Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་དོན་གཅོད་ལ་འགྱུར་བ་གཏོང་དོན་ཨེ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཨེ།

Posted on 2017-11-142017-11-14 By ཁ་བརྡ་ 33 Comments on ཨ་རིའི་དོན་གཅོད་ལ་འགྱུར་བ་གཏོང་དོན་ཨེ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཨེ།

བསྟན་འཛིན་ཆོས་གྲགས།

ཟླ་བ་འདིའི་ཚེས་བདུན་ཉིན་བཀའ་ཤག་གིས་དོན་གཅོད་གསར་པ་བསྐོ་བཞག་བྱས་པའི་གསལ་བསྒྲགས་དང་། ཚེས་དགུ་ཉིན་སྲིད་ཚབ་ཀྱིས་གསར་འགོད་པ་ཚོའི་མདུན་ལ་ཐོན་ནས་དེའི་སྐོར་གཞུང་འབྲེལ་གྱི་གསལ་བཤད་བྱས་ཡོད། ཞོགས་པ་དེའི་དུས་ཡུན་ཐུང་ངུ་ཙམ་རིང་སྲིད་ཚབ་གནང་མཁན་གཡུ་ཐོག་ཀརྨ་དགེ་ལེགས་ནི་ནམ་རྒྱུན་དང་རྦད་དེ་ཁ་ཁ་རེད། དབུཊ་ཧལ། དབུགས་བརྩེགས། སྐད་ལ་འདར་སྐད་ཞུགས། མཚམས་རེར་གྲོས་ཚོགས་ནང་གི་གྲྭ་པ་རེ་འགའ་ཁོང་ཁྲོའི་དབང་དུ་འགྲོ་འཇོག་པ་ནང་བཞིན་ཁོང་ཁྲོའི་གཏམ་གང་བྱུང་དུ་སྨྲ་བཞིན་གསལ་ཁ་གང་ཡང་མེད་པའི་གསལ་བཤད་དེ་བྱས་སོང་།

འདུ་འཛོམས་དེའི་སྐབས། ཐོག་མར་གསར་འགོད་པ་བློ་བཟང་དབང་རྒྱལ་གྱིས་དྲི་བ་གཉིས་ཡོད་ཅེས་ཞུས་པར། མི་གཅིག་གིས་དྲི་བ་གཅིག་ལས་བཏང་མི་ཆོག་ཅེས་བཤད་སོང་བས། བློ་བཟང་དབང་རྒྱལ་གྱིས་དྲི་བ་གཅིག་ཀྱང་མ་བཏང་བར་ཚོགས་ར་ནས་ཐོན་ཕྱིན་པ་བྱུང་ཡོད། ཉིན་དེར། སྲིད་སྐྱོང་འདར་སོང་། སྲིད་ཚབ་འདར་སོང་། བཀའ་ཤག་ཀྱང་འདར་སོང་བསམ་བསམ་ཞིག་བྱུང་། དེར་བལྟས་ན། ད་རེས་ཀྱི་ཐག་གཅོད་འདིར། སྲིད་སྐྱོང་དང་བཀའ་ཤག་གིས་བཤད་མི་བདེ་བ་ཞིག་དང་གླེང་མི་བདེ་བ་ཞིག་བྱས་ཡོད་པ་གསལ་པོ་རེད། དེ་བཞིན་ཞུ་ལོག་ཕུལ་བའང་བྱུང་ཡོད་སྲིད་པ་རེད།

ད་ཆར། བོད་པའི་སྤྱི་ཚོགས་འདི་ཟང་ཟིང་ལང་ལོང་ཞིག་གི་ཀློང་ན་འགུལ་གྱིན་འདུག འུར་འུར་ཟང་ཟིང་ཞིག་གི་ཁུག་ལ་ལྷེམ་གྱིན་འདུག ཁ་སང་དེ་རིང་གི་འགུལ་སྟངས་ལ་ཉན་ན། “དཀར་པོ་གྱེན་འདེད་”དང་”ནག་པོ་ཐུར་འདེད”་ཅིག་བྱེད་པར་སྟ་གོན་བྱེད་ཅིང་གདའ། “སྐམ་པོ་རྡོས་རྡུང་” དང་ “རློན་པ་གྲིས་གཅོད་”ཀྱི་ཕུ་ཐུང་མང་པོ་ཞིག་བརྫེས་བཞིན་གདའ།

ང་རང་ལ་མཚོན་ན། སྲིད་སྐྱོང་འོས་བསྡུའི་སྐབས་ལ། བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ངས་ཁོ་རང་ལ་ཡིད་ཆེས་དེ་ནི་ཁོས་ཁྲིམས་ལུགས་སྦྱངས་མྱོང་བ་དེ་ཙམ་ཡིན། གཞན་ངས་ཁོང་གི་མི་གཤིས་སོགས་གང་ཡང་མི་ཤེས། ད་ཆ་ངས་ཁོང་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཁོང་གི་སྐྱོན་ཆ་ཐེར་འདོན་གྱི་རྩོམ་ཡིག་འབྲི་མགོ་བཙུགས་ཡོད། བོད་ཡིག་དང་དབྱིན་ཡིན་གཉིས་ཀའི་ནང་ལ་འབྲི་མགོ་བཙུགས་ཡོད།

ང་རང་རྒྱབ་སྐྱོར་བ་ཞིག་ནས་ངོ་རྒོལ་བ་ཞིག་ཏུ་འགྱུར་དོན་ནི། “སྐུད་པ་མདུད་པ་ཅན་ཁབ་མིག་ཏུ་མི་འགྲོ”བའི་དཔེ་བཞིན། བློ་བཟང་སེང་གེའི་ལས་དོན་བྱེད་ཕྱོགས་དང་། བཀའ་ཤག་གི་འགུལ་སྟངས་ཀྱིས་བཟོ་ལྟ་གཞན་ཞིག་མང་ཚོགས་ལ་མཐོང་བཅུག་པ་ལས་ཆགས་སོང་། རྒྱུ་མཚན་ཁ་གསལ་གང་ཡང་མེད་པར་ཨ་རིའི་སྐུ་ཚབ་དོན་གཅོད་གློ་བུར་ལས་མཚམས་འཇོག་བཅུག་པ་འདིས། སྤྱི་ཚོགས་ནང་འུར་ཟིང་བསླངས་ཤིང་། བརྡབ་གསིག་ཐེབས་བཅུག་གི་འདུག འདི་དག་གི་མཇུག་འབྲས་ཅི་ཞིག་ཆགས་ནའང་སྲིད་སྐྱོང་དང་བཀའ་ཤག་ཁོ་ནར་རག་ལས་པ་ཞིག་ཆགས་ཡོད། ད་ཆ་ངས་སྲིད་སྐྱོང་དང་བཀའ་ཤག་གཉིས་ཀར་དོགས་པ་ཡ་མཚན་ཞིག་ཟ་བཞིན་ཡོད། ཚད་ཐིག་སྐོར་ལོག་ཅིག་འདེབས་བཞིན་ཡོད། ཡིད་ཆེས་ཟེར་བ་དེ་ཧ་ལམ་མེད་པ་ཆགས་འགྲོ་གི་འདུག ཡིད་ཆེས་བརླག་འགྲོ་གི་འདུག འོ་དགོངས་དག ཡང་ཚོར་བའི་ཀློང་དུ་འགྲོ་གྲབས་བྱེད་ཀྱིན་འདུག

ང་ཚོས་ཕྱིར་ལྟོས་ཀྱིས་བཤད་ན། དོན་གཅོད་གནས་དབྱུང་གི་གནས་ཚུལ་བྱུང་བའི་རྗེས་སུ། སྤེན་པ་ཚེ་རིང་གིས་དྲ་ལམ་ལ་སྐད་ཆ་གང་ཞིག་བཤད་ཡོད་པ་དེར་བལྟས་པ་ཡིན་ན། ཁོང་གིས། “དྲང་དྲགས། ཁ་རུ་ཁ་ཐུག་ཚ་དྲགས་ནས་ནོར་འཁྲུལ་བྱུང་ཡོད་ན་མ་གཏོགས། གཞན་སོ་སོ་སོ་སོའི་ལས་ཀ་བྱས་ནས་བསྡད་ཡོད་པ་རེད” གལ་སྲིད་སྲིད་སྐྱོང་དང་བཀའ་ཤག་གིས་ནོར་འཁྲུལ་ཞིག་བྱུང་ཡོད་པར་གཟིགས་ཡོད་ན། དེ་ནི་དྲང་དྲགས་པ་དང་ཁ་རུ་ཁ་ཐུག་ཚ་དྲག་པ་དེ་ནོར་ཡོད་ན་མ་གཏོགས་ནོར་མེད་ཅེས་ནན་བརྗོད་བྱས་ཡོད། ད་དུང་ཁོང་གིས།  “ཕྱི་ཟླ་༧ དེབ་ཅིག་ལ་ཉེན་བརྡ་ཞིག་བཏང་གནང་བཞག ཉེན་བརྡ་དེ་དང་པོ་གཉིས་པ་དེ་འདྲ་ནི་ང་ལ་སླེབས་མ་མྱོང་། ཉེན་བརྡ་མཐའ་མ་ཡིན་ཞེས་གསུངས་བཞག ནམ་རྒྱུན་ཉེན་བརྡ་ཡིན་ན་གསལ་བཤད་བྱེད་ཡག་གི་གོ་སྐབས་ཡོད་རེད། དེ་འདྲ་གང་ཡང་མི་འདུག དེའི་ནང་ལ་ག་རེ་གསུང་ཞག་ཟེར་ན། སྲིད་སྐྱོང་ལ་བརྩི་ཡི་མི་འདུག བླང་དོར་སྒྲིག་གཞི་དང་འགལ་གྱི་འདུག ཟེར་ཡག་དེ་འདྲ་འདྲ་པོ་ཞིག་རེད་ཤག གཙོ་བོ་དེ་འདྲ་འདྲ་པོ་རེད་ཞག” ཅེས་དང་། “དེའི་སྐབས་དེར་ངས་ཕྱག་བྲིས་ཤིག་ཕུལ་ཡིན། ངས་སྲིད་སྐྱོང་གི་བཀའ་མ་བརྩིས་པ་གང་ཡང་བྱས་མེད། ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་རྩིས་ཞིབ་ལས་ཁུངས་ལ་ཞུ་དགོས་པ་དེ་ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་ཡག་གི་ཆེད་དུ་ཞུས་པ་རེད་མ་གཏོགས། སྲིད་སྐྱོང་གིས་གསུངས་བཞག་པ་དེ་མ་རེད་ཟེར་ནས་ངས་ཞུས་མེད། བླང་དོར་སྒྲིག་གཞི་ནི་དོན་ཚན་ག་རེ་ལ་འགལ་ཡོད་མེད་གང་ཡང་གསུངས་མི་འདུག བླང་དོར་སྒྲིག་གཞི་དང་འགལ་མེད་ཟེར་ནས་ཞུས་པ་ཡིན། དེ་ནས་ཡིག་ཆ་དེ་འདྲ་དགོས་ཀྱི་ཡོད་པ་ཡིན་ན། བཀའ་ཤག་གི་ཐག་གཅོད་བཀའ་བློན་གཞན་པ་དེ་ཚོས་གཟིགས་ཡོད་ན་མེད་ན་བསམ་ནས། ཡིག་ཆ་དེ་འདྲ་དགོས་ཀྱི་ཡོད་པ་ཡིན་ན་ནི་ངས་ཕུལ་ཆོག་ཟེར་ནས་ཞུས་པ་ཡིན། དེའི་རྗེས་ལ་བཀའ་ལན་ཐོག་མ་དེར་ད་རེས་ཀྱི་ཡི་གེ་འདི་འབྱོར་བ་རེད།” ཅེས་བཤད་ཡོད། འདི་ཡང་། སྐུ་ཚབ་སྤེན་པ་ཚེ་རིང་གིས་དོན་གཅོད་ལས་ཀར་འགྱུར་བ་བྱུང་བའི་རྗེས་དེར་རླུང་འཔྲིན་བཅར་འདྲིར་ལན་འདེབས་བྱས་སྐབས་ཀྱི་སྐད་ཆ་རེད།

གོང་གི་ཚིག་དུམ་ལ་བལྟས་པ་ཡིན་ན། དེའི་ནང་དུ། བཀའ་ཤག་གིས། “སྲིད་སྐྱོང་ལ་གུས་ཞབས་བྱེད་ཀྱི་མི་འདུག”་པ་དང་”ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འགལ་གྱི་འདུག”་ཅེས་ཉེན་བརྡ་བཏང་སྟེ། མཐའ་མ་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལ་ལས་མཚམས་འཇོག་དགོས་པའི་ཐག་གཅོད་བྱས་པ་ཞིག་གསལ་ཡོད་ནའང་། དོན་གཅོད་སྤེན་པ་ཚེ་རིང་གིས། རྩིས་ཀྱི་སྐོར་དེ་ཞུས་པ་འགྲིག་མེད་ན་མ་གཏོགས། གཞན་སྲིད་སྐྱོང་ལ་མ་བརྩིས་པ་དང་སྒྲིག་གཞིར་འགལ་བ་གང་ཡང་བྱས་མེད་ཀྱིས་ནན་བརྗོད་བྱས་འདུག

ཡང་མཚམས་འདི་ནས་བརྒྱུད་རིམ་གཞན་ཞིག་ལ་ཞུགས་ན། ནམ་རྒྱུན་ནས་ཐག་གཅོད་གང་ཞིག་ལ་གླེང་གཞི་བྱུང་བ་ཡིན་ན། དེར་སྲིད་སྐྱོང་གིས་གཡོལ་ཐབས་གང་དྲགས་བྱེད་བཞིན་པ་ལྟར། ད་རེས་ཀྱང་གཡོལ་ཐབས་དང་བཅས་སྲིད་ཚབ་ཆོས་དོན་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལ་གསལ་བཤད་བྱེད་བཅུག་ཡོད།

སྲིད་ཚབ་ཀྱིས་སྐད་ཆ་གསལ་པོ་གཅིག་བཤད་ཡོད། དེ་ནི།  “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་། དེའི་ལག་བསྟར་བརྒྱུད་རིམ་གོང་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་”ཞེས་པ་འདི་རེད། འདིས། ཡར་བསྐོ་དུས་སྐུ་མདུན་ལ་སྙན་སེང་ཞུས་ནས་བསྐོས་ཡོད་པ་ནང་བཞིན། ད་རེས་ལས་ཀ་མཚམས་འཇོག་དེ་ཡང་བརྒྱུད་རིམ་དེ་བརྒྱུད་ནས་ཐག་གཅོད་བྱས་ཡོད་པ་གསལ་པོ་བཤད་ཡོད། འདི་ཁོ་ན་བདེན་པ་ཡིན་ངེས་སུ་མཐོང་། ཡིན་ནའང་། ད་ཆ་མང་ཚོགས་ནང་འདི་ཚོས་སྐུ་མདུན་ལའང་ཞུ་ལོག་ཕུལ་ཡོད་སྲིད་པའི་དོགས་པ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

གཞན་སྲིད་ཚབ་གཡུ་ཐོག་པས། “ཡི་གེ་བཏང་བའི་དོན་ཚན་རེ་རེ་ལ་བརྟེན་ནས་མ་འགྲིག་པ་རེད་དམ། དེ་ཚོ་བསྡོམས་པས་མ་འགྲིག་པ་རེད་ཟེར་རྒྱུ་ཡོད་མ་རེད། དེ་ཚོའི་ཐོག་ནས་ག་རེ་བསྟན་གྱི་ཡོད་རེད་ཟེར་ན། ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་བཞིན་ཡོང་གི་མེད་པ་དང་། ཕ་གིར་འཐུས་ཤོར་འགྲོ་རྒྱུ་ཉེན་ཁ་ཡོད་པ། འགན་བཞེས་མཁན་སྐུ་ཚབ་དོན་གཅོད་ཟེར་དུས་བཀའ་ཤག་དང་སྐུ་ངོ་སྲིད་སྐྱོང་ཙམ་མ་རེད། ༸སྐྱབས་མགོན་རིན་པོ་ཆེའི་མཚན་འབྱར་ཡོད་རེད། དེ་ཚོ་དང་འབྲེལ་བའི་ཐོག་ནས་མར་ཡིད་ཆེས་བློ་འགེལ་གང་ཙམ་བྱས་པ་དེ་འདྲའི་གནས་སྟངས་མང་པོ་ཞིག་གི་མཚོན་རྟགས་མང་པོ་ཞིག་ཐོན་ཡོང་གི་ཡོད་དུས། དེ་འདྲ་ལ་བརྟེན་ནས་ཐག་གཅོད་འདི་བྱེད་དགོས་བྱུང་བ་རེད་མ་གཏོགས། འཛིན་སྐྱོང་གི་གནས་ཚུལ་གང་དང་གང་ཡོད་པ་རེ་རེ་མ་འགྲིག་པའི་ཐོག་ནས་བཀའ་ཆད་བཏང་བཞག་པ་དེ་འདྲ་རྩ་བ་ནས་མ་རེད་ཞུ་ཡ་ཡིན་”ཞེས་བཤད་ཡོད། འདིས་། ད་རེས་ཀྱི་ཐག་གཅོད་འདི་ལས་བྱེད་ཀྱི་བླང་དོར་སྒྲིག་གཞིའི་དོན་ཚན་འདི་དང་དེར་འགལ་འདུག་ཅེས་མཛུབ་མོ་འཛུགས་ས་མེད་པ་དང་། འཛིན་སྐྱོང་གི་གནས་ཚུལ་གང་དང་གང་ཡོད་པ་རེ་རེ་མ་འགྲིག་པའི་ཐོག་ནས་བཀའ་ཆད་བཏང་བཞག་པ་དེ་འདྲ་རྩ་བ་ནས་མིན་ཟེར་བ་དེ་རེད།

མཚམས་འདི་ནས་ང་ཚོས་དོན་གཅོད་སྤེན་པ་ཚེ་རིང་གི་སྐད་ཆའི་ནང་གི་གནད་འགག་གཅིག་ཟུར་འདོན་ཞུས་ནས་བསྐྱར་བལྟ་ཞིག་བྱེད་པའི་དབང་དུ་བཏང་ན། “་་་་་ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་རྩིས་ཞིབ་ལས་ཁུངས་ལ་ཞུ་དགོས་པ་དེ་ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་ཡག་གི་ཆེད་དུ་ཞུས་པ་རེད་མ་གཏོགས། སྲིད་སྐྱོང་གིས་གསུངས་བཞག་པ་དེ་མ་རེད་ཟེར་ནས་ངས་ཞུས་མེད།་་་་་་”སྐད་ཆ་འདིས། དོན་གཅོད་སྤེན་པ་ཚེ་རིང་ལ་མཚོན་ན། ད་རེས་ལས་མཚམས་འཇོག་བཅུག་པའི་རྐྱེན་རྩ་ནི་དོན་གཅོད་ཀྱི་ངོས་ནས་་དོན་གཅོད་སྔ་མའི་སྐབས་ཀྱི་དངུལ་རྩིས་གནད་དོན་ཅིག་གླེང་སློང་བྱས་པ་དེ་ཆགས་འདུག་པར་ངོས་འཛིན་བྱས་འདུག དངུལ་རྩིས་ཀྱི་རྙོག་དྲ་འདིའི་ཐད་གངས་སྐྱིད་ནའང་སྐད་ཆ་སྣ་ཚོགས་ཤིག་འགྲོ་བཞིན་འདུག དཔེར་ན། རྩིས་ཞིབ་ལས་ཁུངས་ཀྱིས་རྩིས་ཞིབ་དང་འབྲེལ་བའི་དྲི་བ་བཀོད་པ་སོགས་ལ་སྲིད་སྐྱོང་དང་བཀའ་ཤག་གིས་ཧ་ཅང་མ་བདེ་བ་ཆེན་པོས། དེ་ཚོ་གླེང་སྐོང་མ་དགོས་པར་ཨུ་ཚུགས་བརྒྱབ་ཡོད་པ་དང་། ཨུ་ཚུགས་དེ་ཡང་དབང་ཤེད་དང་བཅས་པའི་སྐད་ཆ་དང་རྣམ་འགྱུར་འདྲེས་མས་བཙན་གནོན་འདྲ་པོ་བྱས་འདུག གཅིག་ཐང་ན། རྩིས་ཞིབ་ལས་ཁུངས་ཀྱི་ངོས་ནས་ཀྱང་མངོན་གསལ་དོད་པོས་བཀའ་ཤག་ལ་བརྡ་འདེད་ཅིག་གནང་སྲིད་པ་རེད། གལ་སྲིད་གནངས་པ་ཡིན། དེ་ཡང་རྙོག་གླེང་རིང་པོ་ཞིག་ཆགས་ཀྱི་རེད། དངུལ་རྩིས་སྐོར་དེ་ག་རེ་བྱས་ནས་གླེང་ཆོག་གི་ཡོད་པ་མ་རེད། དེ་གླེང་བ་ལ་བརྟེན་ནས་དོན་གཅོད་ལས་མཚམས་འཇོག་བཅུག་དོན་ག་རེ་ཟེར་ནས་འདྲི་མཁན་ཇེ་མང་ལ་འགྲོ་གི་རེད།

དངུལ་རྩིས་ཀྱི་རྙོག་དྲ་དེ་ནི་འདི་འདྲ་རེད། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྔོན་མའི་སྐབས་ལ། དོན་གཅོད་ལས་ཁུངས་ཀྱི་ཆེད་དུ་ཁང་པ་གསར་ཉོ་བྱས་ཡོད། དོན་གཅོད་ཀྱི་ཁང་པའི་སྐོར་༸གོང་ས་མཆོག་ལ་ཞུས་ནས་སྐུ་སྒེར་ཡིག་ཚང་གིས་ཨ་སྒོར་ས་ཡ་གཅིག་དང་འབུམ་གསུམ་གནངས་ཡོད་པ་དང་། གཞན་དོན་གཅོད་ཀྱི་ཁང་པ་ཉོ་བར་་བོད་ཀྱི་ཐེབས་རྩའི་ས་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་དུ་གཡར་བ་བྱུང་ཡོད། ཡིན་ནའང་། ད་ཆ་བོད་ཀྱི་ཐེབས་རྩ་ནས་གཡར་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་དེ་དོན་གཅོད་ཀྱི་རྩིས་ཁྲའི་ནང་གསལ་གྱི་ཡོད་པ་མ་རེད། སྤེན་པ་ཚེ་རིང་གིས་དངུལ་རྩིས་ཀྱི་གནད་དོན་འདི་རིགས་གཙང་བཟོ་ཐུབ་པ་ཡིན་ན། མ་འོངས་ལས་དོན་སྒྲུབ་ཕྱོགས་ལ་ཕན་ཐོགས་ཡོད་པ་སོགས་ཕུགས་རྒྱང་རིང་པོའི་གཟིགས་སྟངས་དང་འབྲེལ་ནས་གླེང་སློང་བྱས་པ་དེ། སྲིད་སྐྱོང་གི་ཐུགས་ལ་མ་བབས་པ་དང་། བཀའ་ཤག་གི་བྱ་སྤུ་གནོན་ལ་གནོད་བྱེད་ཆགས་པ་རེད། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལ་ལས་མཚམས་འཇོག་བཅུག་པའི་རྐྱེན་རྩ་དེ་འདི་རེད། རྐྱེན་རྩ་འདི་ཡིན་པ་མང་ཚོགས་ལ་གབ་སྦས་བྱེད་ཆེད། སྲིད་ཚབ་ཀྱིས། “ནང་གི་གནས་ཚུལ་ཕྱི་ལ་བཤད་པའི་ལུགས་སྲོལ་ཡོད་པ་མ་རེད། དེ་ཚོ་བཤད་རྒྱུ་མིན།” ཅེས་དང་། སྲིད་སྐྱོང་གིས། “ད་རེས་བཀའ་ཤག་གིས་མིང་ཆད་འཁུར་དགོས་ནའང་འཁུར་གྱི་ཡིན། བཤད་རྒྱུ་མིན།” ཟེར་གྱི་ཡོད་པ་རེད།

གནས་སྟངས་འདི་འདྲ་ཆགས་ཡོད་པའི་སྐབས་སུ། དོན་གཅོད་སྤེན་པ་ཚེ་རིང་ཁོ་ན་རྩ་དོན་གྱི་ཕྱོགས་ནས་ལངས་སོང་། འགན་ཁུར་གྱི་ཕྱོགས་ནས་ལངས་སོང་། ཁོང་གིས། “གཙོ་བོ་ད་ལྟའི་གནས་ཚུལ་དེའི་རྐྱེན་པས་ང་ལ་ཁ་པར་མང་པོ་འབྱོར་ཡོང་གི། སྤྱི་ཚོགས་ནང་ཕྱོགས་རིས་འདྲ་པོ་ཞིག་བྱས་བྱས་གནས་ཚུལ་འདི་ཆེན་པོ་འདྲ་པོ་ཞིག་ཆགས་མི་ཡོང་ངམ་བསམ་པའི་ཉེན་ཁ་ཞིག་མཐོང་བསྡད་ཀི་འདུག ཕྱོགས་ཚང་མ་ལོགས་ནས་གཟབ་གཟབ་གནང་རོགས་གྱིས། ང་སྒེར་ཅིག་ལ་ཁྱད་པར་གང་ཡང་ཡོད་པ་མ་རེད། ང་ཚོའི་རྩ་དོན་དེ་གལ་ཆེ་བ་རེད། དེ་ཡིན་ཙང་། ཕྱོགས་ཕན་ཚུན་སུ་ཡིན་པ་ཡིན་ནའང་། སྐད་ཆ་ག་རེ་བཀྲམ་གྱི་ཡོད་ཡོད་པ་ནའང་། གཟབ་གཟབ་གནང་རོགས་གྱིས། སྤྱི་ཚོགས་དུམ་བུར་མ་འགྲོ་ཡག་ལ་དགོངས་པ་བཞེས་གནང་རོགས་གནང་།” ཞེས་རེ་སྐུལ་གནངས་ཡོད།

བོད་ཀྱི་ཐེབས་རྕ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་གཡར་བ་དེ། དོན་གཅོད་ཀྱི་རྩིས་ཁྲར་གསལ་གྱི་ཡོད་པ་མ་རེད་ལབ་ན། སྐད་ཆ་འདུམ་བདེ་པོ་ཞིག་རེད་དེ། འདི་དོན་དག་ཆུང་ཆུང་ཞིག་མ་རེད། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལབ་ན། ཧིན་སྒོར་འབུམ་དགུ་བརྒྱ་དང་བརྒྱད་ཅུ་རེད།

མང་ཚོགས་ལ་འདི་གར་སོང་གར་ཡོད་རྩད་གཅོད་བྱེད་པའི་ཐོབ་ཐང་ཡོད་པ་རེད་ལ། གནས་སྟངས་ཤེས་རྟོགས་བྱེད་པའི་དབང་ཚད་ཡོད་པ་རེད། སྲིད་སྐྱོང་དང་བཀའ་ཤག་གིས་ཨུ་ཚུགས་རྒྱག་གི་ཡོད་པ་ནང་བཞིན། ང་ཚོ་མང་ཚོགས་ཀྱི་ངོས་ནས་དེ་ཕྱི་གསལ་ནང་གསལ་ཡོང་བར་རྒྱུ་མ་ཕུ་འདེད་བྱ་ངེས་ཡིན། ང་ཚོས་སྤྱི་ཟས་ལ་སྒེར་ཚྭ་རྒྱག་འཇུག་གི་མིན། སྤྱི་རྒྱུ་ལ་སྒེར་སྤྱོད་བྱེད་འཇུག་གི་མིན། སྤྱི་ཞིང་ལ་སྒེར་རྨོས་བྱེད་འཇུག་གི་མིན།

དྲན་ཐོ།, བསམ་ཚུལ།

Post navigation

Previous Post: Tare zameen par ཞེས་པའི་གློག་བརྙན་ལྟ་བའི་མྱོང་ཚོར།
Next Post: བསྟན་འཛིན་སྒྲོལ་མར་བྲིས་པའི་སྙན་ངག

Comments (33) on “ཨ་རིའི་དོན་གཅོད་ལ་འགྱུར་བ་གཏོང་དོན་ཨེ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཨེ།”

  1. དགེ་འདུན་རྒྱ་མཚོ། says:
    2017-11-14 at 9:12 pm

    ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལབ་ན། ཧིན་སྒོར་འབུམ་དགུ་བརྒྱ་དང་བརྒྱད་ཅུ་རེད།   ཟེར

  2. བྱང་ཆུབ་ལོ་མ། says:
    2017-11-14 at 9:39 pm

    སྲིད་སྐྱོང་དང་བཀའ་ཤག་གིས་འདི་འདྲའི་དངུལ་འབོར་ཞིག་རྩིས་ཞིབ་ལ་གསང་དགོས་དོན་དང་། རྩིས་ཞིབ་ལ་ཤེས་བཅུག་པ་དོན་གཅོད་ཀྱི་ནག་ཉེས་སུ་བགྲངས་སྟངས་དེ་ད་དུང་མགོ་ཚོས་ཀྱི་མི་འདུག གངས་སྐྱིད་ཀྱི་རྩིས་ཞིབ་ལས་ཁུངས་ཀྱིས་རྩིས་ཞིབ་ཀྱི་འགྲོ་ལུགས་ཏག་ཏག་ཅིག་གནང་གིན་ཡོད་པ་ཡིན་ན། ཨ་རིའི་དོན་ཁང་གི་ཧིན་སྒོར་འགུམ་དགུ་བརྒྱ་དང་བརྒྱད་ཅུ་འདི་གང་དུ་ཕྱིན་ཡོད། གང་ན་ལྷག་ཡོད་ཐེར་འདོན་བྱེད་སྲིད་པ་རེད། གང་ལྟར། རུལ་སུངས་ཀྱི་ན་ཚ་འདི་བོད་གཞུང་གི་རྩིས་ཞིབ་ལས་ཁུངས་ལ་མི་ན་བའི་རེ་བ་བྱེད་ཀྱི་ཡོད།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-14 at 9:40 pm

    དབུས་བོད་མིའི་སྒྲིགས་འགཛུགས་ལ་ཨ་རིར་དོན་ཁང་རྒྱག་རྒྱུའི་དངུལ་མེད་ན་གཞན་ནས་དངུལ་གཡར་ནས་དོན་ཁང་རྒྱག་རྒྱུའི་སྔོན་རྩིས་བཀའ་ཁྲོལ་སྤྱི་འཐུས་གྲོས་ཚོགས་ལ་ཞུས་ཡོད་པ་ཡིན་ནམ་གལ་སྲིད་གྲོས་ཚོགས་ལ་བཀའ་ཁྲོལ་ཞུས་མེད་ན་དཔལ་འབྱོར་དང་འབྲེལ་བའི་གནད་དོན་ལ་སོང་ཁྲིམས་འགལ་ལ་ངོས་འཛིན་དགོས་པ་རེད་དམ་ཁྲིམས་མཐུན་ལ་ངོས་འཛིན་པ་རེད་།

  4. བདེན་པའི་རྒྱབ་ལངས། says:
    2017-11-14 at 9:56 pm

    བློ་སེང་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་པའི་མིང་བྱང་དེས་འོག་ནས་རེ་བ་ཆེན་པོ་ཞིག་རྒྱབ་སྟེ་སྲིད་སྐྱོང་དུ་བསྐོས་ཡིན་བསམ་པ་དྲན། དེ་ལྟར་ཡིན་ན་གྲོས་ཚོགས་ལ་བཀའ་འཁྲོལ་མ་ཞུས་པའི་ལས་ཀ་ཚབ་ཆེན་དེ་འདྲ་རང་བྱེད་ཕོད་དམ། གལ་སྟེ་གསལ་ཁ་དང་ཁྲིམས་མཐུན་མིན་པའི་ལས་ཀ་རྫབ་ཆེན་དེ་འདྲ་བྱས་ཡོད་ན་དམངས་གཙོའི་འགྲོ་ལུགས་བཞིན་སྲིད་སྐྱོང་གོ་གནས་ནས་རྩ་དགོངས་ཞུ་འཇུག་དགོས་པ་ཡིན།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-14 at 11:29 pm

    མང་གཙོའི་ལམ་ལུགས་ནང་མི་མང་གི་ལས་འགན་དེ་ (watch dog) བྱས་ནས་གཞུང་སྲུང་དགོས་པ་དང་མི་མང་ནས་
    (watch dog) བྱས་ནས་གཞུང་སྲུང་མ་ཐུབ་ན་
    (sleeping Democracy) ཆགས་ནས་སྒང་
    ནས་ག་རེ་བྱས་བྱས་དང་གང་ཁྲབ་ཁྲབ་བྱེད་སྲིད་པ་དང་ལྷག་དོན་དུ་མང་གཙོའི་སྒྲིག་འཛུགས་ནང་དཔལ་འབྱོར་གྱི་གནས་སྟངས་དེ་ཕྱི་གསལ་ནང་གསལ་དགོས་པ་དང་གཞུང་གི་ལས་འཆར་སྔོན་རྩིས་ཡོངས་རྫོགས་ཁྲིམས་བཟོ་གྲོས་ཚོགས་ཀྱི་བཀའ་ཁྲོལ་རྒྱུད་ནས་གཞུང་དངུལ་གཏོང་ལེན་གྱི་གྲོས་ཆོད་གཏན་འབེབས་དགོས་པ་ལས་གྲོས་ཚོགས་ཀྱི་བཀའ་ཁྲོལ་མེད་པར་འཛིན་སྐྱོང་ནས་དངུལ་སྒོར་མོ་གཅིག་ཕར་སྤྲོད་ཚུར་ལེན་བྱས་ཡོད་ན་དཔལ་འབྱོར་གྱི་འགྲོ་ལུགས་དང་མ་མཐུན་ནས་ཁྲིམས་འགལ་དང་སྒྲིག་འགལ་ཆེ་བཤོས་ལ་ངོས་འཛིན་བྱས་ནས་ཁྲིམས་བཟོ་གྲོས་ཚོགས་ནས་ཞིབ་འཇུགས་ཚོགས་ཆུང་བཙུགས་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  6. བྱང་ཆུབ་ལོ་མ། says:
    2017-11-14 at 11:44 pm

    དེང་སང་ཁྲིམས་དང་སྒྲིག་གཞི་ཟེར་བ་དེ་ཚོ་ཁ་ནས་བཤད་དུས་མ་གཏོགས་བེད་སྤྱོད་མེད་པ་ཆགས་ཚར་བ་་ཡིན་ས་རེད། དྲང་བདེན་དང་གནས་ལུགས་ཟེར་བ་དེ་ཚོ་མཚམས་རེར་ཕམ་ཉེས་འགྲོ་གི་འདུག

  7. བསྟན་འཛིན། says:
    2017-11-14 at 11:58 pm

    ད་རེས་སྐུ་ངོ་སྤེན་ཚེ་གནས་དབྱུང་དེ་གནད་དོན་མང་པོ་ཞིག་དང་འབྲེལ་ཡོད་ནའང་།
    ༡༽ ཨ་རིའི་དོན་གཅོད་ལས་ཁང་རྙིང་བཙོང་གསར་ཉོ་སྐབས་སུ་དངུལ་བུན་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དང་འབྲེལ་བ་ཡོད། དངུལ་བུན་དེའི་གསིང་དུ་འཛུལ་ན། མི་ཆེན་གཞན་འགའ་ཞིག་གི་མིང་ཡང་ཐོན་ཡོང་གི་ཡོད། དངུལ་བུན་གནད་དོན་དེ་ནི་ལྐོག་ཟ་དང་འབྲེལ་བ་ཡོད་སྲིད།
    ༢༽ ད་རེས་གནས་དབྱུང་དེ་ཡིས་སྐུ་ངོ་སྤེན་ཚེ་ལ་ནག་ཉེས་ཡོད་ཁུལ་གྱིས་འབྱུང་འགྱུར་བོད་མིའི་སྤྱི་ཚོགས་ནང་དུ་མགོ་བོ་འདེགས་རྒྱུ་མེད་པ་བཟོ་ཐབས་ཀྱི་སྲིད་བྱུས་ངན་པ་ཞིག་རེད། དེའང་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་འོས་འཚམས་དང་། རེ་བ་ཆེ་ཤོས་ནི་སྐུ་ངོ་སྤེན་ཚེ་ཆགས་ཀྱི་ཡོད་ནའང་། སྲིད་སྐྱོང་བློ་སེང་དང་ཁོང་གི་ཕྱོགས་གཏོགས་ཀྱིས་ད་ལྟ་ནས་སྐུ་ངོ་སྤེན་ཚེ་ནག་པོ་བཟོ་བརྩི་བྱེད་བཞིན་ཡོད། དེའི་ཚབ་ཏུ་སྲིད་སྐྱོང་བློ་སེང་དང་། ཁོང་གི་ཕྱོགས་གཏོགས་ཀྱི་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མར་རྒྱབ་སྐྱོར་བ་མང་དུ་འཚོལ་ཐབས་བྱེད་བཞིན་ཡོད། གལ་ཏེ་བཀའ་ཟུར་རྒྱ་རི་སྒྲོལ་མ་སྲིད་སྐྱོང་དུ་ལང་རྒྱུའི་འཆར་གཞི་མེད་ན། སྲིད་སྐྱོང་བློ་སེང་གི་བཀའ་ཤག་ནང་དུ་མི་དགོས་ཟེར་ནའང་། གདན་འདྲེན་ཞུ་ཡི་རེད། གང་ལྟར་ད་ལྟ་ནས་སྐུ་ངོ་སྤེན་ཚེ་ནག་པོ་དང་། རྒྱབ་སྐྱོར་བ་ཇེ་ཉུང་དུ་གཏོང་ཐབས་བྱ་ཡི་ཡོད་པ་རེད། ༼ངའི་སྐད་ཆ་ལ་ཡིད་མ་ཆེས་ན། ཁྱེད་ཚོས་ག་ལེར་མཐོད་ཐུབ་ཀྱི་རེད། ༽

  8. ཀརྡོ་རབ་འབྱམས་པ་ says:
    2017-11-15 at 12:38 am

    ་་་་་་་་་་་་་་ ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་རྩིས་ཞིབ་ལས་ཁུངས་ལ་ཞུ་དགོས་པ་དེ་ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་ཡག་གི་ཆེད་དུ་ཞུས་པ་རེད་མ་གཏོགས། སྲིད་སྐྱོང་གིས་གསུངས་བཞག་པ་དེ་མ་རེད་ཟེར་ནས་ངས་ཞུས་མེད། བླང་དོར་སྒྲིག་གཞི་ནི་དོན་ཚན་ག་རེ་ལ་འགལ་ཡོད་མེད་གང་ཡང་གསུངས་མི་འདུག བླང་དོར་སྒྲིག་གཞི་དང་འགལ་མེད་ཟེར་ནས་ཞུས་པ་ཡིན། ་་་་་་་་་་་་་་་་་་
    དོན་གཅོད་སྤེན་ཚེས།

  9. ཀརྡོ་རབ་འབྱམས་པ་ says:
    2017-11-15 at 12:40 am

    ་་་་་་་་་་་ཕྱི་ཟླ་༧ དེབ་ཅིག་ལ་ཉེན་བརྡ་ཞིག་བཏང་གནང་བཞག ཉེན་བརྡ་དེ་དང་པོ་གཉིས་པ་དེ་འདྲ་ནི་ང་ལ་སླེབས་མ་མྱོང་། ཉེན་བརྡ་མཐའ་མ་ཡིན་ཞེས་གསུངས་བཞག ནམ་རྒྱུན་ཉེན་བརྡ་ཡིན་ན་གསལ་བཤད་བྱེད་ཡག་གི་གོ་སྐབས་ཡོད་རེད། དེ་འདྲ་གང་ཡང་མི་འདུག ་་་་་་་་་་་་
    སྤེན་ཚེས།

  10. ཀརྡོ་རབ་འབྱམས་པ་ says:
    2017-11-15 at 12:45 am

    འདི་ནང་འཁྲུགས་སྙིང་ལངས་ས་འདིར་འདུག་གདའ།
    ་་་་་་་་་་་ དེའི་སྐབས་དེར་ངས་ཕྱག་བྲིས་ཤིག་ཕུལ་ཡིན། ངས་སྲིད་སྐྱོང་གི་བཀའ་མ་བརྩིས་པ་གང་ཡང་བྱས་མེད། ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་རྩིས་ཞིབ་ལས་ཁུངས་ལ་ཞུ་དགོས་པ་དེ་ཡུལ་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་ཐོག་ནས་མ་འོངས་པར་དཀའ་ངལ་མ་འཕྲད་ཡག་གི་ཆེད་དུ་ཞུས་པ་རེད་མ་གཏོགས། སྲིད་སྐྱོང་གིས་གསུངས་བཞག་པ་དེ་མ་རེད་ཟེར་ནས་ངས་ཞུས་མེད། ་་་་་་་་་

  11. ཀརྡོ་རབ་འབྱམས་པ་ says:
    2017-11-15 at 12:50 am

    འདི་ནང་འཁྲུགས་སྙིང་ལངས་ས་འདིར་འདུག་གདའ།
    འདི།
    འདིར་ནང་འཁྲུགས་སྙིང་ནད་ལངས་ས་འདིར་འདུག་གདའ།
    ལ་བཅོས།
    ་
    ཧཧཧཧ།། སྤེན་ཚེས་དྲངས་དྲག་པ་དང་། ༸གོང་ས་མཆོག་ལ་བསྟེན་དྲགས་ནས་བཀའ་གསར་སྙིང་གི་བུ་ལོན་ཁྲིམས་མེད་ལུང་མེད་ལྐོག་རུལ་འགེབས་སྲུངས་མ་ཐུབ་ནང་འཁྲུགས་ཁྱི་འཛིང་ཙམ་ལས། གཞན་སྤེན་ཚེས་ནོར་བཏང་བ་བཤད་ཡ་མེད་པ་འདྲ།
    འདི་ན་བཙན་བྱོལ་མི་རབས་གཉིས་པའི་ཞབའ་འདྲེན་ཞུས་པའི་མཚན་གཞི་བླ་ན་མེད་པ་ཅིག་ཆགས་པ་རེད་དོ།།

  12. ཀརྡོ་རབ་འབྱམས་པ་ says:
    2017-11-15 at 12:54 am

    བོད་ནང་རྒྱ་རིགས་དང་བོད་རིགས་ལས་བྱེད་པའི་སྐོག་ས་རུལ་སུངས་དང་། རྒྱ་བལ་འབྲུག་ནང་གི་རྒྱ་གར་དང་བོད་རིགས་ལས་བྱེད་པ་དང་། ཕྱི་རྒྱལ་དོན་གཅོད་སོགས་ནང་ལ་ལྐོག་ས་རུལ་སུངས་འོང་འགོ་བཙུགས་ཟིན་པ་ཡིན་ཚོད་འདུག་གོ། །།

  13. བོད་ཀྱི་བུ། says:
    2017-11-15 at 4:42 am

    ད་ངོ་ཚ་བྱེད་རེད།

  14. ཀརྡོ་རབ་འབྱམས་པ་ says:
    2017-11-15 at 6:14 am

    ་་་་་་་ ཧཧཧཧ།། སྤེན་ཚེས་དྲངས་དྲག་པ་དང་། ་་་་་་
    འདི།
    ་་་་་་ ཧཧཧཧ།། སྤེན་ཚེས་དྲང་དྲགས་པ་དང་། ་་་་་་

  15. ས་ཏྲིག says:
    2017-11-15 at 8:49 am

    ངས་བསམ་ན་སྤེན་ཚེ་ཡང་བཀའ་ཤག་གིས་ནག་ཉེས་གསལ་ཁ་མ་བཏོན་བར་དུ་རྐུབ་སྟེགས་ནས་འབབ་ཆོག་ཆོག་བྱས་ན་ང་ལ་ནག་ཉེས་ཡོད་ཅེས་པའི་ངོས་ལེན་དུ་འགྲོ་བ་ལས་སྤྱི་ཚོགས་དང་བོད་མི་མང་ལ་གུས་རྩི་བྱས་པར་མཚོན་མི་ནུས་བསམ།

  16. བློ་བཟང་༡༩༩ says:
    2017-11-15 at 11:42 am

    སྔོན་མ་ལ་དྭགས་དོན་ཅོད་བུམ་དགུ་པ་ཞིག་ཐོན་པ་རེད། ད་བུམ་དགུ་བརྒྱ་དང་དགུ་བཅུ་ཅན་ཞིག་ཐོན་པ་རེད། ཡག་པོ་རེད་སྤྱི་ཚོགས་ཡར་རྒྱས་རེད། ལྐོག་ཟ་ཡར་རྒྱས་འགྲོ་དགོས་པ་རེད།

  17. དགེ་འདུན་བསམ་འགྲུབ says:
    2017-11-15 at 12:18 pm

    ཧེ

  18. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-11-15 at 11:36 pm

    ད་མང་པོ་བཤད་ནས་ཕན་ཐོག་ཡོད་པ་མཐོང་མ་སོང་གོང་གི་རྩོམ་ཡིག་ནང་གསལ་བའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་དེ་ཁུང་ཐུབ་བདེན་པ་ཡིན་ན་སྤྱི་འཐུས་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བརྩུགས་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ངོ་མ་དེ་ཡིན་པ་ནི་དཀར་པོ་ནག་པོ་ཁྲིམས་ཀྱི་དབྱེ་ཆུ་དང་འོ་མ་རུས་སྦལ་འབྱེད་ཟེར་བའི་དཔེ་ལྟར་ང་བདེན་ཁོ་བདེན་གྱི་འབྲེལ་བཤད་བརྒྱུད་ནས་སྤྱི་ཚོགས་དཀྲུགས་ནས་དུས་ཚོད་སྐྱེལ་མ་དགོས་པར་ཁྲིམས་མཐུན་ཞིབ་འཇུག་ཚོགས་ཆུང་གི་སྙན་མཐོ་གྲོས་ཚོགས་ནང་སྙན་སེང་ལ་གྲོས་ཚོགས་ནས་ཐག་གཅོད་གནང་དགོས་པ་དེ་ཁྲིམས་མཐུན་ངོ་མ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  19. ས་ཏྲིག says:
    2017-11-16 at 6:51 am

    སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཨེ་བདེན་ནམ་ངེས་པར་དུ་བཀའ་ཤག་གིས་གསལ་བཤད་གནང་དགོས་་་་ང་ཚོའི་སྤྱི་ཚོགས་་་་ང་ཚོའི་མི་རིགས་་་་ང་ཚོའི་ལས་དབང་་་་་ང་ཚོའི་དབུ་ཁྲིད་་་ད་ངོ་མ་ཅི་བྱེད་གོང་ས་མཆོག་གིས་ཐུགས་རྗེས་གཟིགས་་་་་་

  20. ཀརྡོ་རབ་འབྱམས་པ་ says:
    2017-11-16 at 8:35 am

    ས་ཡ་གཅིག་དང་ཕྱེད་ཀ
    https://mail.google.com/mail/u/0/#inbox/15fc4004374561dd

  21. ཀརྡོ་རབ་འབྱམས་པ་ says:
    2017-11-16 at 8:36 am

    དོན་གཅོད་སྐོ་སྟངས་སྐོར་ལ།
    https://www.facebook.com/photo.php?fbid=10209340892272440&set=a.2027582062328.97170.1627367228&type=3&theater

  22. ཨཱཙཱརྱ་ཨག་ལོད། says:
    2017-11-16 at 11:46 am

    བསྟན་འཛིན་ཆོས་གྲགས་ལགས་དྲང་པོ་ཞུས་ན། ཐོག་མར་རང་བོད་རྩོམ་མ་སྤེལ་སྔོན་ལ་ལོ་ཤས་བོད་ཡིག་སྦྱང་དགོས་ཀྱི་འདུག  དེ་རིང་རང་གིས་བྲིས་པའི་རྩོམ་ཡིག་དེ་ལ་ཀློག་དུས་ངོ་མ་སེམས་པ་སྐྱོ་ཡག་ཅིག་འདུག སྡེབ་སྦྱོར་མི་འདུག་ལ། ཕྲད་དང་ཡིག་ནོར་གྱི་ཆ་ལ་གྲངས་ཀ་ཐེབས་ཡག་ཀྱང་མི་འདུག    མདོར་ན། བརྗོད་བྱ་དོན་གྱི་རྒད་པོ་རྗོད་བྱེད་ཚིག་གི་འཁར་བ་ཡག་པོ་ཡང་ཁེན་ཐུབ་མི་འདུག །

  23. མཐོད་རྒལ་ says:
    2017-11-16 at 2:32 pm

    ཡག་པོ་བྲིས་བཞག་སྙམ།

  24. ཨ་ཁུ་འབྲོག་པ། says:
    2017-11-16 at 2:40 pm

    ཧཱ་ཧཱ་ཧཱ། ཨཱ་ཙཱརྱ་ཨག་ལོད་ལགས། བརྗོད་རྒྱུས་ཕོངས་པའི་རྟགས་འཛུམ་དང་བཅས་ཏེ་སྟོན་པ་ཞིག་རེད། བསྟན་འཛིན་ཆོས་གྲགས་ལགས་ཀྱིས། ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོགས་གྱུར་ཀྱང་། དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་། ཞེས་སྔོན་གྱི་མཁས་པས་གསུངས་པ་ལྟར་བྱུང་འདུག། ཡི་གེ་རེ་གཉིས་དག་མེད་ན་ཞུས་དག་གནང་ལོ་མ་བྱུང་བ་ཡིན་མཆི། སྡེབ་སྦྱོར་དང་ཕྲད་མི་ལྡན་ན་གསུང་པ་པོ་སྲིད་ཚབ་དང་། ཨ་རི་དོན་གཅོད་ཀྱི་ཁ་སྐད་ལ་སྡེབ་སྦྱོར་དང་ཕྲད་མེད་པས་ལན་པ་རེད།

  25. Tenzin Rewa says:
    2017-11-16 at 4:34 pm

    ད་རེས་གནད་དོན་དེ་ཡིས་བོད་རིགས་མི་སེར་དཀྱུས་མ་སྤྱི་དང་། བྱེ་བྲག་ཏུ་སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་བསམ་བློ་ཞིག་གཏོང་དགོས་པ་ཆགས་ཡོད། ངའང་དེ་སྔོན་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་བླུག་མཁན་གྱི་གཞོན་སྐྱེས་ཤིག་ཡིན། ང་རང་སྒེར་ངོས་ནས་སྐུ་ངོ་སྤེན་པ་ཚེ་རིང་ལ་མི་དགའ་བ་དང་། མི་གུས་པ་དེ་འདྲ་གང་ཡང་མེད། འོན་ཀྱང་རེ་བ་དང་། ཡིད་ཆེས་ཤིག་གི་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་སོ་སོའི་རྩ་ཆེའི་འོས་གཅིག་པོ་དེ་བླུགས་པ་ཡིན། རྗེས་སུ་སྲིད་སྐྱོང་ལས་ཡུན་གཉིས་པ་འགོ་ཚུགས་རྗེས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་དོན་གཅོད་ལས་ཁུངས་ཀྱི་ནང་ནས་གལ་གནད་ཆེ་ཤོས་དང་། ཆེ་མཐོང་ཆེན་པོར་བྱས་པའི་བྱང་ཨ་རིའི་དོན་གཅོད་ལས་ཁང་དུ་སྐུ་ངོ་སྤེན་ཚེ་བསྐོ་གཞག་བྱས་པའི་རྗེས་སུ་ངའི་སེམས་ངོགས་སུ་འགྲིག་བཞག ངའི་རྩ་ཆེན་གྱི་འོས་གཅིག་པུ་དེ་བད་མེད་དུ་ཕྱིན་མ་སོང་གི་བསམ་བློ་ཞིག་འཁོར་བྱུང་། གང་ཡིན་ཟེར་ན། སྐུ་ངོ་སྤེན་པ་ཚེ་རིང་ནི་བཙན་བྱོལ་བོད་མིའི་གཞུང་དང་། གཞུང་འབྲེལ་མིན་པའི་གལ་གནད་ཅན་གྱི་སྒྲིག་འཛུགས་ཁག་ཏུ་ཞབས་ཞུ་ལོ་མང་བསྒྲུབས་མྱོང་བ་ཞིག་དང་། ལྷག་པར་དུ་ད་བར་གྱི་ལོ་མང་ཞབས་ཞུའི་ནང་དུ་ཞབས་འདྲེན་ཞུས་པ་དེ་འདྲ་རྩ་བ་ནས་བྱུང་མེད་པས་ཁོང་ལྟ་བུ་ཞིག་གལ་གནད་ཅན་གྱི་གོ་སར་བཞག་པ་དེ་དངོས་གནས་འགྲིག་འདུག་དྲན་བྱུང་།
    དེ་ནས་སྐུ་ངོ་སྤེན་ཚེ་ལགས་དོན་གཅོད་དུ་ཕེབས་རྗེས་དོན་གཅོད་གོང་མ་རྣམས་དང་མི་འདྲ་བར་ཉི་མ་གང་འཁྱོལ་ལྟ་བུ་མིན་པར། ས་གནས་གང་སར་ཕྱོགས་བསྐྱོད་ཐོག་དེ་གའི་མི་མང་གི་ཚོགས་པ་དང་། དེ་བཞིན་ཉེ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཏུ་བསྐོར་བསྐྱོད་ཀྱིས་འབྲེལ་བའི་ཟམ་པ་ལྟ་བུ་སྔར་མེད་གསར་བཙུགས་ཐོག མི་མང་ལ་གོ་བསྐོན་སློབ་གསོ་དང་། བོད་ཕྱི་ནང་གི་གནས་སྟངས་དང་། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་གུས་བརྩི་དགོས་ལུགས་ཀྱི་བཀའ་སློབ་ཀྱང་མང་པོ་གནང་བ་གསར་འགྱུར་དང་། ངོ་ཤེས་གྲོགས་པོ་མི་ཉུང་བ་ཞིག་གིས་ཀྱང་བརྗོད་པ་གོ་མྱོང་།

    ལྷག་པར་བྱང་ཨ་རིའི་ནང་གི་རེས་གཟའ་ཉི་མའི་བོད་ཡིག་འཛིན་གྲྭའི་ཚོགས་ཆེན་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་ཀྱིས་ལས་དོན་ལེགས་བསྒྲུབ་འགྲོ་བཞིན་པའི་སྒང་དེར་བཀའ་ཤག་ནས་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་གནས་དབྱུང་བཏང་བ་དེར་ཡིད་མ་ཆེས་པ་དང་། བློ་ཕམ་ཆེན་པོ་བྱུང་། དེ་འདྲའི་གནང་སྟངས་ནི་དམར་པོའི་སྲིད་གཞུང་དང་། གཅིག་སྡུད་རིང་ལུགས་ཀྱི་གཞུང་འཛིན་པ་དག་གིས་བྱེད་ལུགས་ལྟ་བུར་སྣང་། དེར་བརྟེན་ང་རང་སྒེར་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་ལ་འོས་ཤོག་བླུགས་ཡོད་ཀྱང་། ད་རེས་སྐུ་ངོ་སྤེན་པ་ཚེ་རིང་གནས་དབྱུང་གི་གནད་དོན་དེ་མཐའ་གཅིག་ཏུ་འགག་པ་དང་། ངོ་རྒོལ་ཡོད་ཅེས་ཞུ་རྒྱུ་ཡིན།

    གལ་སྲིད་ད་རེས་གནད་དོན་དེ་ཨ་རིའི་དོན་ཁང་གི་དངུལ་བུན་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དང་འབྲེལ་བ་ཡོད་ན། སྲིད་སྐྱོང་དང་བཀའ་ཤག་གཉིས་ཀར་ངོ་རྒོལ་ཡོད་དོ།

  26. བློ་བཟང་བསྟན་འཛིན་ says:
    2017-11-16 at 7:04 pm

    སྐུ་ངོ་སྤེན་ཚེ་ལགས་ད་བར་གྱི་ཨ་རིའི་གཅོད་ནང་ལས་ཡུན་ཐུང་
    ཤོད་དེ་ཡིན་ན་འང་ཁོང་གིས་འདས་པའི་དོན་གཅོད་རྣམས་ལས་ཀྱང་ལས་དོན་ལ་འབད་བརྩོན་ཆེ་བ་གནང་འདུག། ད་ལམ་བློ་སེང་གིས་ནོར་ཝེ་རུ་ལན་འདེབས་ཤིག་ཀྱི་ནང་། སྤེན་ཚེ་ནས་འཕོ་འགྱུར་ངོས་ལེན་བྱས་པ་དང་། ཁྱེད་ཚོ་མི་མང་ལ་ཁྱད་པར་ག་རེ་འདུག་ཅེས་བཤད་སོང་། དེ་ནི་སྲིད་སྐྱོང་ཞིག་གིས་མི་མང་ལ་ལན་འདེབས་བྱེད་སྟང་རྩ་བ་ནས་མ་རེད། བྱ་སྤུ་གནོན་ཟེར་བ་ནི་དགོན་སྡེ་དང་། སློབ་གྲྭ་ཁག་གི་སྒྲིག་ཁྲིམས་ལ་གོ་དགོས་པ་ལས། དམངས་གཙོའི་སྒྲིག་འཛུགས་ཀྱིས་བྱ་སྤུ་གནོན་ལྟ་བུ་གཅིག་གིས་གཅིག་ལ་གནོན་ནས་ལས་དོན་བྱས་ན་དམངས་གཙོ་ཆགས་ཀྱི་རེད་དམ། །

  27. ཀརྡོ་རབ་འབྱམས་པ་ says:
    2017-11-16 at 8:19 pm

    བཙན་བྱོལ་སྒྲིག་འཛུགས་ཀྱི་ནོར་བུ།
    https://www.facebook.com/CTATIBETTV/videos/10154853995105382/?hc_ref=ARTTIWIbdKtI_tdmEzC2VyOZZQEgAbrNqAhyww3U-8wyCIA78LhWG0rmg5iiI7Q7j8k

  28. ཀརྡོ་རབ་འབྱམས་པ་ says:
    2017-11-16 at 8:42 pm

    ༸གོང་ས་མཆོག་གིས།
    https://www.facebook.com/BhoGhiBhu/videos/1532175616841113/?hc_ref=ART7WlEi27PaJ82MoP7XZbHDX7JhnW8nC5faqoiuJnG_knjOLjxv4IRACUS26fMMC8k&pnref=story

  29. ཀརྡོ་རབ་འབྱམས་པ་ says:
    2017-11-17 at 9:27 am

    མིརངབ་གསར་རྙིང་དང་ལས་བྱེད་གསར་སྙིང་གི་ཁྱད་པར་འདི་ནས་ཤེས་པ་འདུག ལན་ཅིག་གསན་དང་།
    https://www.youtube.com/watch?v=1UQIjJcnkQQ

  30. ཀརྡོ་རབ་འབྱམས་པ་ says:
    2017-11-17 at 10:23 am

    སྤེན་པ་ཚེ་རིང་ལགས།
    https://www.facebook.com/119306658803462/videos/vb.119306658803462/156397751761019/?type=2&theater

  31. ཀརྡོ་རབ་འབྱམས་པ་ says:
    2017-11-17 at 10:46 am

    སྤེན་པ་ཚེ་རིང་དབང་ཐང་རྒྱས་པ་དང་། །
    ཚེ་རིང་ནད་མེད་སྐུ་ཚེ་ཡུན་བརྟན་ཤོག །
    ཀརྡོས།

  32. ཀརྡོ་རབ་འབྱམས་པ་ says:
    2017-11-17 at 10:46 am

    བློ་བཟང་སེང་གེ་མངའ་ཐང་རྒྱས་པ་དང་། །
    ཚེ་རིང་ནད་མེད་སྐུ་ཚེ་ཡུན་བརྟན་ཤོག །
    ཀརྡོས།

  33. ནག་ཆུ་ཀུན་དགའ says:
    2017-11-18 at 6:07 am

    དེ་རིང་སླར་ཡང་བཀའ་ཤག་གིས་དོན་གཅོད་འཕོ་འགྱུར་གཏོང་དོན་གསལ་བཤད་བྱས་འདུག།
    དོན་ངོ་མ་དེ་གོ་གནས་དགོས་ན། བཀའ་ཤག་ལ་ཡིད་ཆེས་དགོས། ཟེར་བ་རེད་འདུག། ཙག་ཙིག་སྙིང་པོ་མེད་པ་ཤ་སྟག་བཤད་འདུག་མོད། དོན་དངོས་ཐོག་མི་མང་ལྐུག་པ་ལ་བརྩིས་འདུག། ནག་ཉེས་འདི་འདྲ་བགྲང་སྟེ་དོན་གཅོད་གནས་དབྱུང་གཏོང་དགོས་ན། དེ་སྔོན་དོན་གཅོད་སྐལ་རྡོ་ཅིའི་ཕྱིར་ས་འོག་ལ་མ་སྦས། ཧཧཧ འདི་འདྲ་ནག་ཉེས་ལ་བགྲང་སྟངས་ལ་བལྟས་ན་བོད་ཤོར་བའི་ནག་ཉེས་སྤེན་ཚེ་ལ་བགྲང་འདོད་ཡོད་ཀྱང་སྟབས་བདེ་པོ་རང་མ་བྱུང་བ་འདྲ། ཟེར་རྒྱུ་མ་རྙེད་ནི་ལག་པ་འཕྱི་ས་བཙལ་འདུག།
    མདོར་བསྡུས་ན། ཁྱོད་ང་ལས་འཇོན་ཐང་ཆེ་བས་མིག་ལ་མི་འགྲོ། གོ་གནས་དགོས་ན་ཡིད་ཆེས་བྱོས། རྩིས་ཁྲའི་སྐོར་རྩིས་ཞིབ་ལ་ཞུས་པ་དེའི་རིན་པ་འདི་ཡིན་ནག་ཉེས་བཟོས་རྒྱུ་ལས་སླ་ཟེར་བ་འདི་རེད་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme