Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁེར་རྐྱང་གི་གཏམ།

Posted on 2017-10-12 By ཁ་བརྡ 2 Comments on ཁེར་རྐྱང་གི་གཏམ།

དོན་འགྲུབ་བཀྲ་ཤིས་ནས།
 
དེ་རིང་ཁེར་རྐྱང་ངང་བསེ་རུ་ལྟར་གཅིག་པུར་ཉུལ་བའི་དུས་ཚོད་འདིར་བདག་དང་འབྲེལ་འདྲིས་ཆེ་བའི་གྲོགས་དག་མཉམ་དུ་སྐད་འཕྲིན་རྒྱུད་ནས་བདེ་སྡུག་གི་གནས་བབས་དང་དགའ་སྐྱོ་ཡི་འཚོ་བ་དག་གླེང་མོལ་བྱས་པ་ཡིན། གླེང་མོལ་དེ་དག་གི་ཁྲོད་ནས་རང་གིས་བསམ་གཞིགས་ཤིག་བྱས་ན།

ངོ་མ་བརྗོད་མི་ཤེས་པའི་ཚོར་བ་གསོན་པོ་དང་གླེང་མི་ཐུབ་པའི་དགའ་བས་ཁེངས་སོང་། དེ་ནི་བདག་ལ་བརྩེ་བ་ལྷད་མེད་བཅངས་པའི་གྲོགས་དག་གིས་ཐུགས་འཁུར་ཚད་མེད་གནང་བ་དང་སྙིང་གཏམ་གསོན་པོ་རང་བཤད་པས་ཡིན། དགའ་འོས་པ་ཞིག་ལ་བདག་གི་གྲོགས་པོ་མང་པོ་ཞིག་ས་ཕྱོགས་མི་གཅིག་པའི་གང་སར་བཞུགས་ཡོད་ཀྱང་། གློ་བ་དཀར་བའི་གྲོགས་དག་གི་སེམས་པ་དཀར་པོ་དེ་བདག་ཕྱོགས་ལ་འཁོར་འདུག་པས་བདག་ནི་དགའ་བའི་མིག་ཆུ་མིག་ནས་ཤོར་ཞིང་གདོང་ནས་ལྷུང་སོང་།

སྐྱོ་འོས་པ་ཞིག་ལ་བདག་རང་ནི་མི་རང་འདོད་ཚ་པོ་དེ་འདྲ་ཡིན་པས་རྒྱུན་ལྡན་རང་འདོད་ཆེ་བའི་སྐྱོན་གྱིས་གྲོགས་པོ་དག་ལ་སུན་པོ་བཟོ་རྒྱུ་དེ་རེད་འདུག དེ་བཞིན་བདག་ནི་དགའ་མགྱོགས་ལ་སྐྱོ་སླ་བའི་མི་ཞིག་ཡིན་ཙང་དུས་རྒྱུན་དགའ་སྐྱོ་ཟུང་འབྲེལ་གྱི་རྒྱུན་ཆད་མ་མྱོང་། དགའ་བ་ནི་དེ་རིང་རང་ག་ལ་ཡིན་ཏེ་དེའང་མིན། སྐྱེ་འགྲོ་སེམས་ཅན་ཞིག་ཡིན་ཚུན་ཆད་ལ་རང་ཉིད་འཚོ་སྡོད་བྱེད་སར་ཨང་དང་པོ་ཞིག་བརྩི་དགོས་ཚེ་ད་ལྟ་རང་ཉིད་འཚོ་སྡོད་བྱེད་སའི་ས་ཆ་འདི་སྤྱིར་གཞན་ཡུལ་ཞིག་ཡིན་ཀྱང་ལྟོ་ཟས་རྒྱབ་གོས་ནི་རང་ཡུལ་ལས་ལྷག་ཞིག་དཔལ་ལ་རོལ་བའི་གནས་ཤིག་མེད་ཀྱང་།

མི་ཟེར་བ་དེ་ནི་དགའ་སྡུག་གི་རང་བཞིན་ཞིག་ཡིན་ཚེ་དགའ་སྐབས་དགའ་བའི་གྲོགས་མང་པོ་ཡོད་པ་ལས་རྒུད་ཚེ་སྡུག་མཉམ་འཁུར་བྱེད་མཁན་ཧ་ཅང་དཀོན་པོ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། བདག་ལ་དགའ་ན་རྟ་ཕོ་མཉམ་བཞོན་དང་། སྡུག་ན་འཁུར་པོ་མཉམ་འཁུར་བྱེད་མཁན་མང་པོ་ཡོད་པ་དེས། གནད་འགག་སྐབས་སུ་དགའ་རྒྱུ་བྱུང་བ་ནི་རྒྱུ་མཚན་དེའི་དོན་ཡིན། ནམ་རྒྱུན་ང་ཚོའི་རང་གཞན་སེམས་ཅན་ཐམས་ཅད་རྡུགས་པོ་མ་ཡོང་བར་ཤོག སྡུག་བསྔལ་དང་བྲལ་བར་གྱུར་ཅིག བདེ་བ་དང་ལྡན་པར་གྱུར་ཅིག་ཟེར་ནས་ཁ་ལས་འབྲལ་ཐབས་མེད་པའི་ཚིག་སྙན་པོ་ཤ་སྟག་བརྗོད་ཀྱིན་ཡོད་རེད་མ་གཏོགས་གནད་འགག་སྐབས་ལག་པ་བརྐྱང་མཁན་ཧ་ཅང་ཧ་ཅང་ཉུང་ཉུང་རེད།

དེ་རྒྱུ་མཚན་གང་ལ་ཐུག་པ་རེད། ཁ་ཡིས་གཞན་དོན་གླེང་བ་ཙམ་ལས་དོན་དུ་སྒེར་དོན་ཆེ་སོང་བས་ལན་པ་རེད་འདུག་དྲན་ཡོད། རྒྱུ་མཚན་དེ་དག་ལ་གཞིགས་ན་དུས་རྒྱུན་ཁ་ཁོག་མཚུངས་པའི་མི་ལ་འབྲེལ་འདྲིས་ཅུང་ཙམ་ཡོད་པ་ཡིན་ན་གནད་འགག་སྐབས་སུ་རོགས་རེམ་འདའ་རང་འབྱུང་རེད་འདུག

ངས་ནི་གནས་སྐབས་བདག་ལ་དཀའ་ངལ་འཕྲད་ཚེ་བཤད་པའི་སྐད་ཆ་ཞིག་རྩ་བ་ནས་མིན། རྒྱུན་ལྡན་མི་མང་པོ་ལ་ཁ་གཏིང་སེམས་གཏིང་ནས་འབྲེལ་འདྲིས་ཆེན་པོ་བྱེད་ཀྱི་ཡོད་པས་དེ་དག་ལས་བརྒྱ་ཆ་བདུན་བཅུ་ཙམ་གྱིས་བདག་ལ་ལྟ་སྟངས་ཡག་པོ་ཡོད། ལ་ཤས་ནི་དགའ་ན་དགོད་རྒྱུ་མེད་པ་དང་དྲིན་ཚོར་མི་ཤེས་པ་མང་པོ་ཡོད། དེ་དག་ནི་མི་གཞི་ཀུན་སྤྱོད་ལ་བསྒྱུར་བཅོས་གཏོང་མེད་པ་དང་ཉམས་མྱོང་གང་འཚམས་སྤེལ་མ་མྱོང་པའི་སྐྱོན་རེད་འདུག་དྲན་གྱིན་ཡོད། དེ་ནི་རང་སྒེར་ལ་དཀའ་ངལ་ཞིག་འཕྲད་ན་བསམ་ཤེས་ཐུབ་ཀྱི་རེད་དྲན་བཞིན་ཡོད།

མདོར་ན་དུས་རྒྱུན་ཡག་ངོ་དང་སྡུག་ངོ་སྟོན་མ་ཤེས་ན་མི་གྲལ་ལ་ཚུད་དཀའ་མོ་རེད། དཀའ་ངལ་འཕྲད་སྐབས་མི་ལ་རེ་བ་དང་མི་དགོས་མཁོ་ཡོད་ཟེར་བ་དང་། རྒྱུན་ལྡན་སྣང་མཐོ་རང་བྱས་པ་ཡིན་ན་གནད་འགག་སྐབས་སུ་འགག་འཕྲང་ནས་སྐྱབས་མཁན་ཞིག་དཀོན་པོ་རེད་འདོད།
ཁ་ཡིས་ཚིག་སྙན་པོ་དང་སྐད་ཆ་སྦོམ་པོ་ཞིག་རང་ཕྱོགས་དང་ཡུལ་འཐེན་ཕྱོགས་ཞེན་ཆེ་ན་མཐའ་མ་རང་ཉིད་བརླག་བྱེད་ཅིག་མ་གཏོགས་ཕན་ཐོགས་གཞན་པ་ཞིག་ཡོད་ཁ་པོ་རེད་དྲན་བྱུང་།

དེའི་ཕྱིར་དུ་མཐོ་དམན་འདྲ་མཉམ་སུ་དང་གང་ལ་ཡིན་ན་ངོས་ལྐོག་མེད་པ་དང་ཁ་ཁོག་མཚུངས་པ་ཞིག་བྱེད་རྒྱུ་ནི་མི་བུ་ཞིག་གིས་སྤྱོད་ལམ་ཨང་དང་པོ་ཞིག་ལ་འདོད་དགོས་རྒྱུ་ཁ་ཡོད་ལག་ཡོད་དང་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད་འདུག་སྙམ།

ལྷུག་རྩོམ།

Post navigation

Previous Post: བོང་བུར་བདེན་པ་མང་།
Next Post: བླ་མ་སྐུ་ཚེ་བརྟན་ལ་གསོལ་བ་འདེབས།

Comments (2) on “ཁེར་རྐྱང་གི་གཏམ།”

  1. གནམ says:
    2017-10-15 at 1:08 am

    གྲོགས་པོ་གཅིག་ལས་མང་མི་ཉན། གྲོགས་པོ་དེ་ལ་གྲོགས་པོ་གཞན་ཡོད་མི་ཉན། དེ་འདྲའི་གྲོགས་པོ་ཡོད་ན། རེ་བ་དང་ཡིད་ཆེ་ཡོད་ཚད་བཀལ་ཆོག། དཔེར་ན། ཟླ་བོ་གཅིག་ལས་མེད་ན་ལུས་སེམས་བདེ་བའོ།

    ངོ་ཤེས་བརྒྱ་བརྒྱ་སྟོང་སྟོང་ཡོད་དགོས། ངོ་ཤེས་དེ་ཚོ་ལ་ཡང་ངོ་ཤེས་གྲོགས་པོ་ག་ཚོད་ཡོད་ན་དེ་ཙམ་གྱིས་བཟང་། མི་ཚོགས་དེ་ཚོ་ལས་དཀའ་སྡུག་ཞུ་ས་དང་རེ་བ་བརྟན་ས་འཚོལ་བའམ་སྨོན་པ་ནི། རང་ཉིད་རང་གིས་བོར་བའི་མ་རིག་པའོ།
    སེམས་བཟང་དང་ཀུན་མཐུན་བྱེད་པ་ནི་མིའི་རིན་ཐང་ལ་ཡོད་དགོས་བ་ལས། རང་དོན་སྒྲུབ་པར་ངོ་དཀར་སྟོན་པ་ནི། མི་དེ་ལ་མ་གཞི་མེད་པས། མ་གཞི་མེད་པའི་མི་ལ་མི་གཞི་ལྡན་པའི་འགྲུལ་རོགས་ཞིག་གང་ནས་རྙེད།

    རང་འདོད་གཅུན་བྱེད་ཀྱི་སྨན་ཡག་ཤོས་དེ་ནི། རང་འདོད་རང་ལས་ཆེ་བ་དེ་འདྲ་དང་ཁ་ལྟ་བྱེད་རྒྱུ་གལ་ཆེའོ།

  2. ཨ་འབར་འཇིགས་དབང། says:
    2017-11-10 at 2:43 pm

    ༄༅། དོན་འགྲུབ་བཀྲིས་ལགས་ནས་ཡག་པོ་ད་བྲིས་གནང་འདུག་ཀྱང་ཁ་བཤད་དོན་ལ་
    མི་གནས་པ་ཤ་སྟག་རེད། གང་ལགས་ཟེར་ན་རང་གཅེས་འཛིན་གྱི་ལྟ་བ་དེ་ཉུང་དུ་
    གཏོང་ཐུབ་ཀྱི་མེད་པ་རེད། རང་ལས་གཞན་གཅེས་པའི་དོན་གནད་ལག་ལེན་བསྟར་
    མཁན་ཤིན་ཏུ་དཀོན། དཔེར་ན་ལོ་ཉི་ཤུ་སུམ་བཅུ་ནང་ཆོས་ལ་སློབ་གཉེར་བྱས་ཏེ་དགེ་
    བཤེས་ཐོན་ཡང་རང་གཅེས་འཛིན་མ་གཏོགས་་་གཞན་གཅེས་འཛིན་བྱེད་མི་ཐུབ་ཅིང་སྒོར་
    ལ་ཞེན་ཆགས་སྐྱེས་པའི་དབང་གི་རེད་། མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme