Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐག་ཉེ་ནས་ཐག་ཉེར་བཏང་བའི་འཕྲིན།

Posted on 2017-11-262017-11-26 By ཁ་བརྡ 5 Comments on ཐག་ཉེ་ནས་ཐག་ཉེར་བཏང་བའི་འཕྲིན།

གསལ་ལེ་རྒྱལ།
 
སྐྱོན་ཆ་ལ་མཛུབ་མོ་བཙུག་པ་དེས་ཁྱོད་ཀྱི་སེམས་ཤུགས་མ་ཆགས། ཁྱོད་ལ་སྐྱོན་ཡོད་པ་བདེན་ནའང་ནོར་འཁྲུལ་གཅིག་གིས་ཁྱོད་ཀྱི་ཡོན་ཏན་དང་བྱས་རྗེས་ཚང་མ་གསུབ་མི་ཐུབ། ཡིན་ནའང་ནོར་འཁྲུལ་གཅིག་ཐེངས་གཉིས་ལ་ཤོར་ཚེ་དེས་མི་མང་གི་ཡིད་ཆེས་བརླག་པའི་ཉེན་ཁ་ཡོད། མི་མང་གི་ཡིད་ཆེས་ནི་རང་ཉིད་སྐྱོབ་བྱེད་ཀྱི་མདའ་གྲི་མདུང་གསུམ་ཡིན།

ཕན་ཚུན་ཀྱི་སྐྱོན་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཀྱང་བྱས་རྗེས་དང་ཡོན་ཏན་ལའང་གུས་བཀུར་དང་ཆེ་མཐོང་སྤྲོད་ཀྱིན་ཡོད། དེ་ནི་ང་ལ་གཞན་བཀུར་གྱི་བསམ་བློ་དང་རང་བཀུར་གྱི་འདུ་ཤེས་ཡོད་པས་ཡིན། དེ་བས་ངས་ཀ་བ་གླིང་ནས་ཀི་འདེབས་ཀྱིན་མེད་ལ་ཁ་བ་གླིང་ནས་ཧེའང་འདེབས་ཀྱིན་མེད།

དྲིལ་བསྒྲགས་པར་ཁ་གཉིས་ཡོད་པ་དེ་སྐྱོན་དུ་མཐོང་བ་བདེན་ན་གསང་ཉུལ་བར་རྣ་གསུམ་ཡོད་པ་དེའང་སྐྱོན་དུ་མི་མཐོང་ངམ། ཧེ་ཧེ། ད་མང་བོ་མི་བཤད། གང་ལྟར་ནོར་འཁྲུལ་གཅིག་ཐེངས་གཉིས་ལ་མི་འཆོར་བའི་རེ་བ་ཡོད། ནོར་འཁྲུལ་གཅིག་ཐེངས་གཉིས་ལ་ཤོར་ཚེ་ངས་ཁྱོད་ལ་བསམ་བློ་གཏོང་མི་ཐུབ་པ་མ་ཟད་ངས་ང་ལའང་གུས་བཀུར་བྱེད་མི་ཐུབ།

ཤར་ཁུག་མིན་པའི་ཤར་མིང་འཛིན་པ་ངས།།
ཤ་ཚའི་གཏམ་འདི་རྒྱལ་ས་རྡ་ས་ནས།།
ཤུགས་ཀྱིས་བསྒྲགས་ན་དོན་གྱི་བླུན་པོ་དག།
ཧོལ་གྱིས་འདྲོག་པར་དོགས་ནས་ཡུན་གྱིས་བྲིས།།

༢༤/༡༡/༢༠༡༧ ལ།

བསམ་ཚུལ།

Post navigation

Previous Post: ངདང་ངའི་གྲོགས་པོ།
Next Post: ཤ་མེད་ཟ་མའི་སྐོར་གླེང་བ།

Comments (5) on “ཐག་ཉེ་ནས་ཐག་ཉེར་བཏང་བའི་འཕྲིན།”

  1. སྒང་པ། says:
    2017-11-26 at 7:48 am

    ཡག་པོ་བྲིས་འདུག

  2. ཀརྡོ་རབ་འབྱམས་པ་ says:
    2017-11-27 at 12:35 am

    འབྲི་སྟངས་གསར་གཏོད་ཅིག
    ་
    ཤར་ཁུག་དང་ནི་གསལ་ལེ་རྒྱལ་པའོ་བར། །
    ཤ་ཚའི་གཏམ་ཞིག་བཞུགས་སྒར་དྷ་ས་དང་། །
    ཡུལ་ལུང་ཀུན་དང་ཁྱད་པར་ཁ་བརྡ་རུ། །
    ལན་ཅིག་བྲིས་ངས་ཀྱང་མཐོང་བགྱིན་འདུག
    ་
    ཐེངས་གཅིག་ལ། ལན་གཅིག
    རྡ་ས་ལ། དྷ་ས།
    མཐོང་གྱིན་ལ། མཐོང་བགྱིན།
    བྲིས་ན་མི་འགྲིགས་པ་ཅི་འདུག ལགས། གསུང་དང་།

  3. ཀརྡོ་རབ་འབྱམས་པ་ says:
    2017-11-27 at 12:36 am

    གསལ་ལེ་རྒྱལ་པའོ་བར། །
    འདི།
    གསལ་ལེ་རྒྱལ་པོའི་བར། །

  4. འཇམ་དཔལ་ཚུལ་ཁྲིམས། says:
    2017-11-28 at 10:50 am

    ཤར་ཤར་གཉིས་ཀྱི་འགལ་ཟླ་འདི། །
    གསལ་ལེ་རྒྱལ་ལ་གསལ་ཁ་འདུག །
    ཐར་ཉེར་བཏང་བའི་འཕྲིན་པ་དེ། །
    ཐག་རིང་གན་ནས་བཀླགས་པ་མཚར།།

  5. ཨ་འབར་འཇིགས་དབང། says:
    2017-12-24 at 1:02 pm

    ༄༅། ངོ་ཚ་གཏན་ནས་མེད་ཅིང། ངོ་རྒོལ་འཕྲེད་དར་འཕྱར་བ།
    བཟང་པོའི་སྤྱོད་པ་བྲལ་ཞིང། ཡོན་ཏན་སྤུ་ཙམ་མི་འདུག་།
    ཤིང་ཏོག་ཟ་འདོད་མིན་པར། ཡལ་ག་བཅག་འདོད་རེད་འདུག།
    བཤད་དང་མ་བཤད་མི་འདུག། ག་ལེར་བཞུགས་རོགས་གནང་དང།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme