Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼གཟུགས་མེད་གྲིབ་བཟོ༽

Posted on 2018-01-012018-01-01 By ཁ་བརྡ 7 Comments on ༼གཟུགས་མེད་གྲིབ་བཟོ༽

བྱམས་པ། 

 

དེང་སྐབས་བཙོན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་། བཟང་སྤྱོད་ཟེར་བའི་ཕ་ནོར་རྩ་ཆེན་དེ་ཉམས་དམས་སུ་ཕྱིན་ཏེ།  དྲང་བདེན་དང་རྒྱུ་མཚན་ལ་ལས་འབྲས་ཀྱི་མིག་བཙུམས་ཏེ་རྐང་བཅགས་དང་རྐུབ་བསུབ་བྱས་དང་བྱེད་མུས་རེད། དཔེར་ན་སྤེན་ཚེའི་གསལ་བཤད་ཀྱི་སྐབས་སུ་སྐུ་ངོ་ཁོང་གི་ངོ་དེབ་ཡང་ཡང་བཀག་པ། དེ་དང་དེ་ལ་བཅར་འདྲི་བྱས་སོང་ཞེས་གསར་འགྱུར་བརྒྱུད་ཁག་ལ་སྡིགས་ར་བསྐུལ་པ། སྲིད་སྐྱོང་ལ་ངོ་རྒོལ་བྱས་ན་བོད་མིའི་སྒྲིག་འཛུགས་དང་། རྒྱལ་བ་རིན་པོ་ཆེ་དང་། བོད་མི་ས་ཡ་དྲུག་ལ་ངོ་རྒོལ་བྱས་སོང་ཟེར་བ་སོགས་གནས་ལུགས་མེད་པའི་ཉེས་འཛུགས་སྣ་ཚོགས་བྱེད། དེང་སང་༼ཆིག་བསྒྲིལ་ཚོགས་པ་༽ཟེར་པ་སོགས་སྲིད་སྐྱོང་གི་རྒྱབ་སྐྱོར་བའི་དྲ་རྒྱ་རྒྱུད་ལམ་མང་པོར་ཡང་ཡང་གླེང་བཞིན་པའི་རྟོག་སྒྲུང་གསུམ་ལ་གསལ་བཤད་འདི་བྱས་པ་ཡིན།

 ༡། སྤེན་ཚེས་མི་བསད་སོང་། ཀ་སྟག་བླ་མ་བསད་སོང་ཟེར། དེའི་ཁུངས་དེད་ན་འཇུ་ཆེན་ཐུབ་བསྟན་ལ་གཏུག་གི་འདུག རང་སྐད་བོད་ཡིག་ཀྱང་ཡག་པོ་ཞིག་མི་ཤེས་ལ། ཆོལ་ཞེན་གྱིས་རྒྱུད་ཚོས་པའི་འཇུ་བསྟན་གྱིས་གཞན་ལ་སྐྱབས་ཞུས་ཏེ་ཡི་གེར་ཕབ་ཏུ་བཅུག་སྟེ་བརྩམས་པའི་རང་ཉིད་སྒེར་གྱི་ལོ་རྒྱུས་དེབ་ཕྲེང་ནང་དུ། དཔང་རྟགས་མེད་པའི་གྲིབ་ཡོར་ནག་པོ་དེ་ལྟ་བུ་ཞིག་བཞེངས་པར་བརྟེན། ཕྱོགས་གཏོགས་ཧམ་ཆེན་ཚོས་ཞྭ་ནག་པོ་དེ་ལ་ལྷན་ཐབས་སྣ་ཚོགས་བརྒྱབས་ཏེ་ཨུ་ཚུགས་དང་བཙན་ཐབས་ཀྱིས་སྐུ་ངོ་སྤེན་ཚེའི་དབུ་ལ་གཡོག་གིན་ཡོད།

 ཀ་སྟག་བླ་མ་བསད་ན། ཀ་སྟག་བླ་མའི་གཉེན་ཉེ་འབྲེལ་དང་སློབ་རྒྱུད་ཕྱོགས་གཏོགས་རྣམས་ཀྱིས་ཉེས་འཛུགས་བྱེད་དགོས་པ་ལ། ཁོང་ཚོའི་ཕྱོགས་ན་དེ་ལྟ་བུའི་གཏམ་སྦྲང་བུའི་སྐད་ཙམ་ཡང་གོ་རྒྱུ་མི་འདུག

 གཉིས་ནས་མི་བསད་ཅིང་སྐྱེས་མ་འཕྲོག་པའི་ལས་ཀ་འདིིའི་རིགས་བོད་མི་རིགས་ཀྱི་གཤིས་ལ་རྩ་ནས་མ་འཇགས་པའམ་མེད་པ་ཞིག་སྟེ། འདི་ལྟ་བུ་རྩོམ་མཁན་བརྒྱ་ལམ་ཙམ་རེད། དཔེར་ན། བོད་མ་ཤོར་སྔོན་ཙམ་དུ། སྟག་འཚེར་རིན་པོ་ཆེ་དབུས་སུ་འབྱོར་ཏེ། ༧གོང་ས་མཆོག་གི་སྙན་དུ། རྒྱ་དམར་གྱིས་ཁོང་ལ་༧གོང་ས་མཆོག་གི་བསམ་བློ་དགུག་རྒྱུ་དང་། གལ་སྲིད་མི་ཉན་ན་དགྲོངས་རྒྱུ། བཀྲོངས་རྗེས་ཁོང་ལ་གོ་ས་མཐོ་པོ་སྤྲད་རྒྱུ་བཅས་ཀྱི་ངན་བསླབས་སྣ་ཚོགས་བྱས་པའི་གནས་ཚུལ་རྣམས་ཡར་ཞུ་བྱས་པར།

དེ་ནི་རྒྱ་དམར་བོད་མི་རིགས་དང་བོད་མི་རིགས་ཀྱི་བསམ་བློ་ལ་རྒྱུས་མངའ་མེད་པའི་རྟགས་རེད་ཅེས་༧གོང་ས་མཆོག་གིས་༼ཕྱི་ཡུལ་གྱི་རང་དབང་༽ནང་དུ་གསུང་ཡོད་པ་ལྟར་རེད། ང་ཚོ་བོད་པའི་གཤིས་ཀ་ལ་སྐྱེས་མ་འཕྲོག་ཕྱིར་སྐྱེས་པ་གསོད་པའི་ལས་ལ་ཞུགས་མཁན་ནི་སྲིད་མཐའ་ཙམ་རེད། དེས་ན་སྤེན་ཚེ་ལྟ་བུ། སློབ་ཕྲུག་གི་སྐབས་ན་ཤེས་ཡོན་གཤིས་སྤྱོད་གསུམ་ལྡན། སྦྱངས་འབྲས་རྩེར་སོན། དགེ་ལས་ཚོས་བསྐོས་པ་ལྟར་འབྲིང་སློབ་ཀྱི་སྤྱི་ཁྱབ་རྒན་བདག་གནང་བ། སྤྱི་ཚོགས་སྟེང་ལས་ཀའི་སྐབས་ན་གྲོས་ཚོགས་ར་བའི་ནང་སྤྱི་མོས་ཀྱིས་ཚོགས་གཙོར་ལན་གཉིས་བདམས་པ། ཡ་རབས་དཔེ་བཟང་ཅན་ཁོང་ལྟ་བུ་ཞིག་གིས་དེ་ལྟ་བུའི་ལས་ངན་བརྩམ་གི་རེད་དམ།

བརྩམས་འདུག་ཟེར་ན་དཔང་རྟགས་དགོས་པ་རེད།   

 ༢། ཟླ་ཚེས་སྤྱི་རྒྱུ་ཟོས་སོང་ཟེར། ཕུགས་དེད་ན། ཡོངས་གླིང་སློབ་གྲྭ་ལ་ཐུག་འདུག ཡོངས་གླིང་གི་ས་ཆ་དེ་ནི་བོད་གཞུང་གི་མ་ཡིན་པར། ཡོངས་འཛིན་གླིང་རིན་པོ་ཆེའི་རེད་འདུག རིན་པོ་ཆེས་སྤྱི་ཚོགས་ཞབས་ཞུ་སྒྲུབ་བྱེད་ཀྱི་མཐུན་རྐྱེན་དུ་བསྩལ་བར། ཟླ་ཚེས་རང་ནུས་ཡོད་དགུ་བཏོན་ནས་དེའི་སྟེང་ཁང་པ་བརྩིགས། ནང་ཆས་བསྒྲིགས། ཕྲུ་གུ་བསྐྱེད་བསྲིངས་བྱས་ཏེ་ད་བར་དུ་དཀའ་ལས་བསྐྱོན་པ་ལ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད། ད་ལྟ་གློ་བུར་དུ་ཡོངས་གླིང་གི་ས་ཁང་རྒྱུ་ནོར་ཡོངས་རྫོགས་སྤྱི་རྒྱུ་རེད། བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་ཟེར་ན་དྲང་བདེན་ཞིག་རེད་དམ།

 ཟླ་ཚེས་བོད་ཀྱི་ཁྲིམས་ཞིབ་ཁང་ལ་འདི་ལྟར། སྤྱི་རྒྱུ་གང་རེེད། ས་སྤྱི་རྒྱུ་རེད་དམ། ཁང་པ་སྤྱི་རྒྱུ་རེད་དམ། ཡང་ན་ནང་གི་ཅ་དངོས་སྤྱི་རྒྱུ་རེད་དམ་ཞེས་རེ་རེ་བཞིན་དྲི་བ་བཏོན་ནས་སོང་དུས། ཁྲིམས་ཞིབ་པ་ཚོར་ལན་མེད་པར་ལྷག་འདུག གང་ལྟར་ཡང་། ཟླ་ཚེ་ལ་ཡོངས་གླིང་གི་བསགས་དངུལ་ནས་ཧིན་སྒོར་འབུམ་བཅུ་སྤྲད་དེ་སློབ་གྲྭ་དེ་གཞུང་བཞེས་བྱ་རྒྱུའི་བཙན་བཀའ་ཕབ་པ་རེད། དགོད་བྲོ་བ་ཞིག་ལ། དེ་དུས་ཡོངས་གླིང་གི་དངུལ་ཁང་ན་ཁྱོན་བསྡོམས་ཧིན་སྒོར་འབུམ་བཞི་ལྷག་ཙམ་ལས་མེད་པས། ཟླ་ཚེ་ལ་དངུལ་འབོར་དེ་སྤྲད་རྒྱུ་མ་བྱུང་པ་རེད། དེར་མ་ཟད་ ཡོངས་གླིང་གི་དགེ་ལས་རྣམས་ལ་ཟླ་ཕོགས་ཀྱང་བོད་གཞུང་ལ་སྤྲོད་བསྡད་སྔོན་རྩིས་ན་མེད་པར་སོང་རྩིས་ལེན་མ་ཐུབ་པར་དེ་མུར་ལྷག་པ་རེད། ཡིན་ན་ཡང་འབྱོན་ཐང་ཅན་གྱིས་ཟླ་ཚེས་སིལ་སྡོང་མུ་མཐུད་བསྐྱངས་ཏེ་སྐམ་དུ་མ་བཅུག་པ་རེད།

ཡིད་ཕམ་པ་ཞིག་ལ། དེ་དུས་ཀྱི་ལས་ཀྱི་སྣེ་མོ་བ་(འཇུ་བསྟན་དང་ཁྲིམས་ཞིབ་པ་བྱ་དར་བཟང་པོ་སོགས་)ཤོག་ཁག་གཅིག་དང་ད་ལྟའི་ཆོལ་ཞེན་པ་མང་པོ་ཞིག་གི་བསམ་པར། ཡོངས་གླིང་ལ་དངུལ་ཆར་བ་འབབ་འབབ་དང་། རྒྱུ་ནོར་རྒྱ་མཚོ་འཁྱིལ་འཁྱིལ་ཡིན་པའི་ཚོད་དཔགས་བྱས་དང་བྱེད་མུས་རེད་མོད། ཟླ་ཚེའི་དགེ་ལས་ཡོངས་ཀྱི་འགྲོ་སོང་ལ་བསམ་བློ་རྩ་ནས་མ་འཁོར་ཞིང་འཁོར་གྱི་མི་འདུག

 གཉིས་ནས་ས་ཁང་ལ་ཁ་མཆུ་འཛུགས་ན་འཛུགས་པ་པོ་ཡོངས་གླིང་བླ་བྲང་ཡིན་དགོས་པ་ལས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བ་ཁ་ཅིག་ལ་དེའི་ཐོབ་ཐང་ག་ནས་ཡོད། ས་ཁང་གི་ཞལ་ལྕེ་གཅོད་མཁན་ཡང་མངའ་སྡེ་གཞུང་གི་ཁྲིམས་ཁང་ཡིན་པ་ལས་བོད་ཀྱི་ཁྲིམས་ཞིབ་ཁང་ག་ལ་ཡིན།

 ༣། ཤར་ཁུག་གིས་བོད་རང་བཙན་མ་རེད་ཅེས་ལབ་སོང་ཟེར། ཁུངས་གཏུགས་ས་ནི་དྷ་སར་དབུ་མའི་ལམ་དང་རང་བཙན་བར་གྱི་བགྲོ་གླེང་ཞིག་གི་སྐབས་སུ། ཤར་ཁུག་གིས་ཆུ་གླང་ལོའི་རང་བཙན་རྩ་ཚིག་དེ་རྒྱལ་དབང་བཅུ་གསུམ་པའི་ཡིག་ཆའི་ཨ་མའི་ནང་ལ་མེད་ཚུལ་དང་། རྒྱ་ནག་གིས་དགག་སྒྲུབ་བྱས་ཡོད་ཚུལ་གླེང་སྟེ་དེའི་སྐོར་ལ་དྲི་བ་གཅིག་དྲིས་པ་ཙམ་རེད། དེ་ཙམ་ལས་ལོ་རྒྱུས་སྟེང་བོད་རང་བཙན་མ་རེད་ཅེས་རྩ་བ་ནས་ལབ་མྱོང་ཡོད་པ་མ་རེད། འོན་ཀྱང་ཚིག་དུམ་ལྷུ་སྒྲིག་དང་ནང་དོན་བཙན་འཇུག་ལ་བྱང་པའི་ཀླད་སྟོང་ཚོས་དེ་ལ་སྒྲོ་འདོགས་བྱས་ཏེ་གཟུགས་མེད་གྲིབ་ནག་བཟོས་པ་རེད།  དེ་མོན་ཁུངས་དང་བདེན་དཔང་སྣ་གཅིག་ཡོད་པ་མ་རེད། ཤར་ཁུག་གིས་བོད་རྒྱ་གཉིས་ཀྱི་རྒྱལ་དར་འཕྱར་པ་དེས། བོད་སྔ་མོ་ནས་རྒྱ་ཁོངས་ཡིན་ཞེས་བསྟན་པ་མ་ཡིན་པར། མ་འོངས་པར་བོད་རྒྱ་མཉམ་གནས་སམ་དབུ་མའི་ལམ་གྱི་རྩ་བའི་སྟེང་ནས་ལས་འགུལ་སྤེལ་བའམ་མངོན་འདོད་ཕྱི་བསྒྲགས་བྱས་པ་ཙམ་རེད།

 མདོར་བསྡུས་ན། གཟུགས་མེད་གྲིབ་བཟོ་དང་དངོས་མེད་རྟོག་བཟོ་བྱེད་པ་འདི་བོད་མིའི་བཟང་སྤྱོད་དང་མི་མཐུན་པ་སྟེ། ངོ་ཚ་ཁྲེལ་མེད་ཀྱི་ལས་ཀ་འབའ་ཞིག་འཁུམས་ན་མཚམས་བཞག་ན་མི་དགའ་འམ།།

བསམ་ཚུལ།

Post navigation

Previous Post: ཉི་འོད་འཕྲོ་བའི་ཆུ་ཁ།
Next Post: ༄༅།། དབུ་ཁྲིད་བཟང་པོ་ནི་དགེ་རྒན་ཚད་ལྡན་ཞིག་ཡིན།

Comments (7) on “༼གཟུགས་མེད་གྲིབ་བཟོ༽”

  1. མཐོད་རྒལ། says:
    2018-01-01 at 1:05 pm

    ལོ་གསར་པ་འདིའི་ནང་ལ་ང་ཚོར་མཐུན་སྒྲིལ་དང་ཆིག་སྒྲིལ། དྲང་བདེན་ཡོང་བའི་འབད་པ་བྱེད་ཀྱི་ཡིན། བྱས་ཙང་སྤེན་ཚེ་དང་བློ་བཟང་སེང་གེ་ལགས་ཀྱི་རྙོག་ཁྲ་གཅིག་པུར་མགོ་འཁོར་ན་མི་འགྲིགས།

  2. Abhar Jigwang says:
    2018-01-01 at 2:58 pm

    ༄༅། ཕྱི་ལོ་གསར་པ་ ༢༠༡༨ འདིའི་ནང་བོད་གཞིས་བྱེས་ཡོངས་ལ་བཀྲིས་བདེ་ལེགས་ཞུ།

    ཐུགས་རྗེ་གཟིགས་ལོ་འདིའི་ནང་ལ་་་་སྤྱི་སྒེར་སུ་ལའང་ཕན་མེད་དགྲ་དགའ་གཉེན་སྡུག་
    གི་ཚིག་རྩུབ་གྱི་ཁ་དམག་རྩ་བ་ནས་མ་རྒྱག་རོགས་གནང།

  3. གནམ says:
    2018-01-02 at 7:19 am

    ལོ་རེ་ལོན་ན། དུས་རེ་ཚེས་ན། ཉིན་རེ་ནས་ཉིན་རེར། ང་ཚོ་ཁ་ཇེ་གསལ་དང་རིག་པ་ཇེ་རྣོར།
    མདུན་ནས་མདུན་དུ་ངན་པ་ལ་ཆད་པ་དང་བཟང་བོ་ལ་སྐུལ་གསོལ་བྱས་ནས། བོད་སྤྱི་དོན་འདི་སྒེར་དོན་པ་འགའ་ཞིག་གིརྩེ་ར་ལ་མི་གཡོར་རྒྱུ་དེ་ལོ་གསར་བའི་དམ་བཅའ་ཡིན་དགོས་བ་རེད།

    བྱ་མ་དཀྲོག་པར་སྒོང་བ་ལེན་མི་ཐུབ་པ་ཤེས་དགོས། ལི་ཐང་དང་འཇི་ཆེན་ཤོག་ཁོག་གིས་མདོ་སྟོད་སྤྱི་མང་གི་རྐང་རྗེས་ལག་སུབ་བྱེད་དུ་བཅུག་ན་མི་འགྲིག། ལྷག་དོན་ཆོལ་གསུམ་བོད་མའི་རྩ་དོན་དཀྲུག་ཚོགས་འདི་དག་གི་ཆེད་དུ་གློད་མི་ཉན།

    ལོ་རེ་ལོན་ན་གྱོང་རེ་ལས། ཅི་ཐོབ་སོང་། ཆོལ་གསུམ་བོད་མིའི་ལུས་ལ་ན་ཚོ་ཡོད་པ་ཤེས་བཞིན་དུ། སྨན་ཐབས་མི་འཚོལ་བ། སྨན་པ་མི་བཙལ་བར། མ་ཤེས་མ་གོ་མདོག་མདོག་གིས་ལོ་གསར་བར་བཞག་ན་འགའ་བར་འདོད་པ་ནི།
    རིག་སྟོབས་ལ་སྨྱོ་ཆུ་ཕོག་ཡིན་འགྲོ
    སྤྱི་ཚོགས་ལ་ཤ་ཚ་དང་། ཆོལ་གསུམ་ལ་དུང་བ་མེད་པའི་རང་ལྟས་ཡིན་པ་ཨེ་ཤེས།

    ལོ་འདིར་འབྲས་བུ་སོན་པར་ཚ་ཚ་འུར་འུར་ཡིན་དགོས། དེ་འདྲ་མ་ཡིན་ན། ང་ཚོ་ངན་པ་རྒྱ་ཡན་དུ་གློད་པའི་ནག་ཆེན་པ་རེད།

    ཟླ་བའི་བཀའ་དྲིན་ཆོལ་ཁ་གསུམ་གྱི་གསར་འབྱོར་བ་རེས་མེད་ལ་རེག་ཡོད། འདི་འདྲ་བའི་གཞི་ཆགས་བོད་མི་བཀའ་དྲིན་ཅན་གཅིག་ལ་མེད། བྱས་ཙང་མི་བུ་འགས་མིག་ཚ་བ་རེད།
    སྤེན་ཚེ་ལོ་མཉམ་གྱི་ནང་ནས་སྤེན་ཚེ་གཅིག་པུ་ལས་མི་བུ་གཅིག་གིས་ཀྱང་བོད་དོན་ཧྲིལ་པོ་དེ་འདྲ་མང་པོ་ཞིག་ལ་ཞབས་ཞུ་ཞུས་བ་ཆོལ་ཁ་གཞན་ན་སུ་ཡོད། བྱས་ཙང་མི་བུ་འགས་མིག་ཚ་བ་རེད།
    ལྟོས་དང་སྤྱི་དོན་ཞིག་གང་ན་ཡིན། ཞེ་གནག་ཕྱོགས་ཁོག་གིས་ཁམས་ཞེན་ལ་ཁ་གཡར་ནས་ཁམས་རིགས་སྤུ་ཟླ་ཚོ་གཡང་ལ་གཡུག་པ་ཉག་གཅིག་ལས་ཅི་འདུག།
    མ་རུང་བའི་ལས་བྱེད་པོ་ཡོད་ཚད་ཕམ་གྱུར་ཅིག། བོད་སྤྱི་བ་རྒྱལ་ལོ།

  4. ཀརྡོ་རབ་འབྱམས་པ་ says:
    2018-01-02 at 10:39 am

    བྱམས་པས། ཧ་དགོས་ས་ལ་ཧ་གོ་ནས། གནད་དོན་འགའ་ཤེས་ལ། རྒྱུས་ལོན་ཡག་པོ་གནང་ནས། གསལ་བཤད་དྲི་བའི་ཚུལ་དུ། ཤིནད་ཏུ་ལེགས་ལ། དོན་གནད་སྣ་མང་ཡིན་པ་ལ། མདོར་དོན་མདོར་བསྡུས་སུ་བཀོད་པ་འདིས། ང་དང་ང་འདྲ་བ་ལ། བློ་བསྐྱེད་ཕན་ཐོགས་ཆེན་པོ་བྱུང་སོང་ངོ་།།

  5. ཇོ་སྲས་ངག་དབང་། says:
    2018-01-02 at 11:10 pm

    ཡིད་སྐྱོ་བ་ཞིག་ལ། ངེད་ཅག་ཁམས་ཕྱོགས་པ་དང་ཁམས་པར་ཞེན་ཁོག་ཡོད་མདོག་སྟོན་མཁན་རིགས་ཅིག་ནས། དང་ཐོག་རང་ཉིད་ནས་མ་རབས་ཐ་ཤལ་དང་ཁྲིམས་འགལ་གྱི་ལས་ཇི་སྙེད་ཅིག་བརྩམས། མི་མང་ནས་དེ་ལ་སྐྱོན་བརྗོད་དང་མི་འདོད་པའི་རྣམ་འགྱུར་སྟོན་འགོ་ཚུགས་སྐབས་ང་ཚོ་ལ་རྡོག་རྩ་གཅིག་སྒྲིལ་དགོས་པ་དང་རྡོག་རྩ་གཅིག་སྒྲིལ་ལ་གནོད་པའི་སྐད་ཆ་དེ་རིགས་བཤད་མི་ཉན་ཚུལ་ཤུགས་ཆེར་གླེང་པའི་ངན་བྱུས་ཤིག་ཡོད། ཡིན་ནའང་དེང་སྐབས་མི་རྣམས་གཉིད་སད་ཚར་པ་ཡིན་ཙང་དེའི་ཕན་ཐོགས་ས་མ་རེད་གདའ། རང་ཉིད་ཁམས་རིགས་སུ་གཏོགས་པའི་ཆ་ནས་ད་ནི་བག་ཡོད་ཚུལ་མཐུན་གནང་རོགས་ཞེས་ཁམས་པའི་ཡུལ་ཕྱོགས་གཅིག་པ་རྣམས་ལ་རེ་སྐུལ་ཞུ་་་་་་་་་

  6. རིན་ཆེན་ says:
    2018-01-03 at 1:28 am

    ཡག་པོ་པེ་བྲིས་འདུག རིན་ཐང་ཅན་གྱི་རྩོམ་རེད་འདུག

  7. ཀརྡོ་རབ་འབྱམས་པ་ says:
    2018-01-03 at 8:32 am

    ་་་་་་་་་་་་་་་་ མདོར་བསྡུས་ན། གཟུགས་མེད་གྲིབ་བཟོ་དང་དངོས་མེད་རྟོག་བཟོ་བྱེད་པ་འདི་བོད་མིའི་བཟང་སྤྱོད་དང་མི་མཐུན་པ་སྟེ། ངོ་ཚ་ཁྲེལ་མེད་ཀྱི་ལས་ཀ་འབའ་ཞིག་འཁུམས་ན་མཚམས་བཞག་ན་མི་དགའ་འམ།། ་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme