Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྒྱ་བཤད་ན།  སྟོང་བཤད་ན།

Posted on 2017-12-13 By ཁ་བརྡ 36 Comments on བརྒྱ་བཤད་ན།  སྟོང་བཤད་ན།

ཨ་ཉོག
____སྲིད་སྐྱོང་བློ་བཟང་སེངྒེ་ལ་ངོ་ལོག་བྱེད་མཁན་འདི་ཚོ་ཞབས་འདྲེན་རེད།

ངོ་ལོག་པ་ཁྱེད་ཚོས།  “བཀའ་ཤག་གམ། སྲིད་སྐྱོང་གིས་དྲང་པོ་བྱས་མ་སོང་། གསལ་བཤད་བྱེད་དགོས་” ཞེས་འབོད་ཀྱི་འདུག ངས་ཁྱོད་རང་ཚོ་ལ་སྐད་ཆ་ཞིག་འདྲི།  “ཁྱོད་རང་ཚོས་བཀའ་ཤག་ནས་དྲང་པོ་བྱས་མེད་པ་ཤེས་ཀྱི་ཡོད་དམ་མེད།” ཡོད་ན་ག་རེའི་གསལ་བཤད་དགོས་ཀྱི་འདུག མེད་ན་དྲང་པོ་བྱས་མ་སོང་ཞེས་ག་རེ་བཤད་ཀྱི་ཡོད། ཁྱེད་རང་ཚོས་སྐད་ཆ་བཤད་མ་ཤེས་པ་རང་རེད། ཁྱེད་རང་ཚོ་ལ་ག་རེ་དགོས་སམ།  ཁ་ཐུག་ཤོད་དང་། ངས་བསམ་ན་ཁྱེད་ཚོ་ལ་དགོས་པ་ནི། ཁྱེད་རང་ཚོས་སྲིད་སྐྱོང་བློ་བཟང་སེང་གེས་དབུ་ཁྲིད་པའི་ “བཀའ་ཤག་ལ་ངོ་རྒོལ་རྒྱབ་གཏོད་བྱས་པ་འདི་ཤིན་ཏུ་ཡག་པོ་རེད། བཀའ་དྲིན་ཆེ།  ཁྱེད་རང་ཚོ་ཕྱོགས་ཞེན་འཐེན་ཁྱེར་གྱི་ཚོར་བས་བཟི་ནས། སྤྱི་ཚོགས་ནང་ངོ་ལོག་ལས་འགུལ་གྱིས་ཟིང་ཆ་བསླངས་ནས་ཞབས་འདྲེན་ལུང་པ་གང་ཞུས་སོང་བ་འདིས། བཙན་བྱོལ་སྤྱི་ཚོགས་ཀྱི་འཆམ་མཐུན་དང་གཅིག་སྒྲིལ་ལ་ཕན་པོ་བྱུང་།  བཀའ་དྲིན་ཆེ་” ཞེས་ཞུ་དགོས་པ་འདི་རེད།  དེ་འདྲ་རེད་དམ།

རྒྱལ་བ་རིན་པོ་ཆེ་དང་། བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཁྲི་འབུམ་མང་པོས། ཡིད་ཆེས་བློ་འགེལ་ཞུ་སའི་མི་རྗེ་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་ཁོང་གིས། སྟོབས་འབྱོར་མངའ་ཐང་འཛམ་གླིང་ལ་གྲགས་པའི་དགྲ་བོ་རྒྱ་དམར་ལ་ཡང་། སྡར་སྐད་ཚིག་གཅིག་ཤོར་མྱོང་མེད་ན། ངོ་ལོག་པ་ཁྱེད་ཚོ་ལ་ག་རེ་བྱས་ནས། “རྐུ་མ་ལ་དཔའ་དར། སྤྱང་ཀི་ལ་རྣ་ཚར་” འདོག་དགོས་རེད། དེ་འདྲ་ནམ་ཡང་ཡོང་གི་མ་རེད། འགྲུབ་རྒྱུ་མེད་པའི་རེ་ངན་དེའི་རིགས་ནམ་ཡང་འཆང་རོགས། 

ངས་འདི་ནས་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་ཡོད་པའི། ངོ་ལོག་པ་ཁྱོད་ཚོར་ལམ་སྟོན་གྱི་རེ་བ་རྐང་ཁ་ཤས་ཞུ།  ཁྱོད་རང་ཚོ་སྟོབས་ཆེན་རྒྱལ་ཁབ་གང་དགའ་གང་ཡག་ནས་མི་སེར་ཞུས་ཡོད་པས། ཁ་ལ་བཟའ་རྒྱུ་དང་རྒྱབ་ལ་གོན་རྒྱུ། འགྲོ་ས་སྡོད་ས་ལ་སེམས་ཁྲལ་མེད་པས་ག་རེ་བྱས་ནའང་འགྲིག་བསྡད་ཡོད་རེད། ཡིན་ནའང་། ང་ཚོ་རྒྱ་གར་བལ་ཡུལ་དུ་ཡོད་པའི་བཙན་བྱོལ་བ་ཉམ་ཐག་ཀུན་གྱི་ལག་པ་བཟེད་ས་དང་། རེ་བ་བཅོལ་ས་གཅིག་རང་ཡོད་པ་ནི། རྒྱལ་བ་རིན་པོ་ཆེའི་ལམ་སྟོན་ལྟར། སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེས་དབུ་ཁྲིད་པའི་སྲིད་གཞུང་འདི་རང་ཡིན་ན། འདི་ཁྱོད་ཚོས་ཁ་རྩེད་ལག་རྩེད་རྩེ་སྤྱད་མ་བྱེད་རོགས། འདི་ལ་བརྩི་བཀུར་དང་ཆེ་མཐོང་།  ཡིད་ཆེས་དང་རིན་ཐང་མེད་པ་མ་བཟོ་རོགས། ཐུགས་རྗེས་གཟིགས་ཞེས་པ་འདི་ཡིན། 

ཁྱོད་རང་ཚོ་ད་ནས་ཁང་པ་སྐྱིད་པོ་དང་ཉལ་ས་དྲོན་པོའི་ནང་ཉལ་ནས། སྐད་འཕྲིན་རྩེ། ཚོགས་པ་བཙུགས།  འཆར་གཏམ་བཤད། ཚིག་རྩུབ་ཅི་སྡུག་གང་ངན་དྲ་ལམ་ཡོད་ཚད་ལ་སྐུར་ནས། མི་སེམས་འཁྲུག་ཐབས་ལ་འབད་པ་བྱེད་ཀྱི་འདུག་ལ། བཙན་འབྱོལ་གྱི་སྤྱི་ཚོགས་ཆུང་ཆུང་འདི་འཁྲུག་ནས། བོད་མི་ཐམས་ཅད་ཁྱེད་རང་ཚོའི་རྗེས་སུ་ཡོང་དགོས་པའི་འབོད་སྐུལ་བྱེད་ཀྱི་འདུག  ལོ་སྔོན་མའི་སྲིད་སྐྱོང་འོས་བསྡུའི་སྐབས་ནས་དེ་ལྟར་བྱས་སོང་ལ།  དེ་རིང་ཁ་སང་ཡང་དེ་ལྟར་བྱེད་ཀྱི་འདུག

བྱེད་སྟངས་ངན་པ་དཔེ་འདུག གྱོན་གོན་གང་ཡག་གང་རྫིགས་གྱོན་ནས་ཁྲོམ་ལ་ཐོན། འཕྲེད་དར་ཅི་སྡུག་གང་ངན་ཁུར། མིག་ཤེལ་གྱོན། ཁ་ངོ་འགེབ་ནས། བོད་མི་རིགས་དང་རང་འོག་གི་མི་སེར་ཉམ་ཐག་རྣམས་ཀྱི་ཆེད་དུ། དཀའ་བ་བརྒྱ་དང་། འབད་པ་སྟོང་གིས་རྒྱུགས་བཞིན་པའི། རང་གཞུང་གི་སྲིད་ཞུ་བ་རྣམས་ལ། ངན་སྨྲ་དང་མཐུ་དམོད་བྱེད།  འགྲོ་བའི་ལམ་འགོག  སྡོད་སའི་གནས་འཕྲོག་ནས།  ངོ་ཚ་ཁྲེལ་མེད་ཀྱིས། ངུ་འབོད་དང་འུར་ཟིང་གིས་གཡོ་རྫུན་འཁྲབ་ཀྱི་འདུག

ས་དེ་ནས་ཁྱེད་རང་ཚོས་དེ་ལྟར་བྱས་ནའང་བྱས། ཡིན་ནའང་ས་འདི་ནས་བག་ལེབ་ཚོང་མཁན་དང་། ཟ་ཁང་འཛིན་མཁན། མ་ཆེན་བྱེད་མཁན། ཐང་ཁྲོམ་བཏིང་མཁན། གླ་འཁོར་གཏོང་མཁན་དང་། དགོན་པའི་མཆོད་གཡོག་དང་། ལྷ་ཁང་གི་དཀོར་གཉེར་སོགས། ཁོག་ལ་ཤེས་དང་མགོ་ལ་ཀླད་པ་མེད་ལ། དེ་བཞིན་རྒྱུ་ནོར་དང་འཇོན་ཐང་ཅི་གང་མེད་པའི། གླེན་རྨོངས་བ་མང་པོ་ཞིག་ཀྱང་ཁོམ་སྐབས་ཡོད་ཚད་ཁ་པར་ལ་འཇུས་ནས་ཡོད་པས།  ཁྱེད་རང་ཚོས་བྱེད་ཚུལ་དག་དེ་དག་མཐོང་བ་དང་། ཡ་མཚན་གྱི་གནད་དོན་ཅི་ཞིག་རེད་འདུག་སྣང་ཤར་བའམ། ཡང་ན། རང་ཉིད་དེ་ལྟར་དམའ་རིམ་དུ་ལུས་པ་རང་གི་ཤེས་ནུས་ཀྱིས་མ་འཇོན་པར་ངོས་ལེན་མེད་ཁར། ཡོད་ཚད། བཀའ་ཤག་གམ་སུ་ཞིག་མ་འགྲིག་པར་ངན་ཁག་འཇོག་པའི་གོ་སྐབས་ལ་བཟུང་ནས།  ཁྲོམ་ལ་ཐོན།  ཉི་མས་བསྲེགས་ཏེ་ཞབས་འདྲེན་ཞུ་ཡོང་གི་འདུག་པས།  འདི་དག་ལ་བསམ་ནས་ཀྱང་། ཁྱེད་ཚོས་ལས་ངན་དེ་འདྲ་མ་བྱེད་རོགས་བཤད་དགོས་ཁེལ་སོང་།  ཞོར་དུ་ཁོང་ཚོ་ལ་ཡང་ “སྟག་མཆོངས་ས་ལ་ཝ་མ་མཆོང་། ཝ་ངན་སྐེད་ཚིགས་འབུད་ཀྱི་རེད་” ཅེས་ཞུ་འདོད་བྱུང་། 

དེ་བས།  ཁྱེད་ཚོར་དོན་ངོ་མར་སེམས་ཤུགས་དང་ལྷག་བསམ་ཡོད་ན།  བོད་གཞུང་འཕྲོད་རྟེན་ལས་ཁུངས་ཀྱི་འོག་ཏུ་རྒན་གསོ་ཁང་དང་བུ་གསོ་ཁང་།  དབང་པོ་སྐྱོན་ཅན་ཁང་། ད་དུང་ཤེས་རིག་ལས་ཁུངས་ཀྱི་འོག་ཏུ། ཉམ་ཐག་གི་སློབ་ཕྲུག་ཤིན་ཏུ་མང་པོ་ཡོད་པ་དེ་དག་ལ་ཞལ་འདེབས་གནང་རོགས།  རོགས་རམ་འཚོལ་རོགས།  ད་དུང་གཞི་ཆགས་ཁག་དང་དགོན་སྡེ་ཁག་ཏུ་ཉམ་ཐག་པའི་ནད་པ་དང་། ལོ་ལོན་པའི་རྒན་གཅོང་སོགས། མཐུན་སྦྱོར་རོགས་རམ་དགོས་ས་ཤིན་ཏུ་མང་པོ་ཡོད་པས།  དེ་དག་ལ་ཐུགས་བསམ་བཞེས་རོགས་གྱིས་དང་། དེ་དག་མ་བྱུང་ན་ཡང་ཁྱེད་ཚོ་འབྲེལ་མེད་དོན་གཞན་གྱིས་  སྡོད་རོགས་བྱས་ན་ཡག་པ་ལ་ཨང་།

ང་ཚོ་ལ་བཀའ་ཤག་འདི་དང་སྲིད་སྐྱོང་འདི་རྦད་དེ་འགྲིག་བསྡད་ཡོད། དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ཁོང་གི་ཤེས་འཇོན་ལྷག་བསམ་གྱི་དྲིན་ལས།  ང་ཚོར་འཐོབ་འོས་པའི་རོགས་རམ་དང་། ལམ་སྟོན་ཤིན་ཏུ་མང་པོ་ཐོབ་དང་འཐོབ་བཞིན་ཡོད་ལ། མ་འོངས་པར་ཡང་འཐོབ་པར་འགྱུར་བའི་ཡིད་ཆེས་ཀྱིས་ཡོངས་སུ་ཁེངས་བསྡད་ཡོད། ང་ཚོས་ཁོང་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད་ལ། ཁོང་གི་སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན།

ཁྱོད་ཚོས་སྦོར་ཤོབ་དང་ཧམ་པ་མ་བཤད། ང་ཚོ་ ༡༩༥༩ ལོར་བཙན་བྱོལ་དུ་ཡོང་བ་ནས་ད་བར། བོད་ཀྱི་རིག་གཞུང་དང་བོད་མི་རིགས་ཀྱི་ངོ་བོ་འཛིན་སྐྱོང་བདག་ཉར་བྱེད་མཁན་ནི།  ད་དུང་ཡང་ཉམ་ཐག་གི་ངོ་བོར་རྒྱལ་བལ་གཉིས་སུ་གནས་སྡོད་ཀྱི་བོད་མི་འདི་རྣམས་ཡིན་པ་ལས།  ཕྱི་རྒྱལ་དུ་གཞན་གཡོག་ལ་སོང་ནས་བསྡད་ཡོད་པའི་ཁྱེད་ཅག་མ་ཡིན་པ་མཁྱེན་པར་མཛད་རོགས། 

ཁྱེད་ཚོས་རང་གི་འཚོ་བ་ཙམ་ལས། བོད་མི་ཞིག་གིས་མ་མཐར་བྱེད་འོས་པའི་རང་རང་གི་བུ་ཕྲུག་ཚོ་ཡང་། བོད་མི་རིགས་ཀྱི་ངོ་བོ་ཅན་དུ་གཅེས་བྱེད་སྐྱོང་ཐུབ་མེད་པ། དེ་བས་ང་ཚོའི་བཙན་འབྱོལ་སྤྱི་ཚོགས་འདི་དཀྲུག་མཚམས་འཇོག་རོགས། ད་དུང་ཕ་མེས་ཀྱི་ཞབས་འདྲེན་ཞུ་ཚོད་བྱས་ན་དགའ་ངེས་རེད། ཁོང་ཚོའི་རྣམ་ཤེས་ཀྱིས་ཕྱིར་མིག་འཁོར་ངེས་རེད།

མཐའ་དོན།  “ཁྱེད་ཚོས་ང་ཚོར་ཕན་མི་ཐོག་ཀྱང་། གནོད་མ་སྐྱེལ་རོགས་” ཞུ་བ་འདི་ཁོ་ན་ཡིན།

ཨ་ཉོག་ནས་ 2017. 12. 1 ཉིན། 

བསམ་ཚུལ།

Post navigation

Previous Post: རེ་ཆད་མིག་ཆུ།
Next Post: སྲིད་སྐྱོང་བློ་བཟང་སེང་གེའི་ལུང་འདྲེན་རྫུན་མ།

Comments (36) on “བརྒྱ་བཤད་ན།  སྟོང་བཤད་ན།”

  1. དགོན་པ་ཚང་ དར་རྒྱས་ says:
    2017-12-13 at 10:46 pm

    གོང་གི་བསམ་ཚུལ་བ་དེ་སྲོགས་རླུང་འཕར་ནས་བློ་སེང་གི་ཐུག་པ་དཀྲུག་པ་ད་དུང་ཧ་གོ་ཡི་མི་འདུག ཕྱི་རྒྱལ་ཡོད་མཁན་ཚོ་རང་ཁ་རང་གསོ་བྱས་ནས་སྡད་ོཡོག་རེད ཁྱེད་ཀྱིས་ཁ་གཅིག་ནས་བློ་སེང་གིས་ཟ་རྒྱུ་འཐུང་རྒྱུ་ཡག་པོ་སྤྲད་སོང་ཟེ་གཅིག་ལབ་ཀྱི་འདུག་ཡང་ཁ་གཞན་གཅིག་གིས་རྒྱ་གར་ནང་བོད་པ་ཚོར་འཕྲོད་གཏན་ལྟ་སྐྱོང་མེད་པ་སློབ་ཕྲུག
    གནད་སྟང་སྐྱོ་པོ་རྒས་ཁོག་ལ་ལྟ་ཏོག་མེད་པ་གྲ་པར་ལྟ་ཏོག་མེད་པ་ད་ཁྱེད་བློ་སེང་ནང་བཞིན་ཁུངས་ལུང་མེད་པ་ག་རེ་སྨྱོ་ལབ་བརྒྱབ་ནས་ཕྱི་རྒྱལཡོད་མཁན་ཚོར་བསློང་བརྒྱབ་ཀྱི་ཡོད་ཁྱེད་ཀྱི་བློ་སེང་བཀའ་དྲིན་ཆེན་པོ་ཡིན་ཟེ་ཀྱི་འདུག་པ་ ཁྱེད་བསམ་བློ་ཡག་པོ་བཏང་གནད་ལུགས་ཤེས་པ་བྱས་ད་བློ་སེང་གི་ཁ་འབོར་ཤོག་ལ་མ་ལྟ་ཕ་བཟང་བུ།

  2. རང་བྱུང་རིག་པའི་རྡོ་རྗེ says:
    2017-12-13 at 10:49 pm

    ཨ་ཉོག་ལགས། ཁྱོད་ཀྱིས་ཉོག་བཤད་དེ་འགོ་ནས་ཅུང་ཟད་ཅིག་བཀླགས་པས་ཀློག་རིན་ཡོད་པ་ཞིག་ཏུ་མཐོང་མ་སོང་། རྒྱུ་མཚན་ནི་ཆགས་སྡང་གིས་མྱོས་ཡོད་པའི་གཏམ་ཞིག་ལས་ཡག་པོ་ཞིག་མེད་པ་ཤེས་ཐུབ། མི་མང་གི་མངོན་འདོད་ངོ་མ་དེ་སྲིད་སྐྱོང་མཆོག་གིས་དང་བླང་གི་སྒོ་ནས་ལས་གནས་ནས་དགོངས་པ་ཞུ་རྒྱུ་དེ་རེད། རེད་ཁྱེད་ཀྱིས་བཤད་པ་དེ་བདེན་པ་རེད། སྲིད་སྐྱོང་གི་ངོས་ནས་འགྲེལ་བཤད་ཅི་ཞིག་རྒྱག འགྲེལ་བཤད་གང་ཡང་ཡོད་པ་མ་རེད། ཡིན་ཡང་དགོངས་དག་ཞུ་རྒྱུ་གོ་སྐབས་ཡོད་པ་རེད། མི་དམངས་ནང་ཁུལ་དུ་རྙོག་གྲ་བྱུང་བ་དེ་སྲིད་སྐྱོང་རང་གིས་བཟོས་པ་གསལ་པོ་རེད། རྒྱུ་མཚན་ནི། སྤེན་པ་ཚེ་རིང་ལ་མཚོན་ན་མི་བྱས་རྗེས་ཅན་རེད། འཇོན་ཐང་ཅན་རེད། ཤེས་རྒྱ་ཅན་རེད། ལོ་གཞོན་རེད།་ལྷག་བསམ་ཅན་རེད། འདི་ལྟ་བུའི་མིའི་མགོ་བརྡུང་མི་བྱ་བར་གཅེས་སྲུང་བྱ་དགོས་པ་རེད། འོན་ཀྱང་སྲིད་སྐྱོང་གིས་ཆེ་སར་་བསམ་བློ་མ་བཏང་བརཆོལ་ཞེན་གྱིས་དབང་གིས་ལས་གནས་ནས་ཕུད་པ་རེད། དེ་ནི་མི་མང་གིས་གསལ་པོ་ཤེས་ཏེ་བློ་ཡུལ་ལ་མ་ཤོང་བ་རེད། ཧ་གོ་སོང་ངམ། །

  3. ཁ་ཕྱོགས་མེད། says:
    2017-12-13 at 11:10 pm

    ཨ་ཉོག་ཁྱོད་ངོ་མ་ཁ་ཉོག་དོག་ཉོག་མགོ་ཉོག་ཅིག་རེད། ཆིག་སྒྲིལ་གཏོར་བ་ལ་བཀའ་དྲིན་ཞུ་ན་སྲིད་སྐྱོང་ལས་ཐོག་པ་ལ་ཞུས། ཁ་རོ་ལ་ཕྱོགས་ནས་མ་ངུས་པར་རྩིག་པ་ལ་ཕྱོགས་ནས་ངུས་ན་ནོར་བ་རེད། ང་ཚོ་ལ་གསལ་བཤད་དགོས་ནི་རེད་་་་༧གོང་ས་མཆོག་གིས་དབུ་ཁྲིད་དེ་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་སྐུ་ངལ་ཚད་མེད་ཀྱིས་སྐྲུན་པའི་གཞུང་དེ་བློ་སེང་གིས་ལོ་ངོ་དྲུག་བདུན་གྱི་རིང་ལ་ཁ་འཐོར་དགུ་འཐོར་དུ་བཏང་སོང་དེའི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་གསལ་བཤད་དགོས་ཟེར་གྱིན་ཡོད།

  4. དགོན་པ་ཚང་ དར་རྒྱས་ says:
    2017-12-13 at 11:17 pm

    གོང་གི་བསམ་ཚུལ་བཤད་མཁན་ལ
    ཁྱེད་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་རང་ཁ་རང་གསོ་བྱས་ནས་སྡད་མཁན་ཚོར་སྨོན་གྱི་འདུག་ན་ཁྱེད་ཀྱི་སྐྱབས་གནད་བློ་སེང་ལ་སྐྱབས་འཇུག་ཞུས་ཁོ་པས་དེ་སྔོན་བོད་མི་སྟོང་གསུམ་ཨ་རིར་གཏོང་རྒྱུའི་སྟོང་གཏམ་བཤད་སོང་བ་ བློ་སེང་དཔོན་འདོད་ཅན་སྲིད་སྐྱོང་ལ་སླེབས་ཡག་དེའང་ཁྱེད་ལྟ་བུའི་ཀླད་སྟོང་བ་དེ་ཚོས་ཁོ་པ་ཞེ་པོ་ཅིག་གི་མཁས་དབང་རེད་ཟེ་ནས་འུར་སྒྲོག་བྱས་ནས་འོས་འཐོབ་པ་ཞིག་རེད་བོད་པའི་མགོ་ལ་བོད་སྐད་ཡག་པོ་མི་ཤེས་པ་མིང་དོན་མི་འཚུངས་པ་ཞིག་སླེབས་དུས་བཀྲ་ཤིས་པ་ཞིག་ཡོང་རྒྱུ་ཁག་པོ་རེད་ ཕྱི་རྒྱལ་བ་ཚོས་ང་ཚོ་བོད་པར་ཆེ་མཐོང་ཕྲན་བུ་འདྲ་ཡོད་པ་ཡིན་ན་དེ་བོད་པས་དབྱིན་ཅི་ཤེས་ཀྱི་འདུག་ཟེ་ནས་མ་རེད་གང་ཡིན་ཟེ་ན་༧གོང་ས་མཆོག་གི་བཀའ་དྲིན་ལས་བོད་པ་ཚོར་ཕུན་སུམ་ཚོགས་པའི་ཆོས་དང་རིག་གཞུང་ཁྱད་དུ་འཕགས་པ་ཞིག་འདུག་བསམ་ནས་ང་ཚོར་ཆེ་མཐོང་ཕྲན་བུ་སླེབས་ཀྱི་ཡོད་པ་རེད་དེའང་ད་ལྟ་བློ་སེང་གིས་མེད་པ་བཟོ་ཡི་ཡོག་རེད་ཨ་རིའི་ཁྲིམས་དང་མི་མཚམ་པ་ཨ་རིའི་གཞུང་དམངས་ཀྱི་ཡིད་ཆེས་མེད་པ་ཆགས་རྒྱུ་བོད་ཀྱི་གྲོལ་ཚོགས་སུ་མཐོང་ཆུང་བྱས་ནས་གསལ་བཤད་མེད་པ་ག་ས་ག་ལ་ཕྱིན་ནས་རྫུམ་མ་བྱས་པ་འཇོན་ཏང་ཡིན་ཏོག་ཧམ་བཤད་བྱེད་པ་ང་བློ་སེང་གི་མིང་ཡང་གོ་འདོད་མེད་པ་ཆགས་སོང་།

  5. བསྟན་འཛིན་ says:
    2017-12-13 at 11:27 pm

    ཨ་ཁུ་ཨ་ཉོག་ལགས་སུ་ བློ་སེང་ཡར་འགྲོ་མར་འགྲོ་རྒྱུའི་ལམ་གྲོན་ དང་ ཁྱོད་ཨ་ཉོག་ཉམས་ཆུང་གི་འགྲོ་སོང་ གང་ནས་ཡོང་སམ།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-13 at 11:38 pm

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མང་གཙོ་རེད་ལ་མང་གཙོ་དེ་ཡང་ཁྲིམས་ཀྱི་དབང་བསྒྱུར་་རེད་འགོ་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཁྲིམས་ཞིབ་ཁང་བཅས་མང་གཙོའི་གཞུང་སྐྱོང་མཁན་གྱི་ཀ་བ་འམ་སྡེ་ཚན་གསུམ་དང་དམའ་མི་མང་དཀྱུས་མ་བར་ཚང་མ་ཁྲིམས་ཡིག་གི་ལམ་སྟོན་འོག་ཏུ་གནས་དགོས་པ་རེད་ལ་འཛིན་སྐྱོང་གི་ལས་ཀ་ཡོངས་རྫོགས་སྤྱི་འཐུས་གྲོས་ཚོགས་དང་མི་མང་ལ་འགན་འཁུར་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དང་་རྩིས་རྒྱབ་དགོས་པ་རེད་ཨ་དོན་འཕོ་འགྱུར་དང་འབྲེལ་བའི་ཐོག་བཀའ་ཤག་ནས་དུས་ཐོག་གསལ་བསྒྲགས་དང་མཉམ་གསལ་བཤད་མ་གནང་བ་ནས་བཙན་བྱོལ་སྤྱི་ཚོགས་ནང་ད་ལྟའི་གླེང་སྙོགས་འདི་ལྷག་པ་རེད་བཀའ་ཤག་ནས་མི་མང་དང་སྤྱི་འཐུས་གྲོས་ཚོགས་ལ་འགན་འཁུར་ནས་ཨ་དོན་འཕོ་འགྱུར་གྱི་གསལ་བསྒྲགས་མཉམ་འཕོ་འགྱུར་དགོས་པའི་གསལ་བཤད་གནང་ཡོད་ན་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་གི་གླེང་སྙོགས་འདི་ཡོང་མི་ཐུབ་པ་དང་ད་ཆ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་བཟང་སྤྱོད་དང་བཅས་པའི་གཟུགས་སྙན་དེ་འཛམ་གླིང་མི་མང་མདུན་གསལ་པོ་བསྟན་ནས་དགྲ་དགའ་གཉེན་སྡུག་གི་བྱ་དགའ་དེ་སུ་ལ་ཐོབ་ཀྱི་ཡོད་དམ་།

  7. ཀརྡོ་རབ་འབྱམས་པ་ says:
    2017-12-14 at 1:06 am

    ་་་་་་་་ བརྒྱ་བཤད་ན། སྟོང་བཤད་ན།
    ཨ་ཉོག
    ____སྲིད་སྐྱོང་བློ་བཟང་སེངྒེ་ལ་ངོ་ལོག་བྱེད་མཁན་འདི་ཚོ་ཞབས་འདྲེན་རེད། ་་་་་་་་་ ཟེར།

  8. ཁྲག says:
    2017-12-14 at 1:22 am

    ཨ་ཉོག་་ལགས་་ཁྱོད་སློབ་གྲྭ་མང་པོ་འདོན་པ་མ་རེད་པས། ཁ་ཐུག་འདི་ལས་འབྲི་ཡ་མི་འདུག་གམ། ཐབས་སྐྱོ་བ་ལ། ངོ་མ་གོ་བ་མེད་པའི་གླང་གོག་ཞིག་དང་ཆ་རེད། ཁ་བཙུམ་ནས་བསྡད་ན་འདི་ལས་འོ་ཟིག་མེད་འགྲོ།

  9. བཙན་པོ། says:
    2017-12-14 at 2:35 am

    ཨ་ཉོག་ཁྱོད་ཀྱི་ཉོག་བཤད་དེ་མི་གླེན་པ་ཞིག་གི་བཤད་སྟངས་རེད། བློ་སེང་གཟི་བརྗིད་ཁོག་སྟོང་གི་རིང་བཙན་བྱོལ་བོད་གཞུང་ཁ་འཐོར་དགུ་འཐོར་དུ་བཏང་བ་མ་ཟད་ཐ་ན་ཨ་མདོ་དང་ཁམས་པའི་བཟའ་ཚང་བར་ལ་ཡང་མ་བདེ་བ་བཟོས་ཡོད། དེར་མ་ཟད་གཞན་ཡང་དེང་སྐབས་༧གོང་ས་མཆོག་ཕྱི་རྒྱལ་ཁག་ལ་ཕེབས་ཐུབ་ཀྱི་མེད་པ་དང་བསྟུན་བློ་སེང་དགའ་ཐག་ཆོད་གྱུར་ནས་ཉིན་ཤས་སྔོན་ཁ་ཎ་ཊ་ནས་བློ་སེང་གིས་དགའ་བའི་རྣམ་འགྱུར་དང་བཅས་༧གོང་ས་མཆོག་ཕྱི་རྒྱལ་གྱི་མཛད་སྒོ་ཁག་ལ་ཕེབས་མི་ཐུབ་པས་སྐུ་མདུན་ནས་ང་སོང་གསུང་གི་ཡོད་རེད་༧གོང་ས་མཆོག་གི་སྐུ་ཚབ་ཏུ་ང་རང་འགྲོ་དགོས་ཡོད་ཅེས་སྐད་ཤུགས་མཐོ་པོ་དང་དགའ་བའི་རྣམ་འགྱུར་དང་བཅས་བཤད་པ་འདི་ལ་བལྟས་ན་བློ་སེང་གིས་རང་ཉིད་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་རློམ་ཧམ་སེམས་ཆེན་པོ་་འཆིང་ཡོད་པ་མངོན་གསལ་ཆགས་ཡོད།

  10. བཙན་པོ། says:
    2017-12-14 at 2:35 am

    ཕྱི་ཚེས་བཅུའི་ཉིན་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་བའི་སྐབས་སུ་རྒྱལ་སྤྱི་དང་ཕྱོགས་སོ་སོའི་གསར་འགོད་པ་གཅིག་ཀྱང་སྐད་བཏང་མི་འདུག
    དེ་དོན་གཅོད་གསར་བའི་ནོར་འཁྲུལ་དང་མ་འཇོན་པ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་དགོས་པ་སྨྲས་མེད་རེད། དོན་གཅོད་གསར་བ་ཡང་གནས་དབྱུང་གཏོང་དགོས།
    གཞན་ལས་བཤུས།

  11. རང་བྱུང་རིག་པའི་རྡོ་རྗེ says:
    2017-12-14 at 3:05 am

    ནེའུ་ཡོར་ལས་འགུལ་དེ་དོན་གཅོད་གསར་བས་བཀོད་བསྒྲིགས་བྱས་པ་མ་རེད། དེས་ཕྱིར་ཁོང་ལ་ཁག་དཀྲིས་ན་མི་འགྲིག་སྙམ། ལས་འགུལ་དེ་བཀོད་བསྒྲིགས་བྱས་མཁན་གྱིས་འགན་འཁུར་དགོས་པ་རེད། བཀོད་བསྒྲིགས་བྱས་མཁན་བྱང་ཨ་རིའི་སྤྱི་འཐུས་རྣམ་པ་གཉིས་དང་དོན་གཅོད་སྤེན་ཚེ་སོགས་ཚོགས་པ་དུ་མ་ཞིག་ཡིན་ཚོད་ལ། ཡིན་ཡང་སྤེན་ཚེ་ཡོད་པ་མ་རེད། ཨ་རིའི་སྤྱི་འཐུས་རྣམ་གཉིས་ཀྱི་སྐྱོན་ཆ་རེད་སྙམ། འོན་ཀྱང་དོན་གཅོད་གསར་བར་འགན་ལོས་ཡོད། ཡིན་ཡང་ཁོང་གསར་བ་ཡིན་སྟབས་རྩིས་སྤྲོད་རྩིས་ལེན་སོགས་བྱ་བ་སྣ་མང་ཞིག་དུས་ཡུན་ཐུང་ངུ་ཞིག་གི་ནང་ལ་ངེས་དགོས་ཕྱིར་དབུ་རྨོངས་ནས་ནས་ཡོད་ལས་ཆེ། དེས་ཕྱིར་དོ་དག་འདི་དོན་གཅོད་གསར་བར་ཁག་མི་དཀྲིས་སོ། ང་ཚོ་ཚང་མས་བློ་གཟུ་བོར་གནས་ནས་སྐད་ཆ་བཤད་དགོས་ལགས། །

  12. བཙན་པོ། says:
    2017-12-14 at 3:15 am

    ལས་འགུལ་དེ་སྤེན་ཚེས་གོ་བསྒྲིག་བྱས་པ་ཡིན་པ་བདེན་པ་མ་རེད་ཟེར་གྱི་མེད། འོན་ཀྱང་གསར་འགོད་པ་མང་པོ་ཞིག་སྐད་གཏོང་མིན་དེ་དོན་གཅོད་གསར་བ་ལ་ཏན་ཏན་འབྲེལ་བ་ཡོད་རེད།

  13. བསེ་རུ་ཟང་ཐལ། says:
    2017-12-14 at 3:35 am

    དོན་གཅོད་གསར་པ་དངོས་གྲུབ་ལགས་ཀྱིས་ལས་དོན་འདི་མི་འཇོན་ཁོ་ཐག་རེད། ད་ལྟ་ནས་གསུང་སྐད་ཤོར་ཚར་ཡོད་སྐད་འདུག ཨ་རི་ནི་རྒྱ་གར་མ་རེད། གང་བྱུང་འཁྲབ་ས་མེད། ལར་ནས་ཁོ་པར་ཤེས་ཡོན་གྱི་ཆུ་ཚད་གདེང་ངེས་མེད། བློ་སངས་ལགས་དང་སྐལ་རྡོར་གཉིས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་ཁུངས་མཉམ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཡིག་ཆ་འཇོག་སྟངས་ཐད་ཕྱི་ནང་མི་མཚུངས་པའི་ལས་དོན་འདིས་་ཨ་རིའི་གཞུང་ལ་འགོ་སྐོར་དང་རྩེ་མོ་རྩེད་ཡོད་པ་ཨ་རིའི་གཞུང་ནས་མཁྱེན་གྱི་ཡོད། དེ་ཁྲིམས་འགལ་འཚབ་ཆེན་ཡིན་པར་སོང་རིམ་པས་IRགྱིས་བརྩད་གཅོད་བརྒྱུད་རྫུན་རྐུབ་བརྡོལ་རྒྱུ་ཡིན་པར་ངེས་པ་དང་། ཨ་རིིའི་གཞུང་ནས་འབྱུང་འགྱུར་བཙན་བྱོལ་བོད་མི་སྤྱི་ལ་རོགས་དངུལ་གནང་རྒྱུ་ལ་ཡང་འགལ་རྐྱེན་ཆེན་པོ་ཞིག་བཟོས་ཚར་བ་རེད། འདི་མི་དམངས་ནས་མཁྱེན་དགོས། དབུ་བདེ་དྲགས་ན་འགྲོ་ས་གུ་དོགས་རེད། བདེན་པ་ཟེར་བ་དེ་མཐོང་ཐུབ་པར་འགོར་དུས་ཡོད་ཀྱང་རྩ་འགོག་བྱེད་དུས་ཡེ་ནས་མེད། ཨ་གསར་མ་བྱོས། འཇོག་རྟེན་པས་སྣང་གནས་མི་མཐུན་པ་དེ་ཡང་ལེགས་པར་མཐོང་ཐུབ་པ་དགོས། ང་ཚོས་སྐྱབས་དང་རེ་ས་བདེན་པ་མ་གཏོགས་ཅི་ལ་རེ་འབོད་བྱེད། ཨ་ཁ་སྲིད་སྐྱོང་འདི་རང་སྣང་འཁྲུལ་བར་བདེན་ཞེན་ཆེ་དྲགས་འདུག།

  14. མྱྀ་ནག says:
    2017-12-14 at 3:45 am

    གང་ན་དྲང་བདེན་མ་ཡིན་པ་དང་། སྒེར་གཅོད་དང་རུལ་སུངས་ཀྱི་དབུ་ཁྲིད་ཡོད་ན་དེར་ངོ་རྒོལ་དང་གྱེན་ལངས་བྱེད་པ་ནི་མིའི་རིགས་ཀྱི་བཟང་སྤྱོད་དང་། མང་གཙོའི་ཁེ་དབང་གང་ལའང་འགལ་མེད་ལ། དེ་བཞིན་ང་ཚོས་ནམ་རྒྱུན་རྒྱ་ནག་གཞུང་ལའང་དེ་ལྟར་ལབ་ཀྱི་ཡོད་མོད། ཡིན་ཡང་། སྐབས་འདིར་མང་ཚོགས་ཀྱིས་སློབ་བཟང་སངས་རྒྱས་ཀྱི་རུལ་སུངས་བྱ་སྤྱོད་ཐེར་འདོན་བྱས་དུས་བསམ་བློར་མུ་གེ་ཐེབས་པ་འགའ་ཞིག་སྨྱོ་གྲབས་བྱེད་ཀྱིན་པ་འདི་ཡ་མཚན།

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-14 at 4:57 am

    གཞུང་གི་ལས་བྱེད་འཕོ་འགྱུར་སྐབས་བྱེད་འཆར་དང་བཅས་པ་རྩིས་སྤྲད་ནས་གསར་པས་འཇུག་སྐྱོང་དགོས་པ་ལས་འདི་རྙིང་པའི་ལས་འཇུག་རེད་ཟེར་ནས་འཞག་རྒྱུ་ཨ་ཡིན་།

  16. ཨ་ཉོག says:
    2017-12-14 at 5:59 am

    ངས་གོང་དུ་བློ་སེང་འགྲིག་བསྡད་ཤག ངོ་རྒོལ་མ་བྱེད་ཞབས་འདྲེན་རེད་ཡིན། ཁྱོས་ཚོས་སྤེན་ཚར་གཅིག་གཅིག་མིག་མིག་ལབ་ཀྱི་འདུག ཁྱོད་རང་ཚོ་ལའང་ཐང་ཐང་མེད་པའི་རྟགས་ཐོན་འདུག བློ་སེང་བསྟོད་ན་སྤེན་ཚེ་ལ་ཕོག་འགྲོ་བ་ཅི་རེད། “རྐུ་མ་གནོང་ཅན་ངོ་གནེར། རྟ་ངན་རྒྱབ་ཆད་ཁུག་ནུད།” པ་ཡིན་འགྲོ། ལེགས་ཉེས་ཀྱི་བླངས་དོར་ཤེས་པར་གནང་རོགས།

    བློ་བཟང་སེང་གེ་སྲིད་སྐྱོང་དུ་མ་ཕེབས་སྔོན་ནས། བཙན་བྱོལ་ནང་དུ་ཉམས་ཐག་ནད་ཅུང་ཤིན་ཏུ་མང་པོ་ཡོད་རེད་ལ། ད་ལྟ་ཡང་འདུག་པ་དེ་དག་ལ། བལྟ་རྟོགས་གཟིགས་སྐྱོང་གནང་མཁན་ཡང་སྲིད་སྐྱོང་ཁོང་རེད་འདུག ད་ག་རེ་བཤད་དགོས་ཀྱི་འདུག

    ངས་འདི་དག་ལ་རོགས་རམ་གནང་རོགས་ཞེས་ཞུ་བཞིན་ཡོད། མ་མཐའ་ཡང་གནོད་མ་སྐྱེལ་རོགས་ཞུ་བཞིན་ཡོད།

  17. རྒྱ་མཚང says:
    2017-12-14 at 8:03 am

    སྲིད་སྐྱོངས་བློ་སེང་ཧོབ་ཏེ་ད་རེད་ཀྱི་ལས་འགུལ་ནང་ཞུགས་འདུག་ག་དེ་ཡམ་ཚན་ཟླ་བ་སྔོན་མའི་ནང་བཀའ་ཟུར་ཟམ་འདོང་བླ་མ་རྒྱ་ནག་ལ་འགྲོ་བ་གསར་འགྱུར་འགའ་ཤད་ནང་དོན་ཡང་སྲིད་སྐྱོང་ཧོབ་ཏེ་ཀ་ལ་གཞི་རྒྱ་ཆེ་བའི་མི་མང་ལས་འགུལ་ནང་མཉམ་ཞུགས་བྱས་
    སྤྱིར་གཏང་མཉམས་གཞུགས་གནང་བ་མི་འགྲིགས་པ་མེད་ཀྱང་བཀའ་ཟུར་ཟམ་འདོང་རེན་པོ་ཆེ་རྒྱ་ནག་ལ་ཕེབས་པ་དེ་དགེར་དོན་ནི་ཨ་ཡིན་གལ་ཏེ་བོད་རྒྱ་ཞི་མོལ་གྱི་ལམ་ཞིག་སྐྱར་འཛུགས་གནང་བར་ཕེབས་ཡོད་ན་ད་རེད་སྲིད་སྐྱོང་ཧོབ་ཏེ་གཞི་རྒྱ་ཆེ་བའི་མི་མང་ལས་འགུལ་ནང་མཉམས་ཞུགས་གནང་བ་སྐབས་བབས་མ་ཡིན་པ་འདྲ་བོ་མཐོང་འགོགས་རྐྱེན་འདྲ་ཕྲད་སྲིད་གང་ཡིན་ཟེར་ན་རྒྱ་དོགས་བསློངས་ཆེ

  18. ལྟད་མོ་བ། says:
    2017-12-14 at 8:30 am

    བློ་སེང་གཞན་གྱི་བྱས་རྗེས་ཧམ་འཕྲོག་བྱེད་རྒྱུ་ལ་ངོ་ཚ་ནི་མེད། ད་ཐེངས་ཡང་གཞན་གྱི་བྱས་རྗེས་ནས་ཁོ་ལ་ངོ་སོ་གཅིག་ཐོབ་གི་རེད་བསམ་པ་རེད།

  19. བཀྲ་ཤིས། says:
    2017-12-14 at 9:22 am

    བཅོས་མིན་གྱི་ལ་བརྒྱ་ཞིག་ཡོད་ན་ད་རེས་ཀྱི་ངོ་རྒོལ་དེ་བྱས་མི་སྲིད། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཕོ་རབ་འདྲ་གཉིས་ཐུག་པའི་དུས། ཉན་ལོང་བཤད་ལོང་གཉིས་ཀ་ཡོད། རང་བདེ་གཞན་སྐྱིད་གཉིས་ཀ་ཡོང། ཕོ་མཐའ་མ་འདྲ་གཉིས་ཐུག་པའི་དུས། གཏམ་ཚིག་གསུམ་གོང་ནས་གྲི་མགོ་འཕུར། མི་ཕུང་རང་རླག་གཉིས་ཀ་ཡོང།ལས་དེ་འདྲ་བྱུང་ན་ཀུན་གྱིས་ཁྲེལ། ངོ་རྒོལ་རྐྱང་པས་གྲུབ་འབྲས་ཞིག་། ཐོན་རྒྱུ་མེད་པ་སུས་ཀྱང་ཤེས། དོན་འདི་ལ་བསམ་ནས་ནང་ཁྲུགས་དོར། ལ་བརྒྱ་ཅིག་སྒྲིལ་དང་དུ་བླང། གོ་ན་གཏམ་གྱི་སྙིང་པོ་ཡིན། མ་གོ་གཏམ་ལ་ཨུ་ཚུགས་མེད།

  20. དགོན་པ་ཚང་ དར་རྒྱས་ says:
    2017-12-14 at 10:11 am

    བཀྲ་ཤིས་ལགས་བློ་སེང་མུས་མཐུད་ལྟོ་གོས་ང་ཚོ་བོད་མིའི་མིང་འཁྱེར་ནས་བཟོས་ལས་ཏང་དབང་ཆ་ལོག་སྤྱོད་ཀྱིས་བོད་མི་ཐུག་པ་དཀྲུག་དཀྲུག་མུས་མཐུས་དཀྲུག་འཇུག་དགོས་པ་རེད་པས?

  21. ལ་དྭགས་འཇམ་དཔལ།། says:
    2017-12-14 at 10:43 am

    མི་དམངས་དང་། མི་མང་ཞེས་ས་ཡང་འཇུག་ཡོད་མེད་གདམས་ངར་བོད་མཁས་པ་རྣམས་ཀྱིས་བཞེད་ཀྱང་། མངས་ལ་དའི་སྔོན་འཇུག་བྲིས་པ་དེ། འབྲི་བ་པོ་རང་ཉིད་མགོ་འཐོམས་པར་མ་ཟད། མ་འོངས་བོད་ཀྱི་གཞོན་ནུ་རྣམས་མགོ་འཐོམས་པར་སྐྱེལ་བར་འདོད་དམ།

  22. ཀརྡོ་རབ་འབྱམས་པ་ says:
    2017-12-14 at 10:58 am

    དམངས་གཙོ། གཙོ་དམངས།
    མང་གཙོ། གཙོ་མང་།
    གཞུང་དམངས། དམངས་གཞུང་།
    གཞུང་མངས། མངས་གཞུང་།
    གཞུང་མང་། མང་གཞུང་།
    འདིས།

  23. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-14 at 11:02 am

    མངས་ལ་ད་སྔོན་འཇུག་ཡོད་པའི་ཐ་སྙད་དེ་དམངས་ཟེར་བའི་གྲལ་རིམ་གྱི་ཐ་སྙད་ཡིན་པ་ནི་སངས་རྒྱས་ཞལ་བཞུགས་པའི་སྐབས་རྒྱལ་རིགས་དང་རྗེ་རིགས་དང་བྲམ་གཟེའི་རིགས་དམངས་རིགས་བཅས་རིགས་བཞིའི་ནང་ནས་དམངས་རིགས་ནི་མཐའ་མ་དེ་ཡིན་པ་དང་མ་འོ་ཚེ་ཐུང་གི་རྒྱ་ནག་ནང་ཞིང་པའི་རྒྱེན་ལངས་འོག་ནས་གྲལ་རིམས་དམངས་གཙོའི་གཞུང་བཙུག་པ་དང་མང་ལ་ས་རྗེས་འཇུག་ཡོད་པའི་ཡིག་གེ་མཇལ་མ་མྱོང་ལ་མང་གཙོ་ལས་མངས་གཙོ་ཟེར་བའི་ཐ་སྙད་དེ་ཡིག་ཆ་གང་གི་ནང་ཡོད་གསལ་སྟོན་ཐུབ་ན་ང་དང་ང་འདྲ་བའི་མི་མང་པོ་ལ་ཕན་ཐོག་ཡོང་རྒྱུ་བཅས་

  24. བློ་སེང་། says:
    2017-12-14 at 11:18 am

    ཨ་ཉོག་ལགས་ཀྱིས་བསམ་བློ་ཕྱོགས་སུ་ལྷུང་འདུག ཞེན་ཁོག་གི་ཚོར་བའི་ཐོག་ནས་བྲིས་འདུག ང་ཚོས་སྲིད་སྐྱོང་གིས་སྤེན་ཚེ་དོན་མེད་དུ་གནས་དབྱུང་བ་བཏང་བ་དེ། ཁྲིམས་སྒྲུག་དང་འགལ་བ། བཟང་སྤྱོད་དང་འགལ་འདུག བློ་སེང་གིས་བསྟན་པ་མགོ་ནས་བཤིག་གི་འདུག་ལབ་གི་ཡོད་རེད།

  25. བློ་སེང་། says:
    2017-12-14 at 11:21 am

    རྙོག་གྲ་ཐོག་མ་བཟོ་མཁན་བློ་སེང་རེད། ཁ་ནས་ཆིག་སྒྲིལ་ལབ། ཆིག་སྒྲིལ་ཁོས་གཏོར་གི་འདུག དེ་ཡག་པོ་མ་རེད་ལབ་ཀི་ཡོད་རེད།

  26. བྱང་ཆུབ་ལོ་མ། says:
    2017-12-14 at 2:28 pm

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཤེས་ཡོན་མེད་སོང་བ་མ་རེད། རེད་དེ། ཁོའི་ཐག་ཉེ་ན་ཁོང་ལ་ཤ་ཚ་ཞིང་སྙིང་ཉེ་བ། ཡང་ན་ཕུགས་རྒྱང་རིང་པོའི་ལས་དོན་ལ་སློབ་སྟོན་བྱེད་མཁན་རྒན་རབས་པ་སྤྱི་སེམས་ཅན་དེ་འདྲ་མེད་སོང་བ་རེད། ད་དུང་ཁོང་ལ་རྒྱབ་སྐྱོར་བ་རྣམ་པས་ཀྱང་དཔྱད་ཞིབ་གང་ཡང་མེད་པར་ཧོལ་རྒྱུག་བྱེད་ཀྱིན་པར་གོ་བསྐོན་གནང་མཁན་ཞིག་ཀྱང་མེད་ཚོད་རེད། ཁོང་གི་ཐག་ཉེ་ན་ཡོད་པ་བཀའ་བློན་དངོས་གྲུབ་ཚེ་རིང་དང་ཤར་གླིང་ཟླ་སྒྲོན་སོགས་ཀྱིས་རང་ཉིད་ལ་རྐུབ་སྟེགས་དང་གོ་སྐབས་ཤིག་རག་ཆེད་དངོས་ཡོད་གནས་སྟངས་ལས་ལོགས་པ་དེ་འདྲ་ཡར་ཞུ་བྱེད་པ་སོགས་ཀྱང་ཡོང་གི་ཡོད་པ་དེ་དག་གིས། སྲིད་སྐྱོང་མཆོག་གི་ཕྱག་ལས་གནང་སྟངས་དང་བསམ་གཞིགས་གནང་སྟངས་ལ་འགལ་རྐྱེན་བྱེད་ཀྱི་མེད་འགྲོ་བསམ་པ་བྱུང་། བོད་ཀྱི་རྩོམ་པ་པོ་ཚོས་ཉེ་བའི་ལོ་ཁ་ཤས་ཀྱི་རིང་ལ་སྲིད་སྐྱོང་གླེང་བའི་རྩོམ་ཡིག་མང་པོ་བྲིས་ཡོད་པ་རེད། མི་རིང་བར་དེ་ཚོ་ཕྱོགས་བསྒྲིགས་ཞུས་ནས་དངོས་ཡོད་གནས་སྟངས་ལོ་རྒྱུས་ཡིག་ཚང་ནང་ལ་འགོད་དགོས།

  27. ལ་དྭགས་འཇམ་དཔལ།། says:
    2017-12-14 at 9:12 pm

    #33 ལ་དྭགས་འཇམ་དཔལ།། ་ལགས་ཀྱིས་སྤེལ་དོན།:
    གཤམ་གསལ་གྱིས་ཐུགས་ཕན་གསོས་པའི་རེ་འདུན། བདག་གིས སྒོ་མང།་ལ་སྒོ་མངས་དང་།་སོ་མང་ལ་སོ་མངས་སོགས་སྔོན་གྱི་བཀའ་བསྟན་གསུང་འབུལ་སོགས་ན་མཇལ་ཡང་། ཉེ་དུས་དག་ཡིག་ལ་བལྟས་པས།
    དེབ་གཟུགས་ཤོག་གྲངངས་༦༡༦ན། བསྟན་དར་ལྷ་རམས་པས།
་
    རྒྱུད་མངས་ཁུར་མངས་མགོ་རིམས་སོགས།

    ཡང་འཇུག་སྦྱོར་རམ་མི་སྦྱོར་ཡང་།
    
ཁྱད་མེད་གདམས་ང་ཡིན་ནོ་ཞེས།

    སྔོན་གྱི་མཁས་པ་མང་པོས་བཞེད།
རྒྱུ་མཚན་ཅི་ཡིན་མ་གོ་ལགས།
་
ཞེས་གསུངས་ཀྱང་། རྒྱུ་མཚན་ནི། སྔོན་དུས་ཀྱི་མིང་ཚིག་མང་པོར་སའི་ཡང་འཇུག་སྤོང་བར་མ་ཟད། ཨ་རིར་བོད་པ་ཞིག་གིས། ཆོས་ཀྱི་རྗེས་འཇུག་སྤངས་ཏེ། ཆོ། ཞེས་བྲིས་པ་ཐོས་སོ།
    ་་་་་་་

  28. ཨ་ཉོག says:
    2017-12-15 at 12:41 am

    དགོན་པ་ཚང་དར་རྒྱས་ལགས།
    བློ་བཟང་སེང་གེ་སྲིད་སྐྱོང་དུ་མ་ཕེབས་སྔོན་ནས་བཙན་བྱོལ་ནང་ཉམས་ཐག་མང་པོ་འདུག་ལ་ད་དུང་ཡང་འདུག དེ་བས་འཛམ་གླིང་གི་རྒྱལ་ཁབ་ཀུན་ལ་ཉམས་ཐག་ཡོད་པས་ཡ་མཚན་དོན་མི་འདུག ཡིན་ནའང་། འདི་དག་ལ་ངེས་པ་དོན་གྱི་རོགས་རམ་གནང་མཁན་ང་འཛིན་སྐྱོང་ལྟ་བུ་དྲིན་ཆེན་དག་ལ། མི་དགའི་ཐུ་ལུད་འཕེན་པ་ནི་ངོ་མ་ཞབས་འདྲེན་རེད།

    རང་བྱུང་རིག་པའི་རྡོ་རྗེ་ལགས།
    ཡི་གེ་བྲིས་ན་ནི་མི་ཀློག གསལ་བཤད་བྱས་ན་མི་ཉན་མཁན་ཁྱེད་ལྟ་བུ་རྣམས་ཅི་ཞིག་བྱེད་དགོས་སམ། ཁོང་གི་ཚབ་ཏུ་ཁྱེད་འཇོག་ཡོང་དགོས་པ་དེ་རེད་དམ། ངོ་མ་གོ་བ་མེད་པའི་གླང་གོག་ལ། རྒྱལ་པོ་བཀའ་ལས་བེར་ཀ་བཙན་པ་ཞིག་དགོས་ཀྱི་འདུག་གམ།

    ཁ་ཕྱོགས་མེད་ལགས།
    ལོ་ངོ་ལྔ་བཅུ་ལྷགས་རིང་ཆིག་སྒྲིལ་ཡོང་ཐབས་ལ་འབད་པ་བྱས་ནས་ཨོ་ཙམ་བྱུང་ཡོད་པ་ལ། བློ་བཟང་སེང་གེ་སྲིད་སྐྱོང་དུ་ཕེབས་པ་ནས། མི་ངན་ཕྲག་དོག་ཅན་བརྒྱ་ཕྲག་ཙམ་ནས་ཉིན་མཚན་ལྟོས་མེད་ལ་དཀྲུག་ཐབས་བྱེད་ཀྱི་ཡོད་ན། བློ་སེང་མི་གཅིག་གིས་ཇི་ལྟར་མུ་མཐུད་སྒྲིལ་ཐུབ་ཀྱི་རེད། ངོ་མ་ཁོང་ལ་ཁག་མི་འདུག

    ཡང་བསྐྱར། དགོན་པ་ཚང་དར་རྒྱས་ལགས།
    ཕྱི་རྒྱལ་བས་བོད་ལ་ཆེ་མཐོང་ཡོད་པ་ནི། འཚོ་བ་ཙམ་ལ་མགོ་མ་འཁོར་བའི་རྒྱ་བལ་དང་བོད་ནང་གི་མི་ཚོའི་བྱས་རྗེས་ཡིན་པ་ལས། ཁྱེད་ཅག་མ་ཡིན་པར་མཁྱེན་པར་མཛད་རོགས། ཁོང་ཚོའི་སྔོན་ནས་ཞབས་འདྲེན་ཞུ་མཁན་ནི་ཁྱེད་རང་ཚོ་ཡིན་པ་ཁས་བླངས་པ་ལྟར་རེད་ལགས།

    བསྟན་འཛིན་ལགས།

    གནམ་ནས་འབབ་ཡོང་གི་འདུག ཨ་རི་ནས་སྐུར་ཡོང་གི་འདུག འགྲིག་སོང་ངམ། ཧ་ཧ་

    གཞུང་པ་ཚེ་དབང་བསོད་ནམས་ལགས།
    དབང་ཆ་ཚང་མ་མི་མང་གི་ལག་ལ་འཇོག་པའི་སྲོལ་འཛམ་གླིང་དུ་ཡོད་མ་རེད། དེ་བས་ལས་དོན་འདི་ཙམ་ཡང་ཐག་གཅོད་བྱེད་དབང་མེད་པའི་སྲིད་སྐྱོང་ཞིག་དགོས་པ་ཅི་ཡོད། དེ་བས་ང་ཚོའི་ཁོང་ལས་དོན་བཟང་པ་རྣམས་ལ་གཟིགས་ནས་དགའ་གུས་བྱས་ནའང་ཆོག་གི་རེད། མཚམས་རེ་ནོར་བ་སུ་ལའང་ཡོད་ཀྱི་རེད། ཡིན་ནའང་། ངས་དོན་གཅོད་འཕོ་འགྱུར་བཏང་བ་འདི་ནོར་བ་རེད་ཅེས་ཞུ་ཡི་མེད།

    ཁྲག་ལགས། ང་སློབ་གྲྭ་མང་པོ་ལ་སོང་ཡིན་ལ་སློབ་སྦྱོང་ཡང་བྱས་ཡིན། ད་དུང་གངས་སྐྱིད་ཀྱི་གཡས་གཡོན་ལ་ཡང་ཡུན་རིང་བསྡད་སོང་། དེར་རྟེན་ང་ལ་སྐད་ཆ་འདི་འདྲ་བཤད་པའི་གདེངས་སྤོབས་ཡོད། དེ་མིན། ཡིག་ནོར་ལུང་ཆག་གང་འབྲི་ནས་སྲིད་སྐྱོང་ལ་སྡིགས་ཁུལ་བྱེད་པ་ནི། ཨོཾ་མ་ཎི་པད་མེ་ཧུཾ་རེད།

  29. ཨ་ཉོག says:
    2017-12-15 at 3:26 am

    བཙན་པོ་ལགས།
    བློ་སེང་དགའ་བ་ནི། གོང་ས་མཆོག་སྙུང་སོང་བས་མ་ཡིན་པར། ཁོ་རང་ཕལ་བའི་མི་ཚང་ཞིག་བུ་ཆུང་ལ། ༧གོང་ས་མཆོག་ཐུགས་ཡིད་ཆེས་ཤིང་ཁོང་གི་སྐུ་ཚབ་གནང་བའི་སྐབ་བ་བྱུང་ནི། བསོད་ནམས་ཡིན་བསམ་ནས་དགའ་བ་ཡིན་འགྲོ། འདི་ལྟ་བུའི་བསོད་ནམས་ནི། སུ་ལ་ཡོད་ནའང་དགའ་ངེས་རེད། དེ་ཡང་ནག་ཉེས་སུ་གྱུར་ན། སྲིད་སྐྱོང་མཚོག་གིས་གསང་སྤྱོད་དུ་སྤྱག་པ་བཏང་ནའང་ནག་ཉེས་སུ་འགྱུར་ས་རེད། ངོ་མ་སྲིད་སྐྱོང་གིས་གནང་ཚད་སྐྱོན་དུ་འགྲེལ་བ་ནི། རང་ཉིད་ཀྱི་མིག་ཤེལ་ལ་ཞིབ་གཤེར་མ་བྱས་པའི་སྐྱོན་རེད་ཡ།

    བསེ་རུ་ཟང་ཐལ་ལགས།
    ནག་ཉེས་དེ་ནི་ངེས་པར་དུ་དངུལ་བུ་ལོན་གྱི་ངོ་བོ་ནས་སྤྲོད་རེས་བྱེད་ཀྱི་ཡོད་པ། ཕྱི་གསལ་ནང་གསལ་ཞིག་ཁར་སྐྱེལ་མཁན་སུ་ཡིན་པ་དེ་ལ་ཡོད་རེད། ནག་ཉེས་འདི་ཁྱེར་མཁན་མི་མང་པོ་ཐོན་མདོག་ཁ་བོ་འདུག་ག

    མྱི་ནག་ལགས།
    གང་ན་དྲང་བདེན་མེད་པ་དང་སྒེར་གཅོད་ཡོད་སར་ངོ་ལོག་ཡོད་པས་ཁྱབ་ཀྱང་། གང་ན་ངོ་རྒོལ་ཡོད་པར་དྲང་བདེན་དང་། དམངས་གཙོ་མེད་པར་མ་ཁྱབ། དཔེར་ན་ཤུགས་ཚོགས་ཀྱིས་ངོ་རྒོལ་བྱེད་སའི་སྐུ་མདུན་གྱི་མཛད་ལྟ་བུ་རེད། གཡར་ཞར་བའི་རྩྭ་མི་བཟའ་བར་མཁྱེན།

    ལ་དྭགས་འཇམ་དཔལ་ལགས།
    དོགས་སློང་གནང་བར་བཀའ་དྲིན་ཆེ། ངས་དམངས་ཞེས་བྲིས་ཡོད་པ་ནི། “མང་”དང་”མངས”། “དམངས་” བཅས་ནི། མང་ཉུང་གི་རིམ་པ་ལྟར་འགྲེལ་ཚུལ་ཡོད་པ་ལྟར་འབྲི་བཞིན་ཡོད་པ་འདི་ཡིན།

  30. ཨ་ཉོག says:
    2017-12-15 at 9:44 am

    ཞབས་མཆན་འདི་དག

    <> ཞེས་པ་དེའི་སྣེར་བཏབས་པ་ཡིན་མོད། དག་མཆན་མ་ཐོབ་པས་འདིར་བསྐྱར་གཏོང་ཞུས་པ་ཡིན།

    དགོན་པ་ཚང་དར་རྒྱས་ལགས།
    བློ་བཟང་སེང་གེ་སྲིད་སྐྱོང་དུ་མ་ཕེབས་སྔོན་ནས། བཙན་བྱོལ་ནང་དུ་ཉམས་ཐག་མང་པོ་འདུག་ལ་ད་དུང་ཡང་འདུག དེ་བས་འཛམ་གླིང་གི་རྒྱལ་ཁབ་ཀུན་ལ་ཉམས་ཐག་ཡོད་པས་ཡ་མཚན་དོན་དེ་ཙམ་མི་འདུག ཡིན་ནའང་། འདི་དག་ལ་ངེས་པ་དོན་གྱི་རོགས་རམ་གནང་མཁན། འཛིན་སྐྱོང་བཀའ་ཤག་ལྟ་བུ་དྲིན་ཆེན་རྣམས་ལ། མི་དགའི་ཐུ་ལུད་འཕེན་པ་ནི་ངོ་མ་ཞབས་འདྲེན་རེད་བསམ་ཡོང་གི་འདུག

    རང་བྱུང་རིག་པའི་རྡོ་རྗེ་ལགས།
    ཡི་གེ་བྲིས་ན་ནི་མི་ཀློག གསལ་བཤད་བྱས་ན་མི་ཉན་པའི་ཁྱེད་ཚོ་ལྟ་བུ་ལ་ཅི་ཞིག་བྱེད་དགོས་སམ། ཁོང་གི་ཚབ་ཏུ་ཁྱོད་རང་འཇོག་ཡོང་དགོས་པ་དེ་རེད་དམ། ངོ་མ་གོ་བ་མེད་པའི་གླང་གོག་ལ། རྒྱལ་པོ་བཀའ་ལས་བེར་ཀ་བཙན་དགོས་ས་རེད།

    ཁ་ཕྱོགས་མེད་ལགས།
    ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཆིག་སྒྲིལ་ཡོང་ཐབས་ལ་འབད་པ་བྱས་ནས་ཨོ་ཙམ་བྱུང་ཡོད་མོད། བློ་བཟང་སེང་གེ་སྲིད་སྐྱོང་དུ་ཕེབས་པ་ནས། མི་ངན་ཕྲག་དོག་ཅན་བརྒྱ་ཕྲག་ཙམ་གྱིས་ཉིན་མཚན་ལྟོས་མེད་ལ་དཀྲུག་ཐབས་ཁོ་ན་བྱེད་ཀྱི་འདུག་པས་ སྲིད་སྐྱོང་མི་གཅིག་གིས་ཇི་ལྟར་མུ་མཐུད་ནས་ཆིག་སྒྲིལ་བྱེད་ཐུབ་ཀྱི་རེད། ངོ་མ་ཁོང་ལ་ཁག་མི་འདུག

    ཡང་བསྐྱར། དགོན་པ་ཚང་དར་རྒྱས་ལགས།
    ཕྱི་རྒྱལ་བས་བོད་ལ་ཆེ་མཐོང་ཡོད་པ་ནི། འཚོ་བ་ཙམ་ལ་མགོ་མ་འཁོར་བའི་རྒྱ་བལ་དང་བོད་ནང་གི་མི་ཚོའི་བྱས་རྗེས་ཡིན་པ་ལས། ཁྱེད་ཅག་ཕྱི་རྒྱལ་དུ་ཡོད་པའི་ཞབས་འདྲེན་པ་ཚོ་མ་ཡིན་པར་མཁྱེན་པར་མཛད་རོགས། ཕྱི་རྒྱལ་བའི་སྔོན་ནས་ཞབས་འདྲེན་ཞུ་མཁན་ནི། ཁྱེད་རང་གིས་ཁས་བླངས་པ་ལྟར་དེར་ཡོད་པ་དེ་ཚོ་རེད།

    བསྟན་འཛིན་ལགས།
    གནམ་ནས་འབབ་ཡོང་གི་འདུག ཨ་རི་ནས་སྐུར་ཡོང་གི་འདུག ལན་འགྲིག་སོང་ངམ།

    གཞུང་པ་ཚེ་དབང་བསོད་ནམས་ལགས།
    དབང་ཆ་ཚང་མ་མི་མང་གི་ལག་ལ་འཇོག་པའི་སྲོལ་ཞིག་འཛམ་གླིང་གི་སྲིད་གཞུང་སུ་ལའང་ཡོད་མ་རེད། དེ་བས་ལས་དོན་འདི་ཙམ་ལ་ཡང་ཐག་གཅོད་བྱེད་པའི་དབང་ཆ་དང་ཡིད་ཆེས་མེད་ན། སྲིད་སྐྱོང་ཞིག་ཡོད་པ་ལ་དགོས་པ་ཅི་ཡོད། དེ་བས་ང་ཚོའི་ཁོང་ལས་དོན་བཟང་པ་རྣམས་ལ་གཟིགས་ནས་དགའ་གུས་བྱས་ནའང་ཆོག་གི་རེད། མཚམས་རེ་ནོར་བ་སུ་ལའང་ཡོད་ཀྱི་རེད། ཡིན་ནའང་། ངས་ད་ཐེངས་ཀྱི་དོན་གཅོད་འཕོ་འགྱུར་བཏང་བའི་གནས་ཚུལ་འདི་ནོར་བ་རེད་ཅེས་ཞུ་ཡི་མེད།

    ཁྲག་ལགས། ང་སློབ་གྲྭ་མང་པོ་ལ་སོང་ཡིན། དེ་བཞིན་སློབ་སྦྱོང་ཡང་བྱས་ཡིན། ད་དུང་གངས་སྐྱིད་ཀྱི་གཡས་གཡོན་ལ་ཡང་ཡུན་རིང་བསྡད་ཡ་སོང་། དེར་རྟེན་ང་ལ་སྐད་ཆ་འདི་འདྲ་བཤད་པའི་གདེངས་སྤོབས་ཡོད། དེ་མིན། ཡིག་ནོར་ལུང་ཆག་གང་འབྲི་ནས་སྲིད་སྐྱོང་ལ་སྡིགས་ཁུལ་བྱེད་པ་ནི། ཨོཾ་མ་ཎི་པད་མེ་ཧུཾ་རེད།

    བཙན་པོ་ལགས།
    བློ་བཟང་སེངྒེ་དགའ་བ་ནི། གོང་ས་མཆོག་སྙུང་སོང་བས་མ་ཡིན་པར། ཁོ་རང་ཕལ་བའི་མི་ཚང་ཞིག་གི་བུ་ཆུང་ཞིག་སློབ་སྦྱོང་བྱས་དཀའ་བ་སྤྱད་ནས། ༧གོང་ས་མཆོག་ཐུགས་ཡིད་ཆེས་ཤིང་། ཁོང་གི་སྐུ་ཚབ་གནང་བའི་སྐལ་བ་བྱུང་བ་ནི། བསོད་ནམས་ཡིན་བསམ་ནས་དགའ་བ་ཡིན་འགྲོ། འདི་ལྟ་བུའི་བསོད་ནམས་ནི། སུ་ལ་ཡོད་ནའང་དགའ་ངེས་རེད། དེ་ཡང་ནག་ཉེས་སུ་གྱུར་ན། སྲིད་སྐྱོང་མཆོག་གིས་གསང་སྤྱོད་དུ་སྐྱག་པ་བཏང་ནའང་ནག་ཉེས་སུ་འགྱུར་ས་རེད། ངོ་མ་སྲིད་སྐྱོང་གིས་གནང་ཚད་སྐྱོན་དུ་འགྲེལ་བ་ནི། རང་ཉིད་ཀྱི་མིག་ཤེལ་ལ་ཞིབ་གཤེར་མ་བྱས་པའི་སྐྱོན་རེད་ཡ།

    བསེ་རུ་ཟང་ཐལ་ལགས།
    ནག་ཉེས་དེ་ནི། ངེས་པར་དུ་ནང་ཁུལ་གྱི་དངུལ། བུ་ལོན་གྱི་ངོ་བོ་ནས་སྤྲོད་རེས་བྱེད་ཀྱི་ཡོད་པ། ཕྱི་གསལ་ནང་གསལ་དགོས་ཞེས་ཁྲོམ་ལ་སྒྲོག་དུ་བཅུག་མཁན་དེ་ལ་ཡོད་རེད། ད་དུང་ནག་ཉེས་འདི་ཁྱེར་མཁན་མི་མང་པོ་ཐོན་མདོག་ཁ་བོ་རེད།

    མྱི་ནག་ལགས།
    གང་ན་དྲང་བདེན་མེད་པ་དང་། སྒེར་གཅོད་ཡོད་སར་ངོ་ལོག་ཡོད་པས་ཁྱབ་ཀྱང་། གང་ན་ངོ་རྒོལ་ཡོད་པར་དྲང་བདེན་དང་། དམངས་གཙོ་མེད་པས་མ་ཁྱབ་རེད། དཔེར་ན་ཤུགས་ཚོགས་ཀྱིས་ངོ་རྒོལ་བྱེད་སའི་གོང་ས་མཆོག་གི་མཛད་པ་ལྟ་བུ་རེད། གཡར་ཞར་བའི་རྩྭ་མི་བཟའ་བར་མཁྱེན།

    ལ་དྭགས་འཇམ་དཔལ་ལགས།
    དོགས་སློང་གནང་བར་བཀའ་དྲིན་ཆེ། ངས་དམངས་ཞེས་བྲིས་ཡོད་པ་ནི། “མང་”དང་”མངས”། “དམངས་” བཅས་ནི། མང་ཉུང་གི་རིམ་པ་ལྟར་འགྲེལ་ཚུལ་ཡོད་པ་ལྟར་འབྲི་བཞིན་ཡོད་པ་འདི་ཡིན།

  31. བསྟན་འཛིན་ says:
    2017-12-15 at 11:43 pm

    March 5th, 2012
    “TIBETANS NEVER HAD A COUNTRY” DR. LOBSANG SANGAY

    Kalon Tripa Dr. Lobsang Sangay needs to explain the statement he made on video to stol.it, the South Tyrol Online journal on March 02. 2012. Replying to a question “What is it like being a prime minster without a country?. Dr. Lobsang Sangay answered clearly and deliberately ” Well… I can’t say for sure because, Tibetans, we never had a country.” Is Dr. Lobsang Sangay attempting to surpass the record for bizarre utterances established by our previous Kalon Tripa Professor Samdong Rimpoche, who declared on March 13, 2009 that the “Tibet Issue is the Internal Affair of the People’s Republic of China?” What on earth is going on here?

    ཨ་རོ་ཨ་ཉོག་ ཁྱོད་གྱི་བློ་སེང་ མི་ག་འདྲ་རེད་ དབྱིན་ཡིག་དེ་ག་ལེར་ཡག་པོ་ཀློག་རོག།

  32. ཨ་ཉོག says:
    2017-12-16 at 12:38 am

    བསྟན་འཛིན་ལགས། བཀླགས་ཚར་ཡིན། འདི་ལ་གསལ་བཤད་ཆ་ཚང་གནང་སོང་པ། ད་དུང་ཡང་བླག་ཙོལ་ནས་སྡོད་ཡ་ཡིན་པས། གསལ་བཤད་ག་ཚད་གནང་ནའང་ལྐུགས་པར་འགྱུར་བའི་མི་རྣམས། ངོ་མ་ལྐུགས་པ་ལྐུགས་ནག་རེད།

  33. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-12-16 at 5:41 am

    བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་ནང་ཁ་ཕྱོགས་ནས་མི་ལོ་ལྔ་བཅུ་ང་བདུན་ཙམ་འགྲོ་བཞིན་པ་དང་ཁྲིམས་ཡིག་གི་ལམ་སྟོན་འོག་ཁ་ཕྱོགས་ནས་མི་ལོ་ཉི་ཤུ་རྩ་དྲུག་ཙམ་འགྲོ་བཞིན་པ་ནས་འགོ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་དངའཛིན་སྐྱོང་བཀའ་ཤག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དམའ་མི་མང་དཀྱུས་མ་བར་ཁྲིམས་ཀྱི་དབང་བསྒྱུར་འོག་གནས་དགོས་པ་ལས་སུ་གཅིག་ལ་ཁྲིམས་འགལ་དང་སྒྲིག་འགལ་བྱེད་སའི་འཁོར་ཡུག་མེད་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་ངོ་སྤྲད་ཡོད་ན་ཨ་དོན་འཕོ་འགྱུར་དང་འབྲེལ་བའི་གནད་དོན་ཁག་ཁྲིམས་མཐུན་དུ་བསྡད་ཡོད་དང་ཁྲིམས་འགལ་དུ་རྒྱུར་ཡོད་རིམ་པས་གསལ་པོ་ཆགས་སྲིད་པ་ཞིག་མ་རེད་དམ་

  34. བསྟན་འཛིན་ says:
    2017-12-16 at 3:41 pm

    ཨ་ཉོག་ ཁྱོད་རང་གི་སློབ་སེང་ བོད་གཞིས་བྱེས་གཉིས་ཀྱི་མི་དམངས་ཁྲི་འབུམ་མང་པོས། ཡིད་ཆེས་བློ་འགེལ་ཞུ་སའི་མི་རྗེ་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་? ཧཧཧ་རྒོས་གྲོ་བ་ལ་ ཁོ་རང་ཁ་སྔོན་འོས་གྲངས་སྡོམས་བོར་(༥༩༣༥༣)ནས་(༣༣༨༧༦)ཐོབ་པའི་མགོ་བ་ཞིག་ལས་གཞན་གང་ཡང་མིན་ འོས་གྲངས་དེ་ཡང་ གྲ་བ་ཁྱེད་རང་ཨ་ཉོག་དང་གཞི་ཆགས་པོ་པོ་མོ་མོ་ལགས་རེད་དོ་

  35. ཨ་འབར་འཇིགས་དབང། says:
    2017-12-16 at 5:23 pm

    ༄༅། རྩིས་རྒྱག་རྩོད་ལེན་བྱེད་ན་དགྲ་བོ་དམར་པོར་བྱེད་དགོས།།
    ངོ་རྒོལ་སྐད་འབོད་བྱེད་ན་རང་ཡུལ་འཕྲོག་མཁན་བྱེད་དགོས།།
    གདོང་ལ་རས་གོས་གཡོགས་ནས་འཕེྲད་དར་འཕར་ནི་དགོས་ན།།
    གཞིས་བྱེས་ཁ་འཐོར་བཏང་མཁན་དམར་པོའི་ལྟ་བར་རྒོལ་དགོས།།

    ངོ་རྒོལ་བྱེད་འདོད་བསམ་ན་རིག་གཞུང་རྩ་མེད་བཏང་མཁན་།།
    གུང་བྲན་ཏང་ལ་བྱེད་དང་གཞིས་བྱེས་གཉིས་ནས་ལོའི་བསྟོད།།
    དགྲ་ལ་བཤད་ན་དགའ་འགྲོ་གཉེན་ལ་བཤད་ན་སྡུག་འགྲོའི།།
    དོན་མེད་སྟོང་བཤད་མ་བསྒྲག་ལྷ་དང་སྲུང་མ་འཁྲུག་འགྲོ།།

  36. ཨ་ཉོག says:
    2017-12-16 at 9:27 pm

    བསྟན་འཛིན་ལགས། ༥༩༣༥༣ འདི་ནི། དོན་གྱི་བོད་མི་ས་ཡ་དྲུག་མཐུས་ཚབ་ལ་ངོས་འཛིན་ངོས་བཟུང་ནས། བོད་མི་དམངས་ཀྱི་དབུ་ཁྲིད་འདེམས་ཀྱི་ཡོད། ལྷག་ཏུ་སྤོ་སྤོ་རྨོ་རྨོ་ཚོ་ནི། གཞིས་བྱིས་གཉིས་དང་མི་རབས་གཉིས་ཀྱི་ཚབ་མཚོན་ཁོ་ན་རེད། གྲྭ་པ་ཚོ་ཡང་ལོང་བ་དང་ལྐུགས་པ་དེ་འདྲ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme