Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀོང་པོའི་ལོ་གསར་སྲུང་གཙི་བྱས།

Posted on 2017-11-19 By ཁ་བརྡ 3 Comments on ཀོང་པོའི་ལོ་གསར་སྲུང་གཙི་བྱས།

དོན་འགྲུབ་བཀྲ་ཤིས།
 
དེ་རིང་ཀོང་པོའི་ལོ་གསར་ཚེས་གཅིག་ཡིན་པས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཀོང་པོ་མི་མང་གིས་ལོ་གསར་སྲུང་རྩི་བྱེད་བཞིན་ཡོད་འདུག

དེ་རིང་ཞོགས་པར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་གྲོང་སྡེ་གསུམ་པའི་ནང་ཀོང་པོའི་ལོ་གསར་སྲུང་གཙི་བྱས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སྨིག་ཚང་སྤྲུལ་སྐུ་རིན་པོ་ཆེ་དབུ་བཞུགས་ཐོག ད་ལོར་སྦེལ་ཀོབ་གསར་རྙིང་གཉིས་དང་ཧོང་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་སོགས་ནས་ཀོང་པོའི་མི་མང་འཛོམས་འདུག

དེ་རིང་ཉིན་གོང་རྒྱབ་ནས་སྐྱེས་པ་རྣམས་ཀྱིས་མདའ་འཕེན་པ་དང་མཆོད་ཆང་འདེགས་པ། གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་བྱེད་སྒོའི་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་པ་ཕུད། བུད་མེད་རྣམས་མཉམ་འཛོམས་ཀྱིས་རྩེ་དགར་རོལ་གྱི་ཡོད་པ་དང་། ལོ་ལྟར་ཀོང་པོ་ཚོས་སོ་སོོོོོོོོོའི་གཞིས་ཆགས་ནང་ཀོང་པོའི་ལོ་གསར་སྲུང་གཙི་གནང་གི་ཡོད་པ་རེད།

བོད་ཁུལ་གཞན་དང་འདྲ་བར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ཀོང་པོས་ལོ་གསར་གཏོང་གི་ཡོད་མོད། འོན་ཀྱང་ལོ་རྒྱུས་ཀྱི་བཤད་རྒྱུན་དུ། ཕྱི་ལོའི་དུས་རབས་བདུན་པའི་ནང་ཉིང་ཁྲིར་བྱང་ཕྱོགས་ཧོར་པས་བཙན་འཛུལ་བྱས་པའི་ལོ་དེའི་སྟོན་མཇུག་ཏུ། ཀོང་པོའི་དཔོན་ཨ་སྐྱིད་རྒྱལ་པོས་ཀོང་པོའི་སྐྱེས་པ་རྣམས་ཁྲིད་དེ་དམག་ལ་ཆས་པ་དང་། སྐབས་དེར་ལོ་གསར་བསླེབ་པར་དུས་ཡུན་རིང་པོ་མེད་པས་མི་རྣམས་ཁྱིམ་དང་བྲལ་འདོད་མེད་པར་བརྟེན། ཨ་སྐྱིད་རྒྱལ་པོས་དམག་ནི་མ་བརྒྱབ་དཀའ་མེད་རེད། ལོ་གསར་ནི་མི་གཏོང་ཐབས་མེད་ཡིན། ལོ་གསར་མ་བཏང་ཚེ་དམག་རྒྱག་རྒྱུའི་བསམ་བློ་མེད་པས་ཀོང་པོའི་ལོ་གསར་ཟླ་བཅུ་པའི་ཚེས་གཅིག་ཉིན་གཏོང་རྒྱུ་ངས་གཏན་འཁེལ་བྱ་རྒྱུ་ཡིན། ང་ཚོས་བཟའ་བཏུང་ཡིད་ཚིམ་པ་ཞིག་བྱས་ཏེ་དམག་རྒྱག་པར་བསྐྱོད་ཆོག་ཅེས་ཐག་བཅད་དེ། ལོ་གསར་བཏང་ནས་དམག་ལ་ཆས་པ་དང་། མཐའ་མའི་རྒྱལ་ཁའང་ཐོབ། དེ་ནས་བཟུང་ཀོང་པོའི་མི་མང་གིས་ལོ་རེའི་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་གསར་གཏོང་བའི་ལུགས་སྲོལ་འདི་རྒྱུན་མ་ཆད་པར་གནས་ཡོད་པ་རེད།
ཀོང་པོའི་ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་ཀོང་པོ་བ་ཚོས་བྱ་སྐད་དང་པོ་དང་འགྲོགས་ནས་མལ་ལས་ལངས་ཏེ་ཆུ་ཕུད་ལེན་པ་དང་། གྲོང་མི་རྣམས་མཉམ་འཛོམས་ཀྱིས་ཡུལ་ལྷ་གསོལ་བ་དང་རིམ་བཞིན་གཞས་དང་ཆང་སོགས་དགའ་སྟོན་ལ་རོལ་བ་རེད། དེ་ནས་ཚེས་གཉིས་དང་གསུམ་སོགས་རིམ་བཞིན་གྲོང་པ་ཁྱིམ་མཚེས་དང་ཕ་མ་སྤུན་མཆེད་སོགས་ཕན་ཚུན་བར་འགྲོ་འོང་བྱས་ནས་བཟའ་བཏུང་གི་ལོངས་སྤྱོད་ལ་རོལ་བ་ཡིན་པ་རེད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ནས།

གསར་འགྱུར།

Post navigation

Previous Post:  འཇགས་ཐབས་མེད་པའི་ན་ཟུག
Next Post: གནས་དབྱུང་གཏོང་དགོས་པའི་མི་དེ་བློ་སེང་ཡིན་ནམ་སྤེན་ཚེ་ཡིན།

Comments (3) on “ཀོང་པོའི་ལོ་གསར་སྲུང་གཙི་བྱས།”

  1. ཀརྡོ་རབ་འབྱམས་པ་ says:
    2017-11-22 at 9:19 am

    ་་་་་་་་་་ དེ་རིང་ཉིན་གོང་རྒྱབ་ནས་སྐྱེས་པ་རྣམས་ཀྱིས་མདའ་འཕེན་པ་དང་མཆོད་ཆང་འདེགས་པ། གླུ་གཞས་གཏོང་བ། ཁ་བཏགས་སྒྲོན་པ་སོགས་བྱེད་སྒོའི་ཞབས་ཞུའི་ལས་ཀ་བྱེད་ཀྱི་ཡོད་པ་ཕུད། བུད་མེད་རྣམས་མཉམ་འཛོམས་ཀྱིས་རྩེ་དགར་རོལ་གྱི་ཡོད་པ་དང་། ལོ་ལྟར་ཀོང་པོ་ཚོས་སོ་སོོོོོོོོོའི་གཞིས་ཆགས་ནང་ཀོང་པོའི་ལོ་གསར་སྲུང་གཙི་གནང་གི་ཡོད་པ་རེད། ་་་་་་་་་་
    ་
    ཉིན་གོང་རྒྱབ་ནས་་་་་་
    འདི།
    ཉིན་གུང་ངམ། ཉིན་དགུང་རྒྱབ་ནས་
    ལ་བཅོས་དགོས།

  2. ཨོ་རྡོ། says:
    2017-11-25 at 5:53 pm

    ཀོང་པོ་བ་ཚོས་ལོ་ལྟར་མཐུན་མོང་མ་ཡིན་པའི་ལོ་གསར་སྲུང་བརྩི་ཞུ་གསོལ་ཡོད་ཀྱང་ཀོང་པོ་བ་ནང་ཁུལ་མཐུན་ལམ་ཧ་ཅང་སྐྱོ་པོ་ཡོད། རྒྱུ་མཚན་ནི་ཀོང་པོ་བའི་མི་ཕལ་ཆེ་བ་ཁམས་པའི་མི་རིགས་འདྲེས་ནས་ཡོད་པ་ལས་ཀོར་པོའི་མི་རིགས་གཙང་མ་ཞིག་ཧ་ཅང་དཀོན་པོ་ཡིན་པ་དང་གཅིག བོད་ནང་ཆོས་ལུགས་ཀྱིས་འཐེན་འཁྱེར་ཡོད་སྐོར་གོ་རྒྱུ་མེད་ཀྱང་རྒྱ་གར་ནང་སྐབས་ཤིག་ཆོས་ལུགས་ཀྱི་འཐེན་འཁྱེར་ཕྲན་བུ་ཐེབས་ཡོད་པ་དང་གཉིས། དེའི་རྗེས་མདོ་སྟོད་དང་དབུ་གཙང་ཁོངས་གང་དུ་གཏོགས་ཀྱི་ཡོད་མེད་སྐོར་མི་མཐུན་པའི་ལབ་གླེང་མང་པོ་བྱུང་ཡོད་པ་དང་གསུམ་ཡིན། ད་ལྟའང་ན་ཚ་དེ་ཤུགས་ཆེན་པོ་གནས་ཡོད། མདོ་སྟོད་དབུས་གཙང་གི་རྩོད་སྙོགས་འདིའི་བྱེད་ལྟེ་གཙོ་བོ་ཁག་ནི་དྲི་མེ་གོང་ཁྱིམ་ཚང་། སྦེལ་ཀོབ་ཉིང་ཁྲི་བ། བདེ་སྐྱིད་གླིང་གི་སྤྱི་ཟུར་ཀོང་པོ་བ། གཞན་ཀོང་པོ་བ་སྤྱི་ཟུར་ཞིག་ཀྱང་ཡོད།
    སྟབས་ལེགས་པ་ཞིག་ལ་བོད་ནང་གི་ཀོང་པོ་བའི་དབར་ལ་དེ་ལྟ་བུའི་སྙོགས་གློང་ཡོད་པ་གོ་ཐོས་མ་བྱུང་། ཡིན་ནའང་བོད་ཀྱི་ཕྱི་ན་གནས་པའི་ཡུལ་གྱར་དུ་ཡོད་པ། དཔེར་ན། རྒྱ་གར། ཨ་རི། ཁེ་ན་ཊ། སུད་སི་ལགས་སོགས་པའི་ནང་ལོ་གསར་གཏོང་སྲོལ་རྒྱུན་ལྡན་ཞིག་ཆགས་ནས་ཡོད་པ་དེ་དགའ་བསུ་ཞུ་འོས་པ་ཞིག་རེད། དེ་དག་གཅིག་སྒྲིལ་ནི་ཡོང་ཐབས་ཤིན་ཏུ་དཀའ་བ་ཡིན། མ་འོངས་པར་མི་ཐོག་རྗེས་མ་ཚོའི་དབར་ལ་གཅིག་སྒྲིལ་ཞིག་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-25 at 8:38 pm

    ཀོང་པོའི་ལོ་གསར་དབུས་པའི་ལོ་གསར་གཙང་པའི་ལོ་གསར་ཁམམས་པའི་ལོ་གསར་ཨ་མདོའི་ལོ་གསར་འབྲོག་པའི་ལོ་གསར་མངའ་རིས་ལོ་གསར་ཧོར་གྱི་ལོ་གསར་གླིང་གི་ལོ་གསར་ཡི་ཤུའི་ལོ་གསར་ཧིན་འདུའི་ལོ་གསར་ནང་པའི་ལོ་གསར་ཁ་ཆེའི་ལོ་གསར་འགྲོ་བ་སེམས་ཅན་ཐམས་བཅས་ཀྱི་ལོ་གསར་ལ་བཀྲིས་བདེ་ལེགས་ཞུ་ཐུགས་རྗེ་ཆེ་བཀྲིན་ཆེ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme