Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་རྫུན་གྱི་གཤིས་ཀ་མེ་ལོང་ཕུང་པོ།

Posted on 2017-10-26 By ཁ་བརྡ 1 Comment on སྤྲུལ་རྫུན་གྱི་གཤིས་ཀ་མེ་ལོང་ཕུང་པོ།

ཨེ་མ་ཧོ།
 
ཀྱེ་མ་ཧོ།།
ཁ་ནས་ཆོས་བཤད་ཟེར་ཀྱང་སྒེར་དོན་ལ་རེ་ནས།།
ལུས་ལ་ཆོས་གོས་གྱོན་རུང་ཆགས་སྡང་ལ་རྨོངས་ཞིང་།།
གདན་ལ་གསེར་ཁྲི་བཟང་ཡང་ཕྲག་དྭོགས་ཀྱིས་བཟི་བའི།།
ང་རྒྱལ་འགོང་བོའི་ཆོ་འཕྲུལ་སྤྲུལ་རྫུན་ལ་གཟབ་དགོས།།
ཉམ་ཆུང་བྱིས་པའི་མགོ་ལ་རྡོག་བརྫིས་ལ་འབད་ཅིང་།།
ཁ་ནས་རིས་མེད་ཟེར་ཅིང་རིས་ཅན་ལ་རྔམས་ཞིང་།།
ཁོག་ན་དགེ་སེམས་མེད་པའི་ངན་སེམས་ལ་གོམས་པའི།།
ངན་འཁྱམ་སྤྲུལ་རྫུན་རིགས་ལ་བག་ཡོད་ཅིག་མཛོད་རེན།།
འཛམ་གླིང་ཞི་བདེ་དགོས་ཞེས་མ་ཎི་བཞིན་བསྒྲངས་ཀྱང་།།
ནང་ཁུལ་ཁྲག་བཞིན་དཀྲུག་པའི་ཏེ་བོ་དག་མཐོང་ཚེ།།
ཁ་བཤད་ལག་ལེན་དབེན་པའི་གཡོ་ཁྲམ་གྱི་མི་ལ།།
ཆོས་ལོངས་སྤྲུལ་གསུམ་བཏགས་ཀྱང་གཡོ་རྫུན་དུ་ཤེས་དགོས།།
རྡོ་རྗེ་འཆང་ཆེན་གསུམ་པའི་ངོས་འཛིན་དང་རྟགས་ཡིག།
སི་ཏུས་རྒྱ་བོད་བསླུས་པའི་ལུང་རྫུན་གྱི་ཀརྨ།།
ཀཿརྫོགས་སྤྲུལ་བཟོ་བརྗེ་ལེན་སྒེར་སྤྱོད་དག་དཔྱོད་ན།།
འཇིག་རྟེན་མི་ཡུལ་སྤྲུལ་བསྟན་ཉམས་པ་འདི་སྐྱོ་བ།།
མི་གསོད་ལག་དམར་དགོན་བདག་དཔོན་པོ་རུ་བཀུར་ཅིང་།།
ལུགས་གཉིས་ཁྲེལ་མེད་ཆོས་ལོངས་སྤྲུལ་གསུམ་དུ་བཟོས་ན།།
རྒྱལ་བསྟན་ནང་ནས་བཤིག་པའི་སྟྭ་གྲི་རང་ཡིན་ཕྱིར།།
དྲན་ཤེས་བག་ཡོད་ངང་ནས་རྒྱང་རིང་ལ་དོར་དགོས།།
བཤད་པ་ལུང་གི་བསྟན་པ་སྣང་མེད་དུ་གཡུགས་ནས།།
སྒྲུབ་པ་རྟོགས་པའི་བསྟན་པ་ཏིལ་འབྲུ་ཙམ་དབེན་ཀྱང་།།
རྒྱུ་ནོར་དཔུང་གིས་དགོན་སྡེའི་དབང་ཆ་ལ་སྤྱོད་པའི།།
ཆོས་མེད་འཇིག་རྟེན་ལས་ཀི་གཡོ་འཕྲུལ་དེ་སྐྱུར་ཤོགས།།
རྒྱལ་བསྟན་བཤད་སྒྲུབ་སྙིང་པོ་སྲོག་རྩ་ལ་བཟུང་ནས།།
དྲང་བདེན་རིགས་ཀྱི་བུ་ལ་བླ་མ་བཞིན་བཀུར་སྟེ།།
ལས་འབྲས་བསླུ་མེད་གནས་ལ་བདེན་དཔུང་དུ་མཛོད་དང་།།
འདི་ཕྱིའི་ཕན་བདེ་མཛད་པའི་ཕྱག་ལས་རེ་རེམ་རེམས།།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ལྷ་བབས་ཟླ་བའི་དཀར་ཕྱོགས་སྟོང་བ་གཉིས་པར་སུན་སྣང་ཞིག་དང་ལས་ཧྲི་ཤོང་ངོར་ཤྲཱིས་སོ།།

སྙན་ངག

Post navigation

Previous Post: མ་ཡུམ་སློབ་གྲྭའིའཁྲུངས་སྐར་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས།
Next Post: ཡབ་ཆེན་གྱི་རེ་བ།

Comment (1) on “སྤྲུལ་རྫུན་གྱི་གཤིས་ཀ་མེ་ལོང་ཕུང་པོ།”

  1. ཀརྨ། says:
    2021-06-26 at 10:01 pm

    ༅༅།། །ཕྲག་དོག་ཉོན་མོངས་དུག་སྦྲུལ་ཁོག་ཏུ་སྦས། །ཆགས་སྡང་འཐེན་ཁྱེར་མཆེ་སྡེར་རབ་ཏུ་བསྒྲད།
    །ཡང་དག་རྒྱུ་མཚན་རྨོངས་པའི་ངུར་སྒྲ་འབྱིན། །ལྟས་ངན་དྲྭ་འབུའི་ལུས་སུ་བདག་མ་སྐྱེ།

    །མགོ་པར་ཙམ་ཡང་བསྟན་པའི་སྤོབས་པ་མེད། །མིང་རྫུན་ཁོག་ཏུ་ཡིབ་ནས་དཀྲུག་ཤིང་བྱེད།
    །ཕྱི་འདྲེ་ནང་འདྲེན་ལྟས་ངན་བླ་བཙོངས་མཁན། །ལས་ངན་དྲྭ་འབུའི་རིགས་སུ་བདག་མ་སྐྱེ།

    །ཕྱི་དགྲ་མཐོང་དུས་ཝ་མོ་ལྟར་དུ་ཞུམ། །ཕུ་ནུའི་ཐོག་ཏུ་སྟག་མོ་ལྟར་དུ་ངར།
    །ཕྱི་འཇམ་ནང་རྩུབ་བོད་ཀྱི་ཞབས་འདྲེན་བ། །བསོད་ཟད་དྲྭ་འབུའི་རིགས་སུ་བདག་མ་སྐྱེ།

    །ལུགས་གཉིས་ཞོ་ལྟར་ཆགས་དུས་ཁྲག་ལྟར་དཀྲུགས། །མི་རིགས་རྒྱལ་ཁབ་དངུལ་དང་གོ་སར་བརྗེ།
    །རྒྱལ་འཚོང་དངུལ་རྗེས་འབྲངས་བའི་དྲྭ་འབུའི་རིགས། །སྐྱེ་བ་ཀུན་ཏུ་མི་སྐྱེ་སྨོན་ལམ་འདེབས།

    ༢༣/༦/༢༠༢༡ ལ་ཀརྨ་ནས་བྲིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme