Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་བརྒྱད་འཁོར་བའི་དུས་དྲན་ལ་ཕུལ་བའི་བསྟོད་དབྱངས།

Posted on 2017-12-09 By ཁ་བརྡ 7 Comments on ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་བརྒྱད་འཁོར་བའི་དུས་དྲན་ལ་ཕུལ་བའི་བསྟོད་དབྱངས།

༄༅། གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ་ལ།།
ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་མཛད་ནས།།
མི་ལོ་ཉེར་བརྒྱད་འཁོར་བའི་དུས་དྲན་ལ།།
བོད་འབངས་ཡོངས་ནས་སྒོ་གསུམ་གུས་པས་བསྟོད།།
ཤེས་བྱའི་སྒྲོན་མེ་སྤར་མཁན་དེ་ཁྱེད་ཡིན།།
བདེན་དོན་སེམས་ལ་འབྲི་མཁན་དེ་ཁྱེད་ཡིན།།
འཚེ་མེད་ཞི་བདེ་གནང་མཁན་དེ་ཁྱེད་ཡིན།།
བྱམས་བརྩེའི་དྲོད་ཀྱི་སྐྱོང་མཁན་དེ་ཁྱེད་ཡིན།།
འགྲོ་བའི་དོན་དུ་སྐུ་ཚེ་བརྟན་པར་མཛོད།།

གུས་འཇིགས་དབང་པས།

གསར་འགྱུར།

Post navigation

Previous Post: རྒྱ་གར་གྱི་བྱེད་སྟངས་ལ་དོགས་པ་ཡོད་དཱ། བོད་པའི་གསར་ལམ་ཚོ། འུར་མ་སྔ།
Next Post: ཚེ་སྲོག་དང་། ངལ་དུབ་ཀྱི་འགྲུལ་བཞུད།

Comments (7) on “ཞི་བདེའི་དེད་དཔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བདེའི་གསེར་གྱི་གཟེངས་རྟགས་ཕུལ་ནས་མི་ལོ་ཉེར་བརྒྱད་འཁོར་བའི་དུས་དྲན་ལ་ཕུལ་བའི་བསྟོད་དབྱངས།”

  1. ཀརྡོ་རབ་འབྱམས་པ་ says:
    2017-12-09 at 10:29 pm

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
    ཆེས་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
    གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །
    ་
    ཆོས་སྲིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
    ཆེ་ཆེར་སྟོན་མཛད་ཛམ་གླིང་ཞི་བདེའི་མགོན། །
    ཐུབ་དབང་རྒྱལ་ཚབ་བསྟན་འཛིན་རྒྱ་མཚོ་ལ། །
    གསོལ་བ་འདེབས་སོ་༸སྐུ་ཚེ་ཡུན་བརྟན་ཤོག །
    ་
    བཅུ་གཉིས་བཅུ་པ་འགྲོ་མིའི་ཐོབ་ཐང་ཉིན། །
    བཅུ་གཉིས་བཅུ་པར་བོད་དོན་གླེང་བའི་ཉིན། །
    བཅུ་གཉིས་བཅུ་པར་ནོ་བྷེལ་འབུལ་བཞེས་ཉིན། །
    བཅུ་གཉིས་བཅུ་པར་དགའ་སྐྱོའི་དགའ་སྟོན་ཉིན། །
    ་
    ད་དུང་རྒྱ་གར་རཏྣ་བྷ་རཏ་དང་། །
    ཛམ་གླིང་ནང་ལ་གཟེངས་རྟགས་ཡོ་དོ་ཅོག །
    ཉིད་ལ་འབུལ་བཞེས་གྲངས་མང་འོངས་ཕྱིར་དུ། །
    དགུང་གྲངས་བརྒྱ་དང་བཅུ་གསུམ་བཞུགས་འཚལ་ལོ། །

  2. དགེ་འདུན་རྒྱ་མཚོ། says:
    2017-12-10 at 5:18 am

    མེ་མདའི་ཆར་བའི་ཁྲོད་ནས་ཕྱི་ལ་ཐོན།།
    རྡ་སྟེང་རི་ལ་རྒྱལ་ས་གཉིས་པ་བཙུགས།།
    བོད་མིའི་བདེ་སྡུག་རྒྱལ་ཚོགས་ར་བར་བསྐྱལ།།
    ནམ་ཞིག་ཕྱིར་ལོག་ཡོང་བའི་ཐུགས་རེ་བཅངས།།

    ཁྱེད་ཀྱི་སྙིང་སྟོབས་ལྕགས་ཀྱི་གོ་འཁྲབ་འདྲ།།
    ཐབས་ཇུས་བཟང་བོ་མདུང་གི་རྩེ་ལྟར་རྣོ།།
    གང་གི་གཡུལ་སར་འཐབ་པའི་དགྲ་མེད་ཀྱང་།།
    ནག་ཕྱོགས་དགྲ་ལས་རྒྱལ་བའི་རྒྱལ་མཚན་བཟུང་།། 

    རྦབ་རྡོ་ཐུར་དུ་བསྒྲིལ་བའི་ལས་དབང་ནི།།
    གྱེན་དུ་ལྡོག་པའི་ངལ་བ་དོན་མེད་གྱུར།།
    སྙིང་བརྩེ་དམ་བཅའ་དུས་ལས་མ་གཡེལ་ཡང་།།
    མགོ་ནག་མི་ཡི་བསོད་ནམས་མར་ངོར་ཆས།།

  3. ཀརྡོ་རབ་འབྱམས་པ་ says:
    2017-12-10 at 5:20 am

    དགའ་བ་ལ་དང་། དགའ་བ་ལ། སྐྱིད་པ་ལ་དང་། སྐྱིད་པ་ལ། ་་་་་་
    https://www.facebook.com/CTATIBETTV/videos/10155144733245382/

  4. ཀརྡོ་རབ་འབྱམས་པ་ says:
    2017-12-11 at 11:50 pm

    འཛམ་གླིང་གི་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་སྣ་མང་སྤེལ་འདུག
    ་
    http://www.rfa.org/tibetan/

  5. ཀརྡོ་རབ་འབྱམས་པ་ says:
    2017-12-11 at 11:51 pm

    བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།
    ་
    http://www.rfa.org/tibetan/

  6. ཀརྡོ་རབ་འབྱམས་པ་ says:
    2017-12-11 at 11:59 pm

    བོད་སྐད་སྡེ་ཚན། | གསར་འགྱུར།
    བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་རྒྱ་ནག་ཏུ་ཕེབས་པའི་གནས་ཚུལ།
    ་
    http://www.rfa.org/tibetan/sargyur/former-kalon-tripa-samdong-rinpoche-visits-china-12082017152334.html

  7. ཀརྡོ་རབ་འབྱམས་པ་ says:
    2017-12-12 at 12:03 am

    ༸གོང་ས་མཆོག་ལ་ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ ༢༨ འཁོར་བའི་དུས་དྲན་སྲུང་བརྩི།
    ཕྱི་ལོ། ༢༠༡༧ ཟླ། ༡༢ ཚེས། ༡༡ ཉིན་སྤེལ།
    ་
    http://www.vot.org/%E0%BC%B8%E0%BD%82%E0%BD%BC%E0%BD%84%E0%BC%8B%E0%BD%A6%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%A3%E0%BC%8B%E0%BD%93%E0%BD%BC%E0%BC%8B%E0%BD%A6%E0%BE%A4%E0%BD%BA%E0%BD%A3%E0%BC%8B/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme