ་རིན་པོ་ཚར་སོང་་་་་རང་དབང་ལུང་པ་ནས་བོད་ཀྱི་བདེན་མཐའ་དང་བོད་ཀྱི་ལ་རྒྱ་སོགས་ཁ་ལ་འཁྱེར་ནས་ཟ་མ་རག་བསྡད་མཁན་གྱི་མྱི་ངན་སྐྱག་པ་འདྲ་བོ་དེ་ཚོས་བོད་མི་རིགས་ལ་གཏོར་ལུང་གཏོར་གྱི་བག་ཆགས་ངན་པ་བཞག་སོང་། ད་རེ་གཅིག་ར་མེད། མདོར་ན་ཕྱི་ལོག་ན་ཡོད་པའི་མྱི་ངན་ཚོ་ལ་་་སྐྱག་པ་ཚ་བོ་ཚ་བོ་རྔན་པ་ལ་བྱིན།

  3. འཇམ་དཔལ་ཚུལ་ཁྲིམས says:
    2018-01-22 at 7:23 am

    རྩོམ་འདིའི་ཁ་བྱང་ལ་མ་འགྲིག་པ་ཞིག་མཐོང་སོང་། དེ་མ་གཏོགས་འདིའི་ནང་དོན་ལ་ངས་མཐའ་གཅིག་ཏུ་མོས་མཐུན་ཞུ། ཐམས་ཅད་ཀྱིས་འདི་ལྟར་བསམ་དགོས། ལྷག་པར་གཞུང་ལ་རྒྱབ་སྐྱོར་བ་ཚོས་ཀྱང་འདི་ལ་དགོངས་པ་བཞེས་དགོས་པར་མཐོང་ངོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme