Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཡུམ་སློབ་གྲྭའིའཁྲུངས་སྐར་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས།

Posted on 2017-10-26 By ཁ་བརྡ 1 Comment on མ་ཡུམ་སློབ་གྲྭའིའཁྲུངས་སྐར་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས།

མིང།-བཀྲ་ཤིས་རྡོ་རྗེ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ།-༨ རང་ལོ།-༡༤
 
དེ་རིང་གི་གནམ་གཤིས་ནི་མཐོང་ན་ཁོང་ཁྲོ་ཟ་ཞིང་བསམ་ན་འཚིག་པ་ཟ་བའི་སྤྲིན་ནག་གིས་ཐིབ་ཡོད་པ་དང་ཆར་པ་མཚམས་མེ་འཇོག་པར་ཆར་ཐག་འབབ་བཞིན་འདུག། ད་དུང་ལས་ངན་ལ་དུས་ངན་ཟེར་བ་སྟར་བོད་དགེ་ཟླ་བ་ཚེ་རིང་མཆོག་ཀྱང། དེ་རིང་གི་གནམ་གཤིས་ལྟར་རང་གི་གདོང་ནག་རེ་འཁྱེར་ཏེ་ཁོང་ཁྲོ་དང་བཅས་ངའི་མིག་མདུན་དུ་བསླེབས་མ་ཐག་བསམ་དབང་དྲན་དབང་མེད་པར་ཁ་ནས་ཁ་སང་གི་རྩོམ་ཡིག་སྟེ་(མ་ཡུམ་དཔེ་སྟོན་སློབ་གྲྭ།)ཐོག་རྩོམ་ཡིག་དོན་སྙིང་ལྡན་པ་ཞིག་བྲིས་གསུངས་སོང་བས། ངའི་བྲང་གཞུང་ནས་ཉོབ་སྣང་གི་ཚོར་བ་ཞིག་གི་ང་རང་སུན་སྣང་གིས་ཁེངས་ནས་ཡོང་བའི་ཁར་རྩོམ་དེབ་ཀྱི་ཁ་བརྒྱབ་སྟེ་འཛིན་ཁང་གི་ངཕྱི་ལོག་ཏུ་ཐཽན་འགྲི་བསམ་མོད། འོན་ཀྱང་བུ་ཆུང་ང་ལ་མཚོན་ན་འདི་ལྟ་བུའི་སྤོབས་པ་ཤིག་ག་ལ་ཡོད། ད་དུང་ལྷག་པར་དུ་རང་ཉིད་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་དེ་ལྟར་སྒྲུབ་ག་ལ་རུང། ཡིན་ནའང་བུ་ང་ལ་མཚོན་ན་རྩོམ་འབྲི་བ་ནི་འཇིག་རྟེན་དེའི་ཐོག་གི་བྱ་བ་དཀའ་ལས་ཁག་ཤོས་དང་མཚུངས། རྒྱུན་གཏངན་དགེ་ལས་ཡོངས་ཀྱིས་ང་ལ་ཕུལ་བྱུང་སློབ་མ་ང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཕུལ་བྱུང་སློབ་མ་ཟེར་བའི་མིང་བྱང་རེ་ཐེག་དཀའ་བར་མ་ཟད་རྩོམ་འབྲི་བ་ནི་ཕྲུ་གུ་ང་ཆུང་ཆུང་གིས་ཀ་ཁ་ག་ང་འབྲི་པ་དང་གཞས་བཏང་པ་ནང་བཞིན་གང་དྲན་དྲན་འབྲི་ཆོག་པ་དང་གང་དྲན་དྲན་བཤད་ཆོག་པ་ཞིག་ག་ལ་ཡིན། རེ་བས་ངས་རང་སེམས་ལྡོམ་པོ་འདི་བཙན་གྱིས་གཅུན་ཏེ་མི་འདོད་བཞིན་དུ་སྨྱུག་གུ་ཆུང་ཆུང་འདི་ཨུ་ཚུགས་ཀྱིས་མི་བཙིར་ཐབས་མེད་བྱུང་སྟེ་རྩོམ་ཞིག་འབྲི་འགོ་འབད་བརྩོན་བྱེད།

འཇིག་རྟེན་འདིའི་ཐོག་ཡོད་པའི་དཀའ་ངལ་གྱིས་ངའི་མུན་ནག་གི་མི་ཚེར་ལས་སྒྲོན་མེ་རབ་རིབ་ཀྱི་འོད་འཕྲོ་འགོ་བཙུགས་མཁན་ནི་བརྩེ་བའི་མ་ཡུམ་དཔེ་སྟོན་སློབ་གྲྭའི་དེ་ནང་འཚར་ལོངས་བྱུང་བའི་ངེད་གཉིས་ཀྱི་འབྲེལ་བ་ནི་འོ་ཆུ་འདྲེས་པ་བཞིན་ཡོད། མཚམས་རེ་ངས་རང་ཉིད་ཀྱི་ངོ་གདོང་མེ་ལོངས་ནང་བསྟས་པ་ན་ང་འདྲ་བའི་བུ་ཞིག་སྙན་གྲྭགས་ཅན་གྱི་སློབ་གྲྭ་འདིའི་ནང་སླེབས་ཐུབ་པ་དེ་ང་རང་བསོད་དེ་ཡོད་པའི་རྟགས་རེད་བསམ་གྱི་ཡོད། ང་དང་འདྲ་བའི་སློབ་ཕྲུག་མང་པོ་ཞིག་གི་ལོ་རྒྱུས་ཏེ་དཔེ་སྟོན་གྱི་ཁང་མིག་ཆུང་ངུ་གསེབ་ན་བཀོད་ཡོད། སློབ་གྲྭ་འདིའི་ཁོར་ཡུག་ཆུང་ཆུང་ཞིག་ལས་མེད་ཀྱང་ཤེས་ཡོན་ནི་རྒྱ་མཚཽ་ལས་གཏིང་ཟབ་ཞིང་ནམ་མཁའ་ལས་མཐོ་བ་ཡོད། སློབ་གྲྭ་འདིའི་ནང་ཁོར་ཡུག་ཆུང་ཆུང་ཞིག་ལས་མེད་པའི་རྐྱེན་སློབ་ཕྲུག་ཕན་ཚུན་ཧ་ཅང་འཆམ་པོ་ཡོད། ངའི་སློབ་གྲྭ་ནང་བོད་ཀྱི་སྐད་ཡིག་ཐོག་ལ་ལ་རྒྱ་རང་ཞེན་ཁོག་ཆེ་ཞིང་སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་བྱས་པ་དང་སྐད་ཡིག་གི་གཤོག་རྩལ་ངོགས་ཏེ་མགོ་བོ་གྱེན་ལ་བཏེགས་ཏེ་བསྐྱོད་ཐུབ་ཀྱི་ཡོད་ཅེས་སྨྲ་བར་སྤོབས། དེར་བརྟེན་ང་ཚོའི་སློབ་གྲྭ་ནི་སྐད་ཡིག་ཐོག་སློབ་གྲྭ་གཞན་ཚང་མ་ལ་དཔེ་སྟོན་མཁན་གྱི་སློབ་གྲྭ་ཞིག་ཆགས་ཡོད། ང་ཚོའི་སློབ་གྲྭའི་རྩེད་ཐང་དེ་ཆུང་མོ་ལས་མེད་ཀྱང་སློབ་ཕྲུག་ཡོངས་རྩེད་ཐང་དེའི་ཐོག་ཕན་ཚུན་མཆམ་མཐུན་གྱི་དགོད་སྒྲའི་ངང་རྩེད་མོ་རྩེས་ཀྱི་ཡོད། མ་ཡུམ་ཁྱོད་ནི་ང་ཚོའི་སློབ་ཕྲུག་ཡོངས་ཀྱི་ཁྱིམ་གཞིས་གཉིས་པ་ཙམ་མ་ཟད་མི་ཚེའི་མདུན་ལམ་ཁ་ཕྱོགས་ཀྱི་གོམ་སྟབས་ཐོག་མ་སྤོས་ས་དེ་ཡིན། ངའི་སློབ་ཆུང་གི་འཚོ་བའི་ཁྲོད་ང་ལ་མ་སྐྱིད་པའི་ཚོར་སྣང་མང་པོ་ཞིག་གི་འཇབ་རྒོལ་བྱེད་པི་སྐབས་དཀའ་ངལ་དེ་དག་མ་ཡུམ་ཁྱེད་ཀྱིས་བསལ། དེ་ལྟར་ང་ཆུང་དུས་ལོ་དྲུག་ལ་སོན་པའི་བུ་ང་ཤེས་བྱའི་གནས་ཚད་ཅུང་ཙམ་ཞཉ་པོ་ཡོད་པས་དཔེ་སྟོན་གྱི་ལྕགས་སྒོ་ནང་འཛུལ་མ་ཐག་སློབ་རིམ་གྱི་ལས་ལ་བསྐྱོད། མ་ཡུམ་ཁྱོད་ཀྱི་ང་ལ་མ་འོངས་པའི་མདུན་ལམ་གྱི་སྲང་ལམ་སྟོན་བྱུང་ལ་ཤེས་ཡོན་གྱི་དམིགས་ཡུལ་སྦྱིན་སོང། མ་ཡུམ་ཁྱོད་ནི་ངའི་ཆེད་དུ་འཇིག་རྟེན་ཐོག་གི་རིན་ཆེན་ནོར་བུ་དང་འདྲ་བའི་ང་ལ་མཚོན་ན་ཁྱོད་ནི་བརྗེད་ཐོབས་མེད་པའི་མཛའ་གྲོགས་ཞིག་དང་མཚུངས།

བྱིས་རྩོམ་

Post navigation

Previous Post: ཁ་སང་གི་གུང་གསེང་།
Next Post: སྤྲུལ་རྫུན་གྱི་གཤིས་ཀ་མེ་ལོང་ཕུང་པོ།

Comment (1) on “མ་ཡུམ་སློབ་གྲྭའིའཁྲུངས་སྐར་ལ་ཕུལ་བའི་སེམས་ཀྱི་ཁ་བཏགས།”

  1. དཀོན་ཅོག། says:
    2017-10-28 at 12:14 am

    སློབ་མ་ཁྱེད་རང་དཔེ་སྟོན་སློབ་གྲྭ་ཡིན་པའི་དགའ་སུ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme