Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

   སྐད་འཕྲིན་གསེབ་ཀྱི་བུ་མོ།

Posted on 2017-12-23 By ཁ་བརྡ 2 Comments on    སྐད་འཕྲིན་གསེབ་ཀྱི་བུ་མོ།

གཟི་མིག་གིས། 

 

མ་ཡུམ་ཤེས་རིག་རྭ་བའི་སྐྱེད་ཚལ་དབུས།།
གནག་སྣུམ་རྒྱང་ལ་འཐེན་པའི་ལམ་ཟུར་ནས།།
ཡིད་མཐུན་སེམས་ཀྱི་སྙིང་སྡུག་བུ་མོ་དང་།།
བརྩེ་བའི་མིག་བརྡ་བཙན་པོ་སྙིང་ཁར་བརྡབ།།

ཐོག་མའི་སྟེས་དབང་ཟིག་གི་མཇལ་ཕྲད་དེ།།
སྒྱུ་མའི་རྨི་ལམ་དྭངས་མའི་གར་སྟབས་བཞིན།།
སྐད་ཅིག་ཉིད་ཀྱིས་མགྱོགས་མྱུར་འདས་སོང་བས།།
འཚོ་བའི་ཁ་དོག་འདི་ཡང་དོན་སྙིང་དབེན།།

ཁོ་མོ་མཐོང་བའི་ཉིན་མོའི་འཁོར་འདས་ཁྲོད།།
བདག་སེམས་ཡིད་ཀྱི་མཚོ་མོའི་ཆུ་གཞུང་དུ།།
བརྩེ་སེམས་གསེར་མིག་ཉ་མོས་བང་རྩལ་ངོམ།།
ལྷད་མེད་བརྩེ་དུང་གསར་བའི་དྲི་ངད་ཐུལ།།

ཉིན་མཚན་བརྩེ་དུང་བསམ་པའི་དུས་ཚོད་དེར།།
ཁྲ་ཆུང་མིག་ཟུང་རྒྱུ་བའི་སྐར་ཆེན་དང་།།
བསམ་པའི་འཆར་སྣང་གསེབ་ཀྱི་ཁབ་ཆུང་མ།།
ང་ཡི་འཇིག་རྟེན་གསར་བའི་ལོངས་སྤྱོད་ཡིན།།

བརྩེ་དུང་སྣང་བར་འཁྱུད་པའི་ལོ་ཟླའི་ཁྲོད།།
ཉིན་གྱི་ཕོ་ཉ་གཅིག་འདས་གཉིས་འདས་བྱས།།
དུང་བའི་མདའ་མོ་གཅིག་ཤོར་གཉིས་ཤོར་ལས།།
སེམས་པའི་འཆར་སྒོ་མཐའ་དག་ཁོ་མོས་བཅོམ།།

བློ་མཐུན་སྙིང་དང་འདྲ་བའི་གྲོགས་པོ་བརྒྱུད།།
སྐད་འཕྲིན་ཁ་བྱང་ལན་བརྒྱར་རག་ཐབས་ཀྱིས།།
དཀའ་དཔྱད་རྔུལ་ཆུ་དུ་མའི་རེ་བཟང་ཀློང་།།
སེམས་སོང་སྙིང་གི་བུ་མོའི་སྐད་འཕྲིན་དབང་།།

ཁོ་མོའི་སྐད་འཕྲིན་སྐུད་ལམ་དབང་བ་ལས།།
སེམས་ཀྱི་ངོ་ཚ་ཐམས་ཅད་སྙིང་ཁར་སྦས།
བརྩེ་བའི་ཚིག་གི་མདའ་མོ་འཕེན་ན་ཡང་།།
ཚུར་ཡོང་བརྩེ་འཕྲིན་རྣལ་མའི་ཁ་དོག་དབེན།།

བཅོས་མིན་རོ་བཅུད་འཛོམས་པའི་བརྩེ་དུང་ཆེད།།
ཉིན་མཚན་ཐུན་དྲུག་དཀའ་སྡུག་ངང་འཁུར་གྱིས།།
རབ་གསལ་བརྩེ་དུང་གསར་བའི་ལང་ཚོ་བཞད།།
མི་འཇིག་བརྩེ་དུང་རི་མོ་རྡོ་ལ་བཀོད།།

ལོ་ཟླའི་ཟེགས་མ་བརྩེགས་པའི་རླབས་ཕྲེང་ཀློང་།།
ཡིད་ཆེས་དམ་ཚིག་འགྱུར་མེད་རང་གཤིས་ལས།།
ཚིག་གསུམ་སེམས་ཀྱི་སྐད་ཆ་ཐོར་བུ་དག།
མ་ལུས་ཐམས་ཅད་ཁོ་མོར་བཤད་པ་ཡིན།།

སེམས་མཐུན་ངེད་གཉིས་ཆུ་དང་ཉ་མོ་བཞིན།།
ཉིན་འགྲོགས་མཚན་འགྲོགས་གང་མང་བྱས་པའི་མཐར།།
སེམས་པ་སེམས་པར་བརླན་ནས་གསང་གཏམ་བཤད།།
བརྩེ་བས་བརྩེ་བར་འཁྱུད་ནས་ཡིད་ཆེས་བྱས།།

སྙན་ངག

Post navigation

Previous Post: བློ་སེང་དང་སྤེན་ཚེའི་སྐད་ཆར་ཉན་རྗེས་ཀྱི་བསམ་ཚུལ།
Next Post: བྱ་སྤུ་གནོན།

Comments (2) on “   སྐད་འཕྲིན་གསེབ་ཀྱི་བུ་མོ།”

  1. ཨ་འབར་འཇིགས་དབང། says:
    2017-12-23 at 5:34 pm

    ༄༅། སྐད་འཕྲིན་སྐད་འཕྲིན་ཟེར་ན་དཀྲུགས་འཕྲིན་རེད།
    མི་འདོད་དཀྲུགས་ཤིང་བཤད་ན་རང་གཞན་ལ།
    ཕན་པ་སྣེ་གཅིག་མེད་པ་ཀླད་སྟོང་རེད།
    དམ་པའི་ཆོས་དང་བརྒལ་འགྲོ་ཀྱེ་མ་ཀྱེ།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-25 at 9:09 am

    དུས་རབས་འཕོ་འགྱུར་འཕྲུལ་རིག་གསར་རྗེའི་འོག་།
    ཐོན་གསར་དངོས་པོའི་མི་གི་དགོས་མཁོ་སྒྲུབ་།
    སྐད་འཕྲིན་བེད་སྤྱོད་མི་གི་རྣམ་སྤྱོད་རག་།
    ལེགས་ཉེས་དབྱེ་བ་ཟུར་གནས་མཁས་པས་འགན་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme