Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 འཇགས་ཐབས་མེད་པའི་ན་ཟུག

Posted on 2017-11-19 By ཁ་བརྡ No Comments on  འཇགས་ཐབས་མེད་པའི་ན་ཟུག

འོད་ཟེར།
 
ས་གཞི་ཡོངས་རྫོགས་སྨག་རུམ་གྱིས་བཙོན་དུ་བཟུང་བའི་དོ་ནུབ། ཕྱི་རོལ་དུ་མི་སྐད་ཕར་ཞོག། ཁྱི་སྐད་ཀྱང་ཐོས་རྒྱུ་མེད་པའི་ཧ་ཅང་ལྷིང་འཇགས་དང་སྟོང་འཇགས་སེ་འདུག། སྐར་ཁུང་བརྒྱུད་ནས་ལྟ་དུས། བསིལ་བསིལ་ཟླ་བ་ནི་དངུལ་དཀར་གྱི་སྡེར་མ་ཞིག་དང་འདྲ་ལ་རྒྱུ་སྐར་ཚོགས་རྣམས་མུ་ཏིག་ཁྲི་འབུམ་རྒྱ་མཚོ་ནང་དུ་གཏོར་བ་བཞིན་མཁའ་དབྱིངས་སུ་རང་རང་གི་མཛེས་སྡུག་ངོམ་བཞིན་འདུག།  ངའི་བུ་གཉིས་དང་ཆུང་མ་སྔར་ནས་མལ་ཟིན་པས་ཁང་བ་ཆུང་ཆུང་དེ་ཡང་ཕྱིར་རོལ་གྱི་འཁོར་ཡུག་དེ་བཞིན་ལྷོད་ཅིང་འཇམ་ཅག་གེར་གནས།  འོན་ཀྱང། ང་ད་རུང་གཉིད་མེད། ངའི་ཡ་ཆུང་སེམས་ཁོངས་སུ་ཡང་ཡང་འཁོར་བ་དང་ཁྲ་ཆུང་མིག་མདུན་ཡང་ཡང་རྒྱུ་བ་ནི་གྲོགས་གཅེས་བཀྲ་ཤིས་ནག་རིལ་དང་ཁོའི་སྐད་ཆ་རེད།

སློབ་ཐར་ཕྱིན་རྗེས་ཁོ་ཕྱི་རྒྱལ་ལ་ཕྱིན་རྗེས་ད་བར་དུ་མི་ལོ་སུམ་ཅུ་ཙམ་འདས་ཟིན་ལ་དེ་ནས་བཟུང་འབྲེལ་ཐག་ཆད་པ་བཞིན་གླེང་མོལ་གང་ཡང་བྱ་ཐུབ་མ་བྱུང། ཉེ་ཆར་སློབ་གྲོགས་རྙིང་བ་ཞིག་གི་བརྒྱུད་ནས་བཀྲ་ཤིས་ནག་རིལ་གྱི་སྐད་འཕྲིན་གྱི་ཁ་བྱང་རག་བྱུང་བས་ཁུ་བྱུག་གིས་གནམ་ཆུ་རག་པ་དང་རྨ་བྱས་དབྱར་རྔ་ཐོས་པ་བཞིན་ཡིད་ལ་དགའ་སྤྲོ་རབ་ཏུ་བརྟས།  ཁ་སང་ཉིན་གང་བོར་ང་གཉིས་སྐད་འཕྲིན་ནང་དུ་གླེང་མོལ་བྱས་པ་ཡིན།  བསམ་ཡུལ་འདས་པ་ཞིག་ལ་ཁོ་ད་དུང་ཁྱེར་རྐྱང་རེད་འདུག། ཁོས་{ངོ་མ། མི་རྐྱང་རྟ་རྐྱང་ལས་སྐྱིད་པ་ཞིག་མི་ཡུལ་དེར་ག་ལ་ཡོད། གྲོགས་པོ་རང་གཟབ་གཟབ་བྱོས་མ་གཏོགས་ནམ་ཞིག་གི་ཚེ་ཨ་ཅེ་ལྦ་མོ་དེ་ཡིས་བཟའ་ཡོང་}ཅེས་བཤད་བྱུང།   དུས་བཞི་དྲོ་གྲང་གི་འགྱུར་བག་རྒོད་ཅིང་ལོ་ཟླའི་འཕེལ་གྲིབ་ཀྱི་གནམ་ས་གཡོ་ན་ཡང། ངོ་མ་གྲོགས་གཅེས་ཁོ་ད་དུང་འགྱུར་མི་འདུག།  བཀའ་མོལ་གནང་སྟངས་དང་ཐ་ན་བཞད་མོ་བཞད་སྐབས་སྐད་ཤུགས་འབྲུག་སྒྲ་ལྡིར་ལྡིར་དེ་ཡང་སྔར་བཞིན་གནས་འདུག། མཚམས་འདི་ནས་ངའི་དྲན་ཤེས་ཀྱི་ཡོལ་བའི་ངོས་སུ་ང་གཉིས་ཀྱི་མཛེས་སྡུག་ལྡན་ལ་བརྗེད་པར་དཀའ་བའི་འདས་ཟིན་པའི་སློབ་འབྲིང་དང་མཐོ་སློབ་ཀྱི་མི་ཚེ་དེ་དག་ད་སོ་མ་བལྟས་པའི་གློག་བརྙན་ཇི་བཞིན་འཆར་ཡོང་གི་འདུག།  དགོས་དབང་གིས་ཟུར་ཅིག་བཀོད་འདོད་པས་ཀློག་པོ་རྣམས་ཀྱི་རྣ་བ་གཏད་ནས་གསན་པར་ཞུ།

ངས་དཔེ་ཁུག་ཆུང་ཆུང་གི་ལྗིད་ཤུགས་སྟེགས་ཏེ་གོམ་པའི་འདེགས་འཇོག་སློབ་གྲ་རུ་བསྒྱུར་བའི་ཉིན་དེ་ནས་ཆེས་ཐོག་མར་ངོ་ཤེས་པ་ནི་བཀྲ་ཤིས་ནག་རིལ་རེད། ང་གཉིས་སྔོན་འགྲོའི་སློབ་ཆུང་ནས་ལྷན་དུ་ལང་འཚོ་གཉོམ་ལག་རྒྱས་པ་ཞིག་ཡིན་པས་གནམ་འོག་འདི་ཐོག་ངས་རྒྱུས་མངའ་ཆེ་ཤོས་ནི་ཁོ་ཡིན་ལ་ཁོས་རྒྱུས་མངའ་ཆེ་ཤོས་ཡང་ང་ཡིན་ངེས། ངེད་གཉིས་ལུས་དང་གྲིབ་མ་བཞིན་ཆུང་དུས་ནས་ལྡུམ་རྭ་གཅིག་གི་མེ་ཏོག་བཞིན་འཚར་ཡོང་བས་སློབ་གྲོགས་རྣམས་ཀྱིས་ངེད་གཉིས་གཅེན་གཅུང་ཡིན་པའི་ཡིད་གཉིས་ཐེ་ཚམ་ཡང་བྱས་མྱོང། དོན་དུ་ང་གཉིས་ཕན་ཚུན་ལ་བཅངས་པའི་བརྩེ་སེམས་ནི་སྤུན་མཆེད་ལས་ལྷག།   ངའི་བློ་ངོར་བཀྲ་ཤིས་ནི་སྤྱང་གྲུང་འཛོམསའི་སློབ་མ་ཞིག་དང་ཡ་རབས་ཚུལ་ལྡན་གྱི་མོག་དཔེར་འོས་པ་ཞིག་ཀྱང་རེད། ངོ་གདོང་ནག་པས་ང་དང་ངའི་སློབ་གྲོགས་ཚོས་ཁོ་ལ་བཀྲ་ཤིས་ནག་རིལ་ཡང་འབོད་པའི་རྒྱུ་མཚན་དེ་ཡིན།  ཚེས་གསུམ་ཟླ་བ་ལྟ་བུའི་དཔྲལ་བ་དང་རྒོད་ཀྱི་གཤོག་ཟུང་བརྐྱངས་འདྲའི་སྨིན་མའི་འོག་ཏུ་ཁྲ་ཆུང་མིག་ཟུང་དྭངས་ཤིང་གཙང་ལ་རྣམ་རིག་ཤིན་ཏུ་གྲུང། གཟེངས་མཐོ་
སྣ་བའི་འོག་གི་ཁ་ནི་ཆེ་ཆུང་རན་ལ་དམར་མདངས་ཆགས་པ་ཞིག་ཡོད། འོན་ཀྱང། ཤིན་ཏུ་མི་སྡུག་པའི་ཆ་ཤས་ཤིག་ཡོད་པ་ནི་ནག་ཅིང་གྲལ་མི་སྒྲིག་པའི་མདུན་སོ་དེ་གཉིས་རེད། དུས་རྒྱུན་གད་མོ་རེ་ཤོར་དུས་ནག་ཅིང་གྲལ་མི་སྒྲིག་པའི་མདུན་སོ་དེ་གཉིས་མངོན་ཡོང། སྤྱིར་ཁོ་རང་ཉིན་མཚན་ཐུན་དྲུག་ཏུ་སློབ་ལ་ཧུར་བརྩོན་གནང་མཁན་ཞིག་མིན་ཡང་དཔྱིད་ཀྱི་ལྗང་སྨྱུག་ལྟ་བུའི་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་པས། ཟླ་རྒྱུགས་དང་ལོ་འཁོར་ཡིག་རྒྱུགས་ཀྱི་སྦྱང་འབྲས་ཀུན་ལས་རྣམ་པར་རྒྱལ། དེར་བརྟེན་དགེ་བའི་བཤེས་གཉེན་
ཚོས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡུལ་དང་སློབ་གྲོགས་ཚོས་ཡིད་སྨོན་གྱི་འགྲམ་ཆུ་ལྡང་ས་ཞིག་རེད། ངོ་མ་སློབ་ཆུང་འཚོ་བ་ནི་ཅི་འདྲའི་སྤྲོ་སྐྱིད་ལྡན་པ་རེད་ཡ། གྲང་ལྟོགས་ཀྱི་དཀའ་ངལ་མེད་ཚེ་ཉིན་གང་བོར་རྩེད་འཇོའི་བདེ་བ་རོལ་བཞིན་འཛུམ་མདངས་དེ་ཅི་འདྲའི་ལྷད་མེད་རྣམ་དག་ཅིག་རེད་ཡ།

ཆུ་བོ་ཐུར་དུ་འབབ་པ་བཞིན་དུས་ཚོད་ཀྱི་འགྲོས་ཤིན་ཏུ་མྱུར་བས་དཀའ་སྡུག་གང་མང་གི་འགག་ཕྲེང་བརྒྱུད་ནས་སློབ་འབྲིང་དུ་སླེབས། སློབ་འབྲིང་གི་ལོ་རིམ་བརྒྱད་པ་ནི་གྲོགས་བཀྲ་ཤིས་ནག་རིལ་གྱི་སེམས་ཁོངས་ཀྱི་བརྩིག་རྡོ་ངོས་ཀྱི་མ་ནི་ཡིག་འབྲུ་བཞིན་ནམ་ཡང་བརྗེད་པར་དཀའ་ལ་དྲན་པར་སླ་བའི་དུས་སྐབས་དེ་རེད་ཟེར་ཡང་ཆོག།  ང་ཚོའི་འཛིན་གྲར་སློབ་མ་ཉི་ཤུ་མ་ཟིན་ཙམ་ཡོད་། སྤྱིར་དེ་ནི་སློབ་མའི་གྲངས་འབོར་མང་བ་ཞིག་མིན། སློབ་ཁང་གི་སྒེའུ་ཁུང་འགྲམ་ལ་ངེད་གཉིས་ཀྱི་ཅོག་རྩེ་དང་དེའི་མདུན་དུ་དབྱངས་ཅན་དང་དཔལ་མོའི་ཅོག་རྩེ་ཡོད་པ་རེད།  ང་ཚོ་ཏོག་ཙམ་ཉེ་བས་དུས་རྒྱུན་བར་གསེང་སྐབས་རྔན་པ་དང་བག་ལེབ་སོགས་ལྷན་ཏུ་བཟས་ཀྱི་ཡོད། ཉིན་ཞག་རེ་རེ་འདི་ལྟར་ཤེས་མེད་ཚོར་མེད་ངང་ནས་འདས་སོང།  ཉིན་རེ་བཞིན་བཀྲ་ཤིས་ནག་རིལ་
དང་དབྱངས་ཅན་གཉིས་གླེང་མོལ་བྱས་པ་དང་རྐུ་རེ་རྩེད་པ་སོགས་ཇེ་མང་ནས་ཇེ་མང་རེད། མཚམས་རེ་རྒན་ལགས་ནད་དགོངས་ཞུས་པ་འམ་སྒེར་དོན་གྱི་ཆེད་དུ་འཛིན་གྲ་ལར་ཕེབས་མ་ཐུབ་ཚེ་བཀྲ་ཤིས་དང་དབྱངས་ཅན་གཉིས་ལ་མཚོན་ན་གླེང་མོལ་གྱི་གོ་སྐབས་བཟང་ཤོས་ཤིག་རེད།  ཡང་མཚམས་རེ་དབྱངས་ཅན་གྱི་བོད་ཡིག་ནང་ལས་ཁོས་བྲིས་རོགས་བྱས་པ་དང། ཁོའི་དབྱིན་ཇི་ནང་ལས་དབྱངས་ཅན་གྱིས་བྲིས་རོགས་བྱས། ཉིན་ཞིག་མཚན་མོ་རང་སྦྱོང་སྐབས་སུ་བཀྲ་ཤིས་ཀྱིས་ཁོ་མོའི་བོད་ཡིག་དེབ་ཀྱི་རྒྱབ་ཏུ་
སྨྱུ་གུ་མཚོན་མདོག་དམར་པོ་ཞིག་གིས།
འོད་མདངས་བཀྲ་བའི་ཁྱེད་ཀྱི་ངོ་གདོང་ལས།།
འཛུམ་མདངས་ཙམ་གྱིས་རྣམ་ཤེས་གསོན་པོ་དྲངས།།
ནམ་མཁའི་ལྷ་མོ་མི་ཡུལ་ཕེབས་པ་བཞིན།།
མཛེས་སྡུག་ལྟ་ན་སྡུག་པ་ཁྱོད་ལས་མེད།།
ཅེས་ཚིག་བཅད་ཤོ་ལོ་ཀ་དེ་བྲིས་ནས་སྤྲད་སོང། ཉིན་དེ་ནས་བཟུང་ངས་དྲན་ཚོད་ལ་བཀྲ་ཤིས་འགྱུར་ལྡོག་ཆེན་པོ་ཕྱིན་སོང།
སྤྱིར་ཁོའི་བོད་ཡིག་གི་ཤེས་ཚད་ལེགས་ཀྱང། སྙན་རྩོམ་དང་ཚིགས་བཅད་སོགས་སློབ་གྲའི་ཚགས་ཤོག་སྟེང་དུ་སྤེལ་བ་ཉུང་ཡང་ལོ་དེ་ཡི་ཟླ་རེར་ཚགས་ཤོག་ནམ་ཡིན་ཡང་བཀྲ་ཤིས་ཀྱི་བྲིས་པའི་སྙན་རྩོམ་(ང་ཁྱེད་ལ་དགའ་བའི་ཉིན་དེ་ནས་བཟུང)  (ངའི་སྙིང་ཉེ་བའི་མི་)   ( སེམས་སོང་མ་)   ཡང་ (གལ་ཏེ་ཁྱོད་ང་ལ་དགའ་ན། ) སོགས་གྲོལ་བའི་སྙན་ངག་རབ་དང་རིམ་པ་སྤེལ་བས་དགེ་རྒན་དང་ཚོས་སྙན་རྩོམ་ལེགས་པོ་འཁྱོགས་འདུག་ཅེས་བསྟོད་བསྔགས་བྱས་པ་དང་སློབ་གྲོགས་འགའ་ཞིག་གིས་བདག་མེད་རྣམ་ཤེས་ཟེར་བའི་སྨྱུག་མིང་དེ་སུ་ཡི་ཡིན་མིན་ཤེས་འདོད་ཡོད་པ་འདྲ། དོན་དུ་
ང་ལས་གཞན་སུས་ཀྱང་རྟོགས་མེད། རྒྱུ་མཚན། དུས་རྒྱུན་ཁོས་རྩོམ་ཡིག་སྤེལ་དུས་སྨྱུག་མིང་བདག་མེད་རྣམ་ཤེས་བྲིས་བ་ལས་མིང་ངོ་མ་འབྲི་སྲོལ་མེད།  ལྷག་པར་དུ་དགོང་མོ་སྡོད་ཤག་ཏུ་བསླེབས་རྗེས་དང་ཐོག་ཁོས་ཉིན་དེབ་རྒྱབ་ཤ་ནག་པོ་དེ་སྟོན་ནས་ཉིན་ཐོ་བྲིས་བ་ནི་དགེ་རྒན་གྱིས་བཀོད་སྒྲིག་མ་བྱེད་པའི་ལས་བྱ་དང་ཕ་མའི་ཞལ་གསུངས་ལས་མ་ཐོན་པའི་གོམས་གཤིས་ཤིག་ཏུ་འགྱུར་འདུག།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

མུ་འགོད་་་་་་་་་་་་་་་་་་་་་་་་་་་་

བརྩམས་སྒྲུང་།

Post navigation

Previous Post: ཁ་བའི་སྲས་ཀྱི་སྙན་ངག་<ངས་ཆང་འཐུང་འདོད།>དང་དེའི་བཀླགས་ཐོ། 
Next Post: ཀོང་པོའི་ལོ་གསར་སྲུང་གཙི་བྱས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme