Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བ་མཇུག་སྒྲིལ་བ།

Posted on 2017-11-282017-11-28 By ཁ་བརྡ 9 Comments on རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བ་མཇུག་སྒྲིལ་བ།

གནས་ཚུལ་མཁོ་སྤྲོད་པ། ཨ་བཙན་པོ།
 
ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༥ ནས་ ༢༨ བར་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཇོ་ནང་དུས་འཁོར་གྲྭ་ཚང་གི་ལྷ་ཁང་དུ། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག  རྒྱལ་བ་ཇོ་ནང་པའི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབ་གླེང་བ་ཞེས་པའི་བགྲོ་གླེང་དང་། རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་པ་སྐོང་འཚོགས་གནང་ཞིང་། ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་དབུས་པའི་གདན་ཞུའི་གཏམ་བཤད་པ་མཁས་དབང་རྣམ་པ་བདུན་དང་།  ཚོགས་ཞུགས་པ་དང་ཟུར་ཉན་བཅས་མི་གྲངས་བརྒྱ་ལྷག་འདུ་འཛོམས་གྱིས་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་དང་། ལྟ་གྲུབ། དུས་འཁོར་སྦྱོར་དྲུག་ཉམས་ལེན་བཅས་ཀྱི་ཐད་བགྲོ་གླེང་ལྷུག་པོར་གནང་།

ཚེས་ ༢༦ ནས་ཉིན་གཉིས་ཀྱི་རིང་དམིགས་བསལ་ཚོགས་ཆེན་ཐོག་ཨ་རི་དང་། ཨིན་ཇི། ཨུ་རུ་སུ། སོག་པོ། བྷེལ་ལྗམ། མ་ལེ་ཤི་ཡ། བལ་ཡུལ། རྒྱ་གར་བཅས་རྒྱལ་ཁབ་བདུན་གྱི་ས་གནས་ཁག་ ༡༩ དང་། དགོན་སྡེ་ཁག་ ༧ ཆོས་ཚོགས་ ༢༠ ཙམ་ནས་ཕེབས་པའི་སྐུ་ཚབ་བཅས་ཁྱོན་ཚོགས་བཅར་བ་ ༥༠ ཙམ་ལྷན་འཛོམས་ཀྱིས་གྲོས་ཆོད་ཁག་ལྔའི་སྟེང་གྲོས་བསྡུར་རིམ་པར་བྱས་མཐར། གྲོས་ཆོད་ཁག་བཅུ་གསུམ་སྤྱི་མོས་དང་མང་མོས་ཀྱིས་གཏན་འབེབས་གནང་རྗེས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས།

༄༅།། དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བའི་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་གཤམ་གསལ།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༧ ཉིན།

གྲོས་གཞི་དང་པོ། ༧གོང་ས་མཆོག་གི་བཀའ་དགོངས་རྣམས་ལག་ལེན་ཡོང་ཐབས་དང་། ཆོས་ལུགས་ཆོས་བརྒྱུད་ཁག་བར་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོངས་ཐབས་སྐོར།

གྲོས་ཆོད།
༸གོང་ས་རྒྱལ་བའི་དབང་པོ་མཆོག་གི་དགོངས་གཞི་གཙོ་བོ་གཅིག་ནི། ཆོས་ལུགས་མཐུན་སྒྲིལ་སྐོར་ཡིན་པ་ལྟར། དཔལ་རྒྱལ་བ་ཇོ་ནང་པའི་ངོས་ནས་ཀྱང་ཆོས་ལུགས་མཐུན་སྒྲིལ་ཆེད་ཆོས་བརྒྱུད་གཞན་གྱིས་བཀོད་སྒྲིག་ཞུས་པའི་རིས་མེད་བགྲོ་གླེང་སོགས་ལ་མཉམ་ཞུགས་དང་། ཇོ་ནང་པའི་ངོས་ནས་ཀྱང་ཆོས་ལུགས་རིས་མེད་ཀྱི་བགྲོ་གླེང་སོགས་གང་ཐུབ་བཀོད་སྒྲིག་བྱ་རྒྱུ། སྤྱི་མོས།

གྲོས་གཞི་གཉིས་པ། འཕགས་ཡུལ་ཇོ་ནང་འགྲོ་ལྷན་འཚོགས་ཀྱི་མ་འོངས་གནས་བབ་དང་ལས་ཀའི་ཁ་ཕྱོགས། རྒྱུན་གྲོན་དང་ལས་འགུལ་འགྲོ་སོང་འཚོལ་ཐབས་སྐོར།

གྲོས་ཆོད།

༡༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་མིང་ <རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་> ཞེས་པར་མིང་བསྒྱུར་བྱ་རྒྱུ་དང་། དེའི་ཚོགས་གཙོའི་ཐུགས་འགན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེས་བཞེས་རྒྱུ། ལྷན་ཚོགས་ཀྱི་རྒྱུན་ལས་དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ནམ་ཚོགས་ཆེན་གང་རུང་ཞིག་གི་ཐོག་འོས་འདེམས་བྱ་རྒྱུ། སྤྱི་མོས།

༢༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཡོང་སོང་གི་འགན་ཡོངས་རྫོགས་ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པས་ཁུར་རྒྱུ་དང་། ད་ཡོད་ལྷན་ཚོགས་ཀྱི་མ་དངུལ་ཡོད་ཚད་ཐེབས་རྩ་ཚོགས་པར་རྩིས་འབུལ་དང་འབྲེལ། ད་ནས་བཟུང་ལྷན་ཚོགས་ཀྱི་རྒྱུན་གྲོན་སོགས་ཐེབས་རྩ་ཚོགས་པ་ནས་སྔ་འདོན་ཞུ་རྒྱུ་དང་། དེ་བཞིན་དུ་ཚོགས་ཆེན་དང་ལས་འགུལ་སོགས་ཀྱི་སྐབས་སུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་བཀོད་སྒྲིག་ཚོགས་ཆུང་ཟུར་འཛུགས་བྱ་དགོས། སྤྱི་མོས།

༣༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་གྲོན་ཆེད། ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པའི་ངོས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ས་རྒྱུན་ཁག་བརྒྱུད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པའི་ཇོ་ནང་པ་རྣམས་ཀྱི་ས་ནས་ལོ་རེར་ཨ་སྒོར་ ༥༠ རེ་དང་། ལོ་བཅོ་བརྒྱད་མན་ལ་ཕྱེད་བཅག་བྱས་ནས་བསྡུ་དགོས། སྤྱི་མོས།

༤༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་གྲོན་ཆེད། ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པའི་ངོས་ནས་རྒྱ་བལ་ཡུལ་འབྲུག་གསུམ་དང་རུ་སོག་སོགས་ཀྱི་ས་གནས་རྒྱུན་ལས་ཁག་བརྒྱུད་མི་རེས་ལོ་རེར་ཧིན་སྒོར་ ༡༠༠ རེ་དང་། ལོ་བཅོ་བརྒྱད་མན་ལ་ཕྱེད་བཅག་བྱས་ནས་བསྡུ་དགོས། སྤྱི་མོས།

༥༽ ཕྱི་སྡོད་ཇོ་ནང་ཐེབས་རྩ་ཚོགས་པས་བཀོད་སྒྲིག་དང་། ཇོ་ནང་དགོན་སྡེ་ཁག་གིས་མཐུན་འགྱུར་རྒྱབ་སྐྱོར། ཕྱི་རྒྱལ་དུ་ཡོད་པའི་ཇོ་ནང་ཆོས་ཚོགས་ཁག་དང་། དེ་བཞིན་མི་སྒེར་བ་བཅས་ཀྱིས་མཐུན་གྱུར་འོག དཔལ་འབྱོར་འདུ་འགོད་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱོགས་སྐྱོད་གནང་ཐབས་ལ་འབད་པ་བྱ་རྒྱུ། སྤྱི་མོས།
གྲོས་གཞི་གསུམ་པ། དཔལ་ལྡན་རྒྱལ་བ་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་མིན་དེ་རང་གཞུང་ཁྲིམས་བཟོ་ལྷན་ཚོགས་སམ་གྲོས་ཚོགས་ལ་རག་ལས་ཡོད་པས། ཇོ་ནང་པའི་ངོས་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་འཚོགས་ཀྱི་འཐུས་མི་དག་ལ་ཇོ་ནང་ཆོས་བརྒྱུད་གྱི་གནས་བབ་ངོ་སྤྲོད་ཆེད་འབྲེལ་ལམ་བཟུང་ཐབས་སྐོར།

གྲོས་ཆོད།

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཁག་ས་གནས་གང་ཕེབས་དང་ས་གནས་གང་དུ་ཡོད་ན། དེར་ཡོད་ཇོ་ནང་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་སྤྱི་འཐུས་དེར་ཇོ་ནང་པའི་གནས་སྟངས་ངོ་སྤྲོད་གྱིས་མཚོན་པའི་བདེན་དོན་ལས་འགུལ་གང་ཐུབ་སྤེལ་རྒྱུ། སྤྱི་མོས།
གྲོས་གཞི་བཞི་བ། ཕྱི་ལོ་ ༢༠༡༨ ཟླ་ ༣ པའི་གྲོས་ཚོགས་སྐབས་སམ། གྲོས་ཚོགས་གང་རུང་ཞིག་ཏུ་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ཕྱོགས་སྐོར་གཞུང་འབྲེལ་ཁྲིམས་འཆར་ཁུར་ཐབས་སྐོར།

གྲོས་ཆོད།

༡༽ ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༡ འཁོད་པའི་བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་“གྲོས་ཚོགས་ཚོགས་དུས་རྗེས་མ་ཞིག་ལ་ཁྲིམས་སྒྲིག་བསྐྱར་བཅོས་བསྣམས་དགོས་ཀྱི་འདུག་གམ། གཞན་ཐབས་ལམ་ཇི་དགེའི་སྐོར་སྤྱི་འཐུས་བཞུགས་མོལ་ཚོགས་འདུའི་ཐོག་བསྐྱར་དུ་གོ་བསྡུར་ལྷུག་ཙམ་བྱ་རྒྱུའི་ཐག་གཅོད་གནང་” ཞེས་པར་ཡིད་ཆེས་ཀྱིས་རང་གཞུང་ཁྲིམས་བཟོ་ལྷན་ཚོགས་ལ་མུ་མཐུད་དུ་སྙན་ཞུ་འབུལ་རྒྱུ། ཚད་མཐོའི་མང་མོས།

༢༽ དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞུང་འབྲེལ་ཁྲིམས་འཆར་ཁུར་རྗེས་འདོད་པ་ཁེངས་པའི་ཐག་གཅོད་ཅིག་མ་བྱུང་ཚེ། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་མགོ་འཛུགས་བྱ་རྒྱུ། ཚད་མཐོའི་མང་མོས།
གྲོས་གཞི་ལྔ་བ། བཙན་བྱོལ་དུ་ཡོད་པའི་དཔལ་རྒྱལ་བ་ཇོ་ནང་པའི་དགོན་སྡེ་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཆོས་ཚོགས་ཁག་སྲ་བརྟན་ཡུན་གནས་དང་སློབ་གཉེར་ཡར་རྒྱས་ཡོང་ཐབས་སྐོར།

གྲོས་ཆོད།

༡༽ འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་ཇོ་ནང་དགོན་སྡེ་ཁག་ལ་དགེ་རྒན་གཏོང་ཕྱོགས་ཐད་ལམ་སྟོན་གནང་ཚེ། གདན་ས་ཁག་ཏུ་ཡོད་པའི་ཇོ་ནང་གྲྭ་བ་བསླབ་པ་རྒན་གྲས་དག་གིས་ཀྱང་དེ་ལ་གུས་བརྩི་དང་ལེན་གང་ནུས་ཞུ་དགོས་རྒྱུ་དང་། ཕེབས་ཡུལ་དགོན་སྡེ་ཁག་གིས་དེ་ལ་མཐུན་འགྱུར་གང་ལེགས་གནང་དགོས། སྤྱི་མོས།

༢༽ ཇོ་ནང་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བ་འདི་བརྒྱུད་ནས་གདན་ས་ཁག་ཏུ་ཡོད་པའི་ཇོ་ནང་པའི་གྲྭ་བ་བསླབ་པ་མཐར་ཕྱིན་པའམ།  ཡང་ན་སློབ་མཐར་ཕྱིན་ལ་ཉེ་བ་རྣམ་པར་ཇོ་ནང་དགོན་སྡེ་སོ་སོར་ལོ་རེར་རེས་མོས་ཀྱིས་དགེ་རྒན་ལ་ཕེབས་རྒྱུར་འབོད་སྐུལ་ཞུ་རྒྱུ། སྤྱི་མོས།

༣༽ བལ་ཡུལ་དོལ་པོར་ཡོད་པའི་ཇོ་ནང་པུ་དགོན་པའི་དབུ་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་དང་བཀའ་གྲོས་ཀྱིས། བཙན་བྱོལ་དུ་ཡོད་པའི་ཇོ་ནང་པའི་བླ་སྤྲུལ་རྣམས་གང་ཐུབ་ཀྱིས་པུ་དགོན་པར་ཆེད་ཕེབས་གནང་ནས་དབང་ལུང་ཆོས་ཁྲིད་སོགས་གནང་ཐབས་བྱ་རྒྱུ། སྤྱི་མོས།

༤༽ ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཇོ་ནང་ཆོས་ཚོགས་ཁག་ལ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་འབྲེལ་ལམ་དམ་ཟབ་བྱ་རྒྱུས་མཚོན། ཆོས་ཚོགས་དེ་དག་གི་གནས་ཚུལ་ཁག་ལྷན་ཚོགས་ཀྱི་དྲ་ཚིགས་སྟེང་འགོད་རྒྱུ་བཅས་སོ།།

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༧ ཉིན།

གསར་འགྱུར།

Post navigation

Previous Post: བློ་མ་བདེ།
Next Post: “དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་མིན། བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད། སྲིད་སྐྱོང་བློ་སེང་ལ་ངོ་རྒོལ་ཡོད།”

Comments (9) on “རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དགུ་བ་མཇུག་སྒྲིལ་བ།”

  1. བསམ་ཤེས། says:
    2017-11-29 at 6:07 pm

    དོན་དག་གལ་ཆེ་བ་དེ་ཚོ་གྲོས་གཞིའི་ནང་ལ་མི་འཇོག་པ་འདི་ཡ་མཚན། དཔེར་ན། བོད་ནང་ལ་ཇོ་ནང་གི་གྲྭ་པ་ཚོར་དབང་ཆ་རྩོད་ལེན་དང་། ཁོང་ཚོར་གདན་ཐོབ་འཐོབ་རྒྱུའི་སྐོར་ལ་སྐད་ཆ་ཚིག་གཅིག་མ་བཤད་པ་འདི་ཡ་མཚན། བཙན་བྱོལ་འདི་གནས་སྐབས་ཀྱི་གཞུང་དང་། འཛམ་གླིང་ནང་ལ་ཁྲིམས་མཐུན་རྒྱལ་ཁབ་སུ་གཅིག་གིས་ཁས་ལེན་མེད་པའི་ཚོགས་པ་རེད། ཁྱེད་ཚོ་ངོ་མ་ཇོ་ནང་གི་མདུན་ལམ་ལ་སེམས་འཁུར་ཡོད་ན། བོད་ནང་ལ་ཐོབ་ཐངབརྩོད་ཐུབ་པ་དགོས། དཔེར་ན། བོད་ཀྱི་ཇོ་ནང་གྲྭ་པ་རྣམས་ལ་རྒྱ་ནག་རྒྱལ་ཁབ་ཀྱི་ཐོབ་ཐང་ངོས་ལེན་ཡོང་བའི་འབད་པ་མི་བྱེད་པ་འདི་ཡ་མཚན།

    རྒྱ་མིས་ཇོ་ནང་འདི་ས་སྐྱའི་ཁོངས་སུ་བཞག་འདུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་ནང་ཆོས་མཐུན་ཚོགས་ནང་ལ་ཇོ་ནང་ལ་རྐུབ་སྟེགས་མི་འདུག འདི་ལ་བརྩོད་པ་མི་རྒྱག་པ་འདི་ཁྱེད་ཚོ་ངོ་མ་ཡ་མཚན།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-30 at 4:37 am

    རྒྱུ་ཚན་འདུག་ལ་ཁུངས་ལུང་ཡང་འདུག་དོན་དངོས་བཙན་བྱོལ་སྤྱི་ཚོགས་ནང་ཆོས་རྒྱུད་ཡོངས་རྫོགས་ཀྱི་སྤྱི་འཐུས་སླེབ་དགོས་ན་ཆོས་རིག་ལྷན་ཁང་ནས་ངོས་འཛིན་གནང་བའི་ཡིག་ཆ་སྤྱི་འཐུས་གྲོས་ཚོགས་ལ་ཕུལ་བའི་ཉིན་མོ་ནས་ཇོ་ནང་ཙམ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཆོས་རྒྱུད་འདྲ་མིན་ལ་དད་གུས་བྱེད་མཁན་ཚང་མར་ཆོས་རྒྱུད་ཀྱི་སྤྱི་འཐུས་ཀྱི་ས་མིག་གནང་དགོས་པ་དེ་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་གཡོལ་ཐབས་མེད་པའི་ཐུགས་འགན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་མང་གཙོ་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད་།

  3. ཨ་བཙན་པོ། says:
    2017-11-30 at 4:57 am

    བསམ་ཤེས་ལགས། ཁྱེད་ཀྱིས་བཤད་པ་ལྟར་ན་རྒྱ་གཞུང་གིས་མ་སྤྲད་ན་བོད་གཞུང་གིས་ཀྱང་སྤྲད་མི་དགོས་པ་འདྲ། དེ་ནི་གད་མོའི་གནས་སོ།། གསལ་བོར་བཤད་ན་ད་སྐབས་རྒྱ་གཞུང་གི་འོག་ན་ཆོས་བརྒྱུད་ཆ་ཚང་ལ་ཐོབ་ཐང་ཆེན་པོ་ཞིག་མེད་པ་མངོན་གསལ་ཡིན་ཀྱང་། ཆོས་བརྒྱུད་གཞན་ཁག་ལ་ཐོབ་ཐང་གང་ཡོད་པ་དེ་ཇོ་ནང་པར་ཡང་གཅིག་མཚུངས་ཐོབ་ཡོད། ཆོས་བརྒྱུད་ཆེན་པོ་དྲུག་ཞེས་པའི་ཐ་སྙད་འདི་ཡང་བོད་ནས་ཡར་དར་ཡོང་བ་ཞིག་ཡིན་པ་ཤེས་པར་ཀྱིས། ལྷག་པར་དུ་ཇོ་ནང་ཆོས་བརྒྱུད་དང་ས་སྐྱ་གཉིས་ཀྱི་བར་ད་སྐབས་སུ་སུའི་ཁུངས་ཡིན་མིན་གྱི་རྩོད་གཞི་གཅིག་ཀྱང་མེད་པ་༸ས་སྐྱ་གོང་མ་བདག་ཁྲི་མཆོག་གི་བཀའ་སློབ་དང་བཀའ་ཡིག་སོགས་ལ་གཟིགས་ཙམ་གནང་རོགས། ཆོས་བརྒྱུད་ཕན་ཚུན་བར་མི་མཐུན་པའི་བཀའ་མོལ་འདི་རིགས་གིས་རང་ལ་ཁེ་ཕན་རེ་རེག་གི་ཡོད་ན་སྒེར་དོན་ཡིན་པས་ཅང་བཤད་རྒྱུ་མེད། དེ་མིན་ན་བཀའ་མོལ་འདི་རིགས་ཉུང་ཙམ་གནང་ན་ལེགས།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-30 at 6:24 am

    ད་ལྟའི་ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནས་ལས་འགན་མ་འགྲུབ་པ་འམ་འཐུད་ཤོར་ཕྱིན་པ་ནི་བོད་མིའི་དད་གུས་ཞུ་སའི་ཆོས་རྒྱུད་ཚང་མར་སྤྱི་འཐུས་ཀྱི་ས་མིག་གནང་མ་ཐུབ་པ་དང་གཅིག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པའི་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་གཏན་འབེབས་མ་ཐུབ་པ་དང་གཉིས་བཙན་བྱོལ་བོད་མིའི་བཙའ་ཁྲིམས་དོན་ཚན་གསུམ་པའི་ནང་འཁོད་པའི་ཡུལ་མིའི་རྒྱལ་ཁབ་ (Republic.)
    ཟེར་བའི་མང་གཙོ་སྤྱིའི་ལྟ་སྒྲུབ་དང་མཐུན་པའི་ཐ་སྙད་དེ་ནུས་མེད་དུ་བཏང་ནས་བོད་ཀྱི་མང་གཙོའི་ལམ་ལུགས་དེ་ཡུལ་མིའི་སྲིད་སྐྱོང་ཟེར་བའི་གང་ཟག་གི་དབང་བསྒྱུར་ལ་ཁ་ཕྱོགས་དང་

  5. བསམ་ཤེས། says:
    2017-12-01 at 10:52 am

    ཨ་བཙན་པོ་མཆོག

    ང་རང་ཇོ་ནང་གཙོས་པའི་ཆོས་རྒྱུད་ཚང་མར་གུས་ཞབས་བྱེད་མཁན་གྱི་མི་ཡིན། ལྷག་པ་དུ་དཔལ་ཇོ་ནང་པ་ཚོར་དགའ་ཞེན་ཡོད་པའི་མི་ཞིག་ཡིན་ཁུལ་ཡིན། ཁྱེད་གསན་འཇོག་མ་ནོར་བ་གནང་རོགས།

    ངས་རྡོག་རྡོག་འདི། བཙན་བྱོལ་ནང་ལས། བོད་ནང་ལ་ཇོ་ནང་ཆོས་རྒྱུད་སྒེར་བཙན་པ་ཞིག་གི་ཐོབ་ཐང་རྩོད་ན་ལེགས། རྒྱ་ནག་སྲིད་གཞུང་གིས་ཇོ་ནང་ཆོས་རྒྱུད་སྒེར་བཙན་པ་ཞིག་ལ་ཁས་ལེན་ན། བཙན་བྱོལ་ནང་ནས་ཞར་ལ་ལེན་འགྲོ་བ་རེད་ཟེར། བཙན་བྱོལ་དེ་གནས་སྐབས་རེད།

    དཔེར་ན་ཇོ་ནང་གི་གྲྭ་དམངས་གཙོ་བོ་དེ་མཚོ་སྔོན་ལ་ཡོད། ཕྱི་ནང་ཇོ་ནང་གི་བཙུན་པ་ཚོས། མཚོ་སྔོན་མི་དམངས་ཚོགས་ཆེན་དང་སྲིད་གཞུང་ལ་སྙན་ཞུ་འབུལ་ནས། ཇོ་ནང་འདི་ཆོས་རྒྱུད་གཞན་པ་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཟེར་ན། དེ་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་སྲིད། དེ་ལྟར་བྱུང་ན། བཙན་བྱོལ་བོད་མིའི་སྤྱི་འཐུས་སྨྱོན་པ་དེ་ཚོ་ཁའི་ནང་ལ་རྡོ་རྗེ་བརྫང་པ་ལྟ་བུ་ཡིན། དེ་བཞིན་ཁྱེད་ཅག་གིས་བཙན་བྱོལ་སྤྱི་འཐུས་ལ་ཇོ་ནང་གི་ཐོབ་ཐང་རྩོད་དུས། ངེས་པར་འདུ་འདི་གསུངས་དགོས། གལ་ཏེ་བོད་མིའི་སྤྱི་འཐུས་ཀྱིས་ཇོ་ནང་མི་དམངས་ཀྱི་འདུན་པ་ཁས་ལེན་མ་བྱས་ན། ང་ཚོ་པེ་ཅིང་ལ་ཞུ་གཏུགས་རྒྱག་པར་འགྲོ་རྒྱུ་ཡིན་ཞེས་ཁ་ཞེ་གཉིས་མེད་ཀྱིས་གསུངས་དགོས། རྒྱ་ནག་གཞུང་གིས་སྙན་ཞུ་དེ་འདྲར་ཁ་ཡ་གཏན་གཏན་གནང་གི་རེད། གོང་ས་མཆོག་གིས་ཇོ་ནང་ཆོས་རྒྱུད་ཁག་ཁག་ཡིན་པ་ཞལ་བཞེས་སོང་། བཀའ་ཤག་གཞུང་གིས་ཀྱང་སྤྱི་འཐུས་ནས་ཐག་བཅད་ན་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་། ད་ལྟ་ཁར་ས་འདི་ས་སྐྱའི་སྤྱི་འཐུས་དང་། མདོ་སྟོད་ཀྱི་སྤྱི་འཐུས་དེ་དག་ཡིན། རྒྱུ་མཚན་ནི་ཁམས་པ་ཚོའི་ཁོག་རྩིས་ལ། ཇོ་ནང་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོབ་ན། དེ་དག་ཨ་མདོ་བ་ཚོའི་མི་རེད། ཁམས་པའི་ཁ་གཏད་རེད་ཅེས་ཤོད་བཞིན་པ་རེད། དབུས་གཙང་དང་ཨ་མདོ་བ་ཚོས་རྒྱབ་སྐྱོར་བྱེད་བཞིན་པ་རེད། འཁར་ས་དེ་མདོ་སྨད་སྤྱི་འཐུས་དང་ས་སྐྱའི་སྤྱི་འཐུས། དེ་བཞིན་སྙིང་མ་དང་བཀའ་བརྒྱུད་ནང་གི་ཁམས་པའི་མི་སྣ་དེ་ཚོ་རེད།

    ཐོགས་ས་དེ་མ་ཤེས་ན་གྲོལ་སྟངས་ཤེས་ཀྱི་མ་རེད།

  6. ཀརྡོ་རབ་འབྱམས་པ་ says:
    2017-12-01 at 9:25 pm

    ་་་་་་་་་་་་་་་་ དེ་བཞིན་ཁྱེད་ཅག་གིས་བཙན་བྱོལ་སྤྱི་འཐུས་ལ་ཇོ་ནང་གི་ཐོབ་ཐང་རྩོད་དུས། ངེས་པར་འདུ་འདི་གསུངས་དགོས། གལ་ཏེ་བོད་མིའི་སྤྱི་འཐུས་ཀྱིས་ཇོ་ནང་མི་དམངས་ཀྱི་འདུན་པ་ཁས་ལེན་མ་བྱས་ན། ང་ཚོ་པེ་ཅིང་ལ་ཞུ་གཏུགས་རྒྱག་པར་འགྲོ་རྒྱུ་ཡིན་ཞེས་ཁ་ཞེ་གཉིས་མེད་ཀྱིས་གསུངས་དགོས། ་་་་་་་ ཟེར།

  7. ཀརྡོ་རབ་འབྱམས་པ་ says:
    2017-12-01 at 9:30 pm

    དཔལ་ཇོ་ནང་པའི་སྤྱི་འཐུས་དགོས་པ་ཙམ་མ་ཟད། ད་ལྟ་མ་རྩོད་པ་མ་གཏོགས་བརྩད་ན། བོད་རིགས་ཁ་ཆེའི་སྤྱི་འཐུས་དང་། བོད་རིགས་ཡི་ཤུའི་སྤྱི་འཐུས་སོགས་ཀྱི་ས་དམིགས་ངེས་པར་སྤྲོད་ཆོག་ཆོག་དགོས་རེད་དོ།།

  8. ཨ་བཙན་པོ། says:
    2017-12-02 at 8:06 am

    བསམ་ཤེས་ལགས། ཁྱེད་ཀྱིས་བསམ་ཚུལ་གསུང་བར་དགའ་བསུ་ཞུ། འོན་ཀྱང་ཁྱེད་ཀྱིས་གཞིས་ལུས་ཇོ་ནང་པའི་གནས་སྟངས་ཤེས་མི་འདུག གཞིས་ལུས་ཇོ་ནང་ཆོས་བརྒྱུད་ལ་༸པཎ་ཆེན་སྐུ་གོང་མའི་བཀའ་དྲིན་གྱིས་ད་སྐབས་ཆོས་བརྒྱུད་གཞན་དག་ལ་གང་ཡོད་པ་དེ་ཇོ་ནང་པར་གཅིག་མཚུངས་སུ་ཐོབ་ཡོད་པ་ལས་གཞན་དག་ལ་ཐོབ་ཐང་ཆེན་པོ་ཞིག་དང་། ཇོ་ནང་པར་ཐོབ་ཐང་མེད་པ་དེ་འདྲ་གཅིག་ཀྱང་མེད་ཅེས་ཞུ་ཆོག རྩ་བའི་རྒྱ་གཞུང་གི་འོག་ལ་ཆོས་བརྒྱུད་ཚོར་དམིགས་བསལ་ཐོབ་ཐང་ཞེས་པ་ཆེན་པོ་ཞིག་མེད་ཀྱང་། གཅིག་ཡོད་པ་དེ་པེ་ཅང་ནང་བསྟན་སློབ་གླིང་རེད། དེར་ཇོ་ནང་པར་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད། དེ་བཞིན་དུ་གཞུང་འབྲེལ་གྱི་ཆོས་ལུགས་ཚོགས་འདུ་དེ་འདྲར་ཆོས་བརྒྱུད་ཆེན་པོ་དྲུག་ཞེས་པའི་ཐ་སྙད་འདི་རང་བེད་སྤྱོད་བྱེད་བཞིན་ཡོད་ལ། ཚོགས་སྡེ་ཁག་གིས་ཀྱང་དེ་ལྟར་གཅིག་མཚུངས་ཀྱིས་བེད་སྤྱོད་བྱེད་བཞིན་འདུག རྒྱ་གཞུང་གི་འོག་ནས་ད་སྐབས་བོད་སྤྱི་བར་རང་དབང་མེད་པ་གཅིག་མཚུངས་ཡིན་པ་ལས། ཇོ་ནང་གཅིག་པུས་རྒྱ་གཞུང་གི་འོག་ན་ཐོབ་ཐང་རྩོད་དགོས་པ་གཅིག་ཀྱང་ལྷག་མེད་ཅེས་གསལ་བོ་ཞུ་རྒྱུ་ཡིན།

  9. གཙང་རིགས། says:
    2017-12-14 at 12:20 am

    བསམ་ཤེས་ལགས་ཀྱིས་དགོངས་ཚུལ་དེ་གནས་སྟངས་མ་མཁྱེན་པའི་དགོངས་ཚུལ་ཞིག་རེད། ཡ་ཡ་གང་ལྟར་ཐུགས་ཁུར་གནང་བ་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme