Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་དང་སྐུ་ཚབ་སྤེན་ཚེའི་དཀྱིལ་ལ་གནས་པའི་གཏམ་བཟང་།

Posted on 2017-12-152017-12-15 By tenzin 7 Comments on སྲིད་སྐྱོང་དང་སྐུ་ཚབ་སྤེན་ཚེའི་དཀྱིལ་ལ་གནས་པའི་གཏམ་བཟང་།

བསྟན་འཛིན།

ང་ཚོས་ཆབ་སྲིད་གླེང་དུས། རང་དགའ་གཞན་སྡུག་ཤ་སྟག་ལས། སྤྱི་ལ་ཕན་པའི་རྩ་དོན་སྙིང་ལ་བཅུག་ནས་སྐད་ཆ་ཤོད་མཁན་ཆེས་ཉུང་། སྲིད་སྐྱོང་དང་སྤེན་ཚེའི་གནས་སྟངས་དེས་མ་འོངས་ཀྱི་བསླབ་བྱ་མང་པོ་ཞིག་ལེན་རྒྱུ་ཡོད་རུང་། དེ་ལ་བསམ་གཞིགས་བྱེད་མཁན་དཀོན། དེ་བཞིན་ཁོང་གཉིས་ཀྱི་བཟང་ཕྱོགས་ཡོན་ཏན་གཟུ་བོར་གནས་ནས་བརྗོད་མཁན་ཉུང་། འདིར་བློ་གཟུ་བོར་གནས་པ་དང་། བོད་ཀྱི་སྤྱི་དོན་ལ་ཤ་ཚ་ཡོད་པའི་བོད་པ་ཚོས། བཟང་ཕྱོགས་ཀྱི་གནས་ཚུལ་འགའ་རེ་གསུངས་རོགས་ཞུ།

སྲིད་སྐྱོང་དང་སྐུ་ཚབ་ཟུར་པ་སྤེན་ཚེའི་བྱས་རྗེས་འགའ།

སྲིད་སྐྱོང་བློ་བཟང་སེང་གེས་ཐོག་མར་འདེམས་སྒོའི་སྐབས་ཆོལ་ཁའི་འཐེན་འཁྱེར་ཤོར་ནས་བོད་མིའི་སྤྱི་ཚོགས་ལ་བརྡབ་སིག་ཆེན་པོ་ཤོར་རུང་། རྗེས་མ་འདེམས་སྒོ་ཚར་རྗེས། སྲིད་སྐྱོང་ནས་༧གོང་ས་མཆོག་ལ་དགོངས་སེལ་ཞུས་ནས། གང་ཐུབ་ཀྱིས་སྔར་གྱི་སྐྱོན་ཆ་རྣམས་མི་ཡོང་བར་འབད་པ་བྱས་འདུག དཔེར་ན། སྤེན་ཚེ་ལ་བོད་གཞུང་གི་གནད་ཡོད་གོ་ས་སྤྲོད་པ། རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་སླར་ཡང་གོ་ས་སྤར་ནས་ཨ་རིར་གཏོང་བ། སྲིད་སྐྱོང་གིས་སྔར་བཞིན་མི་འདྲ་བར། ཕྱོགས་ལ་ཕེབས་དུས། བབ་ཆགས་པོ་དང་། རྒྱས་སྤྲོས་མེད་པ། རྒྱལ་བའི་བཀའ་དགོངས་བསྒྲུབ་པར་འབད་བརྩོན་ཆེན་པོ་བགྱིས་སོང་། དེ་བཞིན་སྔར་བཞིན་མ་ཡིན་པར། བཀའ་ཤག་གསར་པའི་ནང་ལ་ཆོལ་གསུམ་ནས་མི་སྣ་འདུ་བསྐོང་དང་། བཀའ་ཤག་གི་ལྟ་བ་དེ་༧གོང་ས་མཆོག་གི་དབུ་ཁྲིད་འོག་ལ་ཤར་སྐྱོད་ཐུབ་པའི་ལམ་ཕྱོགས་གསལ་པོ་སོགས་ཡིན་འདུག དེ་དག་༧གོང་ས་མཆོག་ནས་ཐུགས་སྣང་བྱུང་ནས་བསྔགས་བརྗོད་ཡང་ཡང་ཕེབས།

ཚོགས་ཟུར་སྤེན་ཚེ་ལ་མཚོན་ན། སྔོན་གྱི་ཆོལ་ཁའི་གནས་ཚུལ་དང་། བློ་སེང་ཕྱོགས་གཏོགས་ཀྱི་སྙོན་བཙུགས་རྣམས་སེམས་ལ་མི་འཛིན་པར། བློ་སེང་གིས་སྤྲད་པའི་ལས་འགན་གསར་པ་དེ་ལ་བློ་ཐག་གཙང་བཅད་ཀྱིས་ཞབས་ཞུ་ལྷག་བསམ་དག་པས་བསྒྲུབས་འདུག དཔེར་ན། བློ་སེང་དང་གྲོས་བྱས་ནས། ཨ་རིར་ཕེབས་མ་ཐག ཨ་རིའི་ནང་ལ་ཡོད་པའི་བོད་དང་འབྲེལ་ཡོད་ཀྱི་ཚོགས་པ་ཚང་མར་འབྲེལ་གཏུགས་ཞུས་ནས། བོད་དོན་གྱི་ནུས་པ་གོང་མཐོར་གཏོང་ཐབས་གནང་། དེ་བཞིན་༧གོང་ས་མཆོག་ཨ་རིར་ཕེབས་དུས། སྔར་ལས་ལྷག་པའི་སྐུའི་སྲུང་ཆ་ཡར་རྒྱས་བཏང་བ། ཨ་རིའི་ནང་གི་བོད་པ་དང་འབྲེལ་ཡོད་ཀྱི་ཚོགས་པ་ཚང་མར་འབྲེལ་བ་དམ་རུ་བཏང་ནས། ནུས་པ་བསྒྲིལ་ནས། ཨ་རིའི་གཞུང་ལ་བོད་ལ་རྒྱབ་སྐྱོར་ཡོང་བའི་སྙན་ཞུ་ཡག་པོ་ཞིག་ཕུལ། དེའི་འབྲས་བུར། ཨ་རིའི་གྲོས་ཚོགས་ཀྱིས་སྔར་བཞིན་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག ཐོག་མར་ཨ་རིའི་གཞུང་ལ་བུ་ལོན་མང་བ་དང་། ཡོང་བབ་ཉུང་བའི་རྐྱེན་གྱིས། ༢༠༡༧ལོར་ཕྱི་ཕྱོགས་ལ་སྤྲོད་པའི་རོགས་དངུལ་བརྒྱ་ཆ་༣༠བཅད་རྒྱུར་ཐག་བཅད་ནས། སྔར་གྱི་རོགས་དངུལ་འགྲོ་ཡུལ་མང་པོ་མེད་པ་བཟོས། ཐོག་མར་བོད་དང་འབྲེལ་ཡོད་ཀྱི་རོགས་དངུལ་ཡང་དེ་ལྟར་སྤྲོད་མཚམས་འཇོག་རྒྱུར་གཏན་འཁེལ་ཡང་། བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་བཟང་པོ་དང་།  སྐུ་ཚབ་སྤེན་ཚེ་སོགས་ཀྱི་འགོ་ཁྲིད་ཀྱི་ནུས་པར་བརྟེན་ནས། བོད་དོན་རྒྱབ་སྐྱོར་བ་རྣམས་དམིགས་ཡུལ་གཅིག་གི་ཐོག་ལ་བསྒྲིལ་ཐུབ་ནས། བོད་ལ་དམིགས་བསལ་རོགས་དངུལ་རྒྱུན་མཐུད་བྱུང་བ་སོགས། གྲུབ་འབྲས་མང་པོ་ཐོབ་འདུག

གོང་གི་གྲུབ་འབྲས་དེ་དག་མི་གཅིག་གཉིས་ཀྱིས་བྱས་རྗེས་ལ་བཞག་ན་ཁྱོན་ནས་འགྲིགས་ཐབས་མེད། གྲུབ་འབྲས་དེ་དག་ནི། ༧གོང་ས་མཆོག་གི་མཚན་སྙན་དང་། སྲིད་སྐྱོང་གི་འགོ་ཁྲིད་ཀྱི་ནུས་པ་བཟང་པོ། སྐུ་ཚབ་སྤེན་ཚེ་དང་ལས་རོགས་རྣམས་ཀྱི་ལྷག་བསམ་དང་འཇོན་ཐང་ལ་ཐུག་ཡོད། རྡོག་རྡོག་བཤད་ན་མཐུན་སྒྲིལ་དང་ཡིད་ཆེས་ལ་ཐུག་ཡོད།
དེ་དག་བཟང་ཕྱོགས་ཀྱི་གནས་ཚུལ་་དགྲས་ཐོས་ན་སྙིང་ན་བ། གཉེན་གྱིས་ཐོས་ན་སྙིང་དགའ་བ་རྣམས་རེད། ད་དུང་གཞན་པ་ཡོད་སྲིད་པས། ངོ་སྤྲོད་གནང་རོགས།

བསམ་ཚུལ།

Post navigation

Previous Post: དབང་རྩའི་ནད་ཡམས་ཀྱི་སྒྲུང་།
Next Post: སྲིད་སྐྱོང་བློ་སེང་ལ་བསྟོད་པ་མཆོག་གྲུབ་མ་དང་དེའི་ཟློག་པ་བཞུགས་སོ།།

Comments (7) on “སྲིད་སྐྱོང་དང་སྐུ་ཚབ་སྤེན་ཚེའི་དཀྱིལ་ལ་གནས་པའི་གཏམ་བཟང་།”

  1. ཨ་འབར་འཇིགས་དབང། says:
    2017-12-15 at 3:57 pm

    ༄༅། བསྟན་འཛིན་ལགས་ནས་དཀྱིལ་ལ་བཞུགས་ནས་དཔྱད་རྩོམ་བྲིས་གནང་བ་
    ཡག་པོ་ཞེ་དྲག་འདུག་
    རེད་རེད་་་་དེ་ག་རང་རེད། གོང་གསལ་རོགས་དངུལ་སྐོར་ལ་་་ཨ་རི་རྒྱལ་སྤྱིའི་བོད་
    དོན་ལས་འགུལ་ཁང་ནས་ཐུགས་འཁུར་ཆེན་པོ་བཞེས་གནང་ཡོད་པ་དེ་ཚུད་མི་འདུག་སྙམ།

    ད་་་རང་རེ་ཚང་མ་ཉོན་མོངས་དུག་གསུམ་གྱིས་མནན་ནས་བདག་འཛིན་ཆེ་དྲག་ནས་
    ང་ང་་་རང་ཡིན་བརྗོད་མཁན་མ་གཏོགས་མེད་པ་རེད། ཡིན་ཡང་སྨ་ཤེས་གོ་ཐུབ་པ་མི་རང་ཡིན་པའི་ཆ་ནས་་སེམས་ལ་འགྱུར་བ་གཏོང་ནས་མཐུན་
    སྒྲིལ་མ་འཐོར་བ་རྒྱལ་བའི་བཀའ་བཞིན་གནང་རྒྱུ་གལ་ཆེན་པོ་ཡིན་པ་ཚང་མའི་ཐུགས་ལ་
    འཛིན་རོགས།

  2. བསམ་ཤེས། says:
    2017-12-15 at 5:39 pm

    ད་འདིར་མིའི་སྐད་ཆ་བདེན་པ་ར་སྤྲོད་ཐུབ་པ་ཞིག་བྲིས་འདུག ཚང་མས་འདི་ལ་བསམ་གཞིགས་གནང་ནས་ང་ཚོའི་སྤྱི་དོན་བློས་མི་གཏོང་བ་ནི་ད་ལྟའི་མི་རབས་རྣམས་ཀྱི་འགན་རེད། ཡག་པོ་འདུག མུ་མཐུད་མཐུན་སྒྲིལ་གོང་འཕེལ་དང་། ཁ་བྲལ་ལ་ངོ་རྒོལ་བྱ་རྒྱུ་དེ་ངོ་མ་གནད་འགག་རེད། ཐུགས་རྗེ་ཆེ།

    ང་ཚོ་མཐོང་རྒྱ་ཆེ་བ་དང་། ཕྱི་ནང་གི་གནད་འགག་མཐོང་ཐུབ་པ་རྣམས་ཀྱིས་ཆིག་སྒྲིལ་གྱི་ཚོགས་པ་ཡག་པོ་ཞིག་བསྐྲུན་ནས། འཐེན་འཁྱེར་རིང་ལུགས་པ་ཚོའི་ནག་ཉེས་ལ་ཁ་གཏད་འཇལ་བ་འདི་ད་ལྟ་ཁ་ཚ་དགོས་ཐུག་གི་ལས་ཀ་རེད་འདུག

  3. ཀརྡོ་རབ་འབྱམས་པ་ says:
    2017-12-15 at 10:57 pm

    སྔར་གྱི་ཕྱི་དགྲ
    ཕྱི་དགྲ་མ་འོ་ཙེ་ཏུང་རྒས་ནས་ཤི །
    གཏིང་དགྲ་ཏིང་གི་ཤ་པོ་སྡུག་ཤི་ཐེབས། །
    ཛང་གི་ཙང་མིན་རང་ཉིད་ཤི་སྒུག་རྒྱག །
    ཧུ་ཡི་གཅིན་ཐའོ་མིང་གི་ལྷམ་མར་ལུས། །
    དིང་གི་ཕྱི་དགྲ
    ཤི་གཅིན་ཕིན་ནི་ཡ་རབས་བློ་ཁོག་ཡངས། །
    འོནད་ཀྱང་སྔར་ཉེས་དགྲ་བོ་མ་ཐུལ་ལུས། །
    དམར་མེད་མང་གཙོ་མེད་པའི་རྒྱལ་ཁབ་སྐྱོང་། །
    རྒྱ་གར་འབྲུག་དང་བལ་སོགས་སྡིག་ར་བསྐུལད། །
    སྔར་གྱི་ནང་དགྲར།
    སྐུ་དྲག་མི་དྲག་རྒྱལ་ཚོང་མིང་གིས་དམོད། །
    བླ་མ་སྤྲུལ་སྐུས་འཐེན་འཁྱེར་མི་མངས་དཀྲུགས། །
    སེར་མིན་སྐྱ་མིན་རྨོངས་དད་གཞུང་མངས་ཁྱབ། །
    ད་ཆ་དེ་དག་ཆ་མེད་ཡུལ་ལ་འཁྱམས། །
    དིང་གི་ནང་དགྲར།
    བོད་ནང་བོད་རིགས་རྒྱ་ཁྱིས་ཕར་ཚུར་རྒྱུགས། །
    དོལ་རྒྱལ་ཁ་འཁྱེར་ཆོས་སྲིད་རྩབ་ཧྲལ་འབད། །
    ཆོལ་ཁ་ཆོས་བརྒྱུད་འཐེན་འཁྱེར་ཆིག་སྒྲིལ་གཏོར། །
    ད་དུང་ལེ་ལོས་རྗེ་ལུས་ཡིག་རྨོངས་མང་། །
    ་
    བློ་སྤེན་གཉིས།
    སྲིད་སྐྱོང་སེང་གེས་མ་འོངས་རང་ས་བཟུང་། །
    ཚོགས་ཟུར་སྤེན་ཚེས་སྲིད་ཁྲིར་འཛེགས་དགོས་འདུག །
    ཡང་ན་ཁྱོད་གཉིས་གནས་སྐབས་ལྷོད་ཙམ་གྱིས། །
    རྒན་གཞོན་གཞན་ནས་སྲིད་སྐྱོང་གསར་འདེམས་དགོས། །
    བློ་སྤེན་གྱིས།
    བློ་སྤེན་གཉིས་ཀྱི་བྱས་རྗེས་བྱས་པ་ལས། །
    རྐང་བསུབ་ལག་བསུབ་ལབ་རྒྱུ་གླེང་རྒྱུ་ནི། །
    དེ་བས་མང་བ་བྱུང་སོང་ཕོ་རྒོད་གཉིས། །
    ད་ནས་ཕྱི་དགྲ་ནང་དགྲར་འཐབ་རྩོད་གྱིས། །

  4. ཀརྡོ་རབ་འབྱམས་པ་ says:
    2017-12-15 at 11:09 pm

    མ་འོངས་བོད་ཀྱི་མཛངས་མ་རྣམ་གཉིས་ལ། །
    ་
    བོད་ཀྱི་མི་རྒོད་བློ་སྤེན་མི་འཇོན་སར། །
    མ་འོངས་བོད་ཀྱི་མཛངས་མ་ཤར་གླིང་དང་། །
    ལྷ་རྒྱལ་སྲས་མོས་ད་ནས་གྲ་སྒྲིག་གྱིས། །
    བོད་ཀྱི་ཆབ་སྲིད་སྲི་ཁྲིར་འཛེགས་དུས་འོངས། །
    ་
    མཆན་རྒན་ཀརྡོས་མཆན་གྱིས་རྟེན་འབྲེལ་བསུ། །

  5. གནམ says:
    2017-12-16 at 11:35 am

    ཆིག་སྒྲིལ་དགོས་ན། དཔོན་ངན་རྒྱ་ཡན་དུ་མི་གློད་པ་དེ་རྩ་བའི་རྩེ་མོ་ཡིན་པ་རེད།
    ལོ་འདི་དག་གི་ནང་ལ་བྱས་ཉེས་སྣ་འདུས་སྣེ་འདུས་ཙམ་ལས། བྱས་རྗེས་ནི་བཙལ་ན་ཅིག་རེག་རྒྱུ་ཨ་ཡོད་དམ། དེ་འདྲ་རེད།
    “ཁམས་པ་ལ་ལས་༧ཏཱ་ལའི་ཡང་ཁོང་སྤེན་ཚེའི་རྒྱབ་རྩ་རེད་”ཟེར་བའི་ཁམས་ཞེན་འཛིན་སྟངས་འདི་འདྲ་ནི་གང་ཡིན་ནམ།

    དྲིན་བྱས་དྲིན་དུ་མི་ཚོར་ཁམས་པའི་པུ།།
    དགྲ་བོ་དགྱ་ལས་བྱོལ་བའི་དཔའ་བོའི་ཚོགས།།
    ལོ་རེ་ལོན་ན་མདོག་ངན་ཇེ་གསལ་རེད།
    ལྟས་ངན་འཁྲབ་དཔོན་ཡོད་ན་འཁྲོབ་ཤོག་ཀྱེ།

  6. ཀརྡོ་རབ་འབྱམས་པ་ says:
    2017-12-18 at 2:45 am

    སྔར་སྤེན་ཚེ་ཚོགས་གཙོས།
    https://www.facebook.com/119306658803462/videos/172966700104124/?hc_ref=ARR1AJWGToxEewMniD1qurN_1JMvg8vvTEhwaCFR5PdKwV9wwpXiX4e7EaoSumBDBa8

  7. དྲན་དཀར་དཔལ་ཡོན་ says:
    2017-12-23 at 8:27 am

    སྤེན་ཚེ་རིང་ལགས་ཀྱིས་ལ྄་སི་པོ་ལོ་སི་དང་ལྷན་དུ་རྡ་སར་ཡོང་སྐབས། སྲིད་སྐྱོང་ལགས་ལ་ཡིད་ཆེས་མེད་པ་འམ་ཁོ་རང་གི་ཧ་ལམ་མ་སོང་ན། སྒེར་གྱི་ཨ་ཅག་ཡིན་པ་ལྟ་བུ་བྱས་སོང་། དངོས་ནས་ཁོ་རང་རང་གི་གསུངས་པ་ལྟ་བུ་བྱས་ནས་ཁོང་འདི་ལ་འཕུར་སོང་། རྒྱ་གར་དུ་འབྱོར་ཚེས་འདི་རེད་ཅེས་ཁ་པར་བཏང་ན་སྲིད་སྐྱོང་གིས་མིན་རྩ་ནས་གསུང་གི་མ་རེད། སྤེན་ཚེ་རིང་ལགས་ཀྱི་ཕྱོགས་གཏོག དག་ཡིག་ཤེས་མཁན་ཚོས་ཀྱང་ཕལ་ཆེར་མཚན་གནས་བེད་སྤྱོད་མེད་པར་སྤེན་ལགས་ཀྱི་བཟའ་ཟླ་ལྟ་བུར་བསྒྲགས་སོང་། དག་ཡིག་ཚོགས་པ་སྤྱོད་པ་ངན་པ་ལ་ནི་ཚོད་ཅིག་མིན་འདུག ཁོ་རང་རང་ད་དེ་འདྲས་སྡིགས་ཀ་རང་ད་མ་རེད། དག་ཡིག་ཚོགས་པས་གཟབ་གཟབ་མ་གནང་བ་དང་སྤེན་ཚེ་ལགས་ཀྱི་མུ་མཐུད་ནས་ང་རྒྱལ་གནང་སྟངས་བལྟ་ན། འོས་བསྡུ་རྗེས་མ་མེད་པ་བལྟ་བུ་གནང་སོང་། ༧རྒྱལ་བ་རིན་པོ་ཆེས་ག་ཚོད་མ་འཇོན་ཡང་རང་གི་རྗེས་འཛིན་གྱི་སྲིད་སྐྱོང་རྒྱུན་ཆད་བཅུག་གི་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme