Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས།  


Posted on 2017-11-07 By ཁ་བརྡ No Comments on ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་གསར་འདེམས།  


གནས་ཚུལ་གཏོང་མཁན། ཚེ་རིང་བཀྲ་ཤིས།
 
སྤེལ་ཚེས། སྤྱི་ལོ་༢༠༡༧ཟླ་༡༡ཚེས་༧ཉིན།

ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་གསར་པ་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སྐབས་ལྔ་བ་དེ་ཉིད་སྤྱི་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཉིན་ད་ལྟའི་འགན་འཛིན་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་བརྒྱུད་བསྐོ་བཞག་བྱུང་ཡོད། 

དེ་ཡང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་དབུ་ཁྲིད་པའི་འགན་འཛིན་ལྷན་ཚོགས་ནས་གྲོས་བསྡུར་དང་སྤྱི་མོས་བརྒྱུད། ད་ལྟའི་ལས་ཐོག་འགན་འཛིན་ཚོགས་མི་བླ་མ་ཡེ་ཤེས་རབ་རྒྱས་མཆོག་ཚོགས་གཙོ་གསར་པར་བསྐོ་བཞག་དང་། ཐའེ་ཝན་གྱི་རྒྱའི་དགེ་བསྙེན་མ་ཀྲང་ལི་མེ་ལགས་རྒྱུན་ལས་ཚོགས་གཙོར་བསྐོ་བཞག་བྱུང་ཞིང་། དགེ་བསྙེན་མ་ཀྲང་ལགས་ནི་མུའུ་ཆོའུ་ཧྥོའུ་ལི་རྒྱལ་སྤྱིའི་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་སོགས་ལས་གནས་དུ་མ་ཞིག་འཁུར་བཞིན་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་ཏུ་ཁེ་ལས་སོགས་དང་འབྲེལ་བའི་ལས་གནས་མང་པོ་ཁུར་བའི་འཛིན་སྐྱོང་གི་ཉམས་མྱོང་དང་ནང་ཆོས་དང་འབྲེལ་བའི་ཚོགས་སྡེ་དག་ཏུའང་ལས་ཀ་གནང་བའི་ཉམས་མྱོང་ཡོད་པ་ཞིག་ཡིན།
སྤྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་འགན་འཛིན་ལྷན་ཚོགས་དང་རྒྱུན་ལས་གསར་རྙིང་ལྷན་འཛོམས་ཐོག་རྒྱུན་ལས་གསར་རྙིང་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ།

ཐེངས་འདིའི་འགན་འཛིན་ལྷན་ཚོགས་བརྒྱུད། ཞིབ་འཇུག་ཚོགས་པའི་དྲ་བརྙན་ཚོགས་གཙོ་ཚོགས་གཞོན་ལོགས་སུ་མི་དགོས་པའི་ཐོག་ཁྱོན་ཡོངས་ནས་ཞིབ་འཇུག་ཚོགས་པའི་རྩ་བའི་རྒྱུན་ལས་ཀྱིས་འགན་འཁུར་གནང་རྒྱུ་དང་།འབྱུང་འགྱུར་ཞིབ་འཇུག་ཚོགས་པའི་ལས་དོན་ཁ་ཕྱོགས་གཙོ་བོ་ཐའེ་ཝན་ས་གནས་ཀྱི་ནང་པའི་ཆོས་བརྒྱུད་ཁག་གི་བར་མཉམ་འབྲེལ་གོང་མཐོར་གཏོང་རྒྱུ། ས་གནས་མི་མང་དང་འབྲེལ་བའི་སྤྱི་ཚོགས་ཞབས་ཞུའི་ཕྱོགས་ལ་ཤུགས་སྣོན། བོད་བརྒྱུད་ནང་བསྟན་ནང་ཁུལ་དང་རྒྱལ་སྤྱིའི་ནང་པའི་ཆོས་བརྒྱུད་གཞན་དག་བར་ལ་བགྲོ་གླེང་གོ་སྒྲིག་དང་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་སོགས་ཀྱི་ལས་དོན་གཙོ་ཆེར་འཛིན་རྒྱུར་མོས་མཐུན་བྱུང་ཡོད།

དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི། ཉིས་སྟོང་དགུའི་ལོར་ཐའེ་ཝན་དུ་བཙུགས་ཤིང་། ཐོག་མར་གཞི་རྩའི་རྐང་འཛིན་མཁན་སྤྲུལ་བཞི་ཡོད་པ་ནས་ད་ལྟ་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་བཅུ་ལས་གྲུབ་པའི་ཆོས་ཚོགས་ཁག་མཉམ་འདུས་ཀྱིས་གཉེར་སྐྱོང་བྱེད་བཞིན་པའི་ཚོགས་པ་ཞིག་ཡིན་པ་དང་།ཆོས་བརྒྱུད་ཁག་གི་བླ་ཆེན་ཚང་མས་རྒྱབ་གཉེར་དང་ངོས་འཛིན་ཡོད་པ་དང་། ཐའེ་ཝན་རྒྱལ་ཡོངས་རང་བཞིན་གྱི་ཚད་ལྡན་དེབ་སྐྱེལ་ཡོད་པའི་ཁེ་གཉེར་མིན་པའི་སྒྲིག་འཛུགས་ཤིག་ཡིན་ལ། ད་ལྟའི་ཆར་ཐའེ་ཝན་དུ་ཁྱོན་ཡོངས་ནས་ངོས་འཛིན་དང་གདེངས་འཇོག་ཡག་པོ་ཡོད་པའི་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་ཐུན་མོང་གི་ཚོགས་པ་ཞིག་ཆགས་ཡོད།
ཞིབ་འཇུག་ཚོགས་པའི་ཚོགས་གཙོ་རྒན་ཡེ་ཤེས་རབ་རྒྱས་ནི། འཁྲུངས་ཡུལ་ཁམས་ནང་ཆེན་དང་། ཆུང་ནས་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་སྒོར་ཞུགས་ཤིང་ཀ་བཀྲ་ཤིས་དགོན་སོགས་སུ་གསན་བསམ་གནང་ཞིང་། ཕྱིས་འཕགས་ཡུལ་འབྲི་གུང་བཀའ་བརྒྱུད་ཀྱི་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ་དབུ་མཛད་སོགས་ཀྱི་ལས་འགན་འཁུར་གནང་། སྤྱི་ལོ་༡༩༩༨ལོར་ཐའེ་ཝན་དུ་ཕེབས་གནང་ཞིང་། ད་ལྟའི་ཆར་ཤེས་རབ་འོད་སྣང་སྒོམ་སྒྲུབ་ལྟེ་གནས་དང་བཀའ་བརྒྱུད་བྱམས་རྩེའི་ཆོས་གླིང་སོགས་ཀྱི་འགན་འཛིན་གནང་མུས་ཐོག བོད་ནང་དུ་ད་ཕྲུག་སློབ་གྲྭ་གསར་འཛུགས་དང་། སྐབས་གཉིས་པ་དང་གསུམ་པ་བཞི་པ་བཅས་ཀྱི་ཞིབ་འཇུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གནང་བ་དང་སྐབས་ལྔ་བའི་ཞིབ་འཇུག་ཚོགས་པའི་འགན་འཛིན་ཚོགས་གཙོར་དངོས་སུ་འདེམས་ཐོན་བྱུང་ཡོད་པ་བཅས།

གསར་འགྱུར།

Post navigation

Previous Post: རིན་པོ་ཆེ། དབྱིངས་སུ་ནུབ་པའི་དུས་རབས་ཀྱི་ཟླ་བ་དཀར་པོ།
Next Post: ས་ཁྱི་ལོའི་ལུགས་སྒྱུར་ཞེས་པའི་དཔེ་ཀློག་ཟིན་ཐོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme