Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་གསོ་རིག་ལས་ལུས་སེམས་བདེ་ཐང་དེ་ཐུན་མོང་གི་གསོ་ཐབས་འཚོལ་བ།

Posted on 2017-10-112017-10-13 By འཚོ་བྱེད་བུ 6 Comments on བོད་ཀྱི་གསོ་རིག་ལས་ལུས་སེམས་བདེ་ཐང་དེ་ཐུན་མོང་གི་གསོ་ཐབས་འཚོལ་བ།

བོད་ལུགས་གསོ་རིག་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་སྐབས་གསུམ་པ་ལུས་སེམས་བདེ་ཐང་བགྲོ་གླེང་ཚོགས་ཆེན་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ དང་ ༧ རེས་གཟའ་པ་སངས་དང་སྤེན་པ་ཉིན་གཉིས་རིང་ཨ་རི་སྦོ་སི་ཊོན་གྲོང་ཁྱེར་ཧར་ཝར་ཌི་གསོ་རིག་སློབ་གླིང་གི་Harvard Medical School Joseph B. Martin Conference Center གྲོས་ཚོགས་ཁང་དུ་གཟབ་རྒྱས་ངང་མཇུག་སྒྲིལ་ཡོད་པ་རེད།

ཚོགས་ཆེན་འདིའི་དམིགས་ཡུལ་ནི་བོད་ཀྱི་གསོ་རིག་ལས་ལུས་སེམས་བདེ་ཐང་དེ་ཐུན་མོང་གི་གསོ་ཐབས་འཚོལ་བ་ཞེས་པའི་བརྗོད་གཞི་གཙོ་བྱས་ཏེ་ལུས་སེམས་བདེ་ཐང་དང་འབྲེལ་བའི་གསོ་བཅོས་དང་གཞུང་ལུགས་ལག་ལེན་ཞིབ་འཇུག བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གཉིས་ཟུང་སྦྱོར་ལག་ལེན་བྱེད་ཚུལ་དང་ནད་ཐོག་ལག་ལེན་ཞིབ་འཇུག  དེང་རབས་གསོ་བཅོས་མ་ལག་སྤྱི་དང་འབྲེལ་བའི་ཞིབ་འཇུག་གི་འབྲས་བུ་ངོ་སྤྲོད། བོད་ལུགས་སྨན་རྫས་ཀྱི་བདེ་འཇགས་དང་ཕན་ནུས་ཞིབ་འཇུག  བོད་ལུགས་སྨན་སྦྱོར་གྱི་ནད་ཐོག་ཚོད་ལྟ་ཞིབ་འཇུག  སྒོམ་སྒྲུབ་དང་ལུས་སྦྱོང་དབུགས་སྦྱོང་ཉམས་ལེན་གྱིས་ལུས་སེམས་ཀྱི་བདེ་ཐང་དང་ཀླད་པའི་དབང་རྩར་བྱེད་ལས་འདོན་ཚུལ། བོད་ལུགས་གསོ་རིག་དང་སྐྱེ་ཁམས་ཁོར་ཡུག་གི་འབྲེལ་བ། བོད་ལུགས་གསོ་རིག་གིས་བདེ་ཐང་ལ་ཐོན་པའི་ནུས་པ་འདོན་སྤེལ། བོད་ཀྱི་གསོ་རིག་རྒྱལ་སྤྱི་སྟེང་དར་སྤེལ་དང་ངོས་ལེན་བྱ་རྒྱུ་སོགས་ཡིན་པ་ལྟར། ཚོགས་ཆེན་སྟེང་གཏམ་བཤད་པ་བཞི་བཅུ་ལྷག་གིས་བརྗོད་གཞི་འདྲ་མིན་སྟེང་དཔྱད་རྩོམ་སྒྲོག་སྦྱང་གནང་ཞིང་། འཛམ་གླིང་རྒྱལ་ཁབ་ཉི་ཤུ་ལྷག་ནས་བོད་ཀྱི་གསོ་རིག་སྤྱི་དང་ལྷག་པར་གནའ་དེང་གསོ་རིག་ཟུང་འབྲེལ་བྱེད་ཐབས་ལ་སྤྲོ་བ་ཡོད་མཁན་དང་དོན་གཉེར་ཅན་སུམ་བརྒྱ་ལྷག་ཕེབས་ཐུབ་པ་བྱུང་ཡོད།

འཛམ་གླིང་ཀྲུང་མཐུན་བོད་གསོ་ཆེད་ལས་ཚོགས་པའི་ཚོགས་གཙོ་དང་། མཚོ་སྔོན་འཇིགས་མེད་བོད་སྨན་སྡེ་ཚོགས་ཀྱི་འགན་འཛིན་སྨན་པ་འཇིགས་མེད་ཕུན་ཚོགས་ཀྱིས་ཚོགས་ཆེན་དབུ་འབྱེད་གནང་བར། ཁོང་གིས་བོད་ཀྱི་གསོ་རིག་ནི་བོད་མི་དམངས་ཀྱི་ཤེས་རིག་གི་ཉིང་བཅུད་དང་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་པ་མ་ཟད། མིའི་རིགས་སྤྱི་ལ་དབང་བའི་ཁྱད་ནོར་ཞིག་ཡིན་པར་བརྟེན། རྒྱལ་ཁབ་དང་མི་རིགས་མི་འདྲ་བ་ཡོངས་ཀྱིས་བོད་ཀྱི་གསོ་རིག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཚན་རིག་ཐབས་ལམ་སྤྱད་ནས་བོད་ཀྱི་གསོ་རིག་སྨན་དཔྱད་ལ་ཞིབ་འཇུག་དང་དགེ་སྐྱོན་གླེང་སློང་བྱེད་པ་བརྒྱུད་ནས་མི་ཉམས་གོང་འཕེལ་བཏང་སྟེ་མིའི་རིགས་ཀྱི་ལུས་སེམས་བདེ་ཐང་ལ་བྱས་རྗེས་བླ་ན་མེད་པ་འཇོག་དགོས་པ་གལ་ཆེན་ཡིན་པ་སོགས་གསུང་ཡོད། ཚོགས་ཆེན་དབུ་འབྱེད་སྟེང་ཧར་ཝར་ཌི་གསོ་རིག་སློབ་གླིང་དབང་རྩ་སྡེ་ཁག་གི་སློབ་དཔོན་ཆེན་མོ་དང་སློབ་གླིང་གི་འགོ་གཙོ་གཞོན་པ་དང་མ་སུ་ཆུ་སེ་ཊི་ ཇེ་ནེར་རལ་སྨན་ཁང་གི་རིགས་རྒྱུན་སྐྱེད་འཕེལ་དང་རྒས་གསོ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་Rudolph Tanzi ཡིས་རྒས་ནད་ Alzheimer ལ་ཕན་པའི་རང་བྱུང་སྨན་རྫས་ཀྱི་གསོ་ཐབས་དང་། ལྷ་ས་སྨན་རྩིས་ཁང་གི་འགོ་གཙོ་གཞོན་པ་ཡུམ་བྷ་ཡིས་གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོའི་ངོ་སྤྲོད་མདོར་བསྡུས། ཧར་ཝར་ཌི་ལྷ་རིག་པའི་ཞིབ་འཇུག་སློབ་གླིང་གི་སློབ་དཔོན་ཆེན་མོ་འབུམ་རམས་པ་ Janet Gyatso ཡིས་བོད་ལུགས་གསོ་རིག་ཞིབ་འཇུག་ཐད་ཀྱི་དཀའ་ངལ་སྐོར་གསུང་བཤད་གནང་ཡོད།

གཞན་ཡང་ཆེད་མཁས་པ་ཁག་ཅིག་གིས་སྲོལ་རྒྱུན་གསོ་རིག་དང་ལུས་སེམས་བླ་སྲོག་གི་བདེ་ཐང་གླེང་བ་ཞེས་པ་དང་། བོད་ལུགས་གསོ་རིག་ཞིབ་འཇུག་ཁྲོད་ཀྱི་ལུས་སེམས་བར་གྱི་འགལ་འབྲེལ་གླེང་བ། གསོ་བ་རིག་པའི་ཁྲོད་ཀྱི་བླ་ཞེས་པའི་གལ་ཆེན་རང་བཞིན་གླེང་བ། ནུབ་བོད་གསོ་རིག་གི་འཆི་བ་དང་འཆི་ཁའི་ཐད་ཀྱི་སྨན་དཔྱད་དང་བློ་རྟོག་སྤྱི་ཚོགས་དང་འབྲེལ་བའི་གནད་དོན་སྐོར་གླེང་བ། བོད་མི་མཐོ་སྒང་དུ་གནས་སྡོད་བྱེད་པར་བརྟེན་ནས་སྐྱེ་དངོས་གསོ་རིག་ལ་ལེགས་སྐྱེས་འབུལ་བའི་གྲུབ་འབྲས་གླེང་བ། ཕོ་རུབ་ནད་ཀྱི་ཕྱིའི་མངོན་རྟགས་དང་ནང་གི་སྐྱེ་དངོས་ཕྲ་རྫས་བར་གྱི་འབྲེལ་བར་དཔྱད་པ། བྱང་ཨ་རིར་གནས་སྡོད་བོད་མིའི་འཕྲོད་བསྟེན་དང་སྨན་དཔྱད་དང་ལུས་སེམས་མནར་གདུང་སྐོར་གླེང་བ། བོད་ཁམས་སུ་བེད་སྤྱོད་གཏོང་བའི་ཁྲག་ཤེད་འཇལ་ཆས་ཀྱི་དཔྱད་འཇོག  བོད་མིའི་སྤྱི་ཚོགས་ཀྱི་གློ་གཅོང་དང་མཆིན་ནད་དུག་ཐབས། HIV འགོས་ནད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་པ། བོད་ལུགས་གསོ་རིག་གི་ཉེས་པ་གསུམ་སྐྱེ་དངོས་གསོ་རིག་གི་ཁྱབ་ཁོངས་སུ་ནད་ཐོག་ལག་ལེན་བྱེད་ཕྱོགས། བོད་ལུགས་གསོ་རིག་ལ་ཚན་རིག་གི་ལམ་ནས་བདེན་དཔང་ཁུངས་སྐྱེལ། ལག་པར་བརྟེན་པའི་བཟོ་སྦྱོར་ནས་འཕྲུལ་ཆས་ལ་བརྟེན་པའི་བཟོ་སྦྱོར་ཏེ་བལ་ཡུལ་གྱི་འདས་མ་འོངས་ད་ལྟ་གསུམ་གྱི་བོད་ལུགས་སྨན་སྦྱོར་སྐོར་སོགས་དཔྱད་རྩོམ་བཞི་བཅུ་ལྷག་སྒྲོག་སྦྱང་དང་བགྲོ་གླེང་ལྷུག་པོར་གནང་ཡོད།

ཚོགས་ཆེན་འདི་བཞིན་ཧར་ཝར་ཌི་གསོ་རིག་སློབ་གླིང་གཙོས་མ་སུ་ཆུ་སེ་ཊི་ ཇེ་ནེར་རལ་སྨན་ཁང་དང་ཧ་ཝར་ཌི་སློབ་ཆེན་གསོ་རིག་སློབ་གླིང་གི་དབང་རྩའི་སྡེ་ཁག་གི་རིགས་རྒྱུན་སྐྱེད་འཕེལ་དང་རྒས་གསོ་ཞིབ་འཇུག་ལྟེ་གནས། ཧར་ཝར་ཌི་སློབ་ཆེན་ལྷ་རིག་སློབ་གླིང་། ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ཌེ་ཡེ་གོ་ཁོངས་གཏོགས་སློབ་ཆེན་གྱི་མཐུན་སྦྱོར་གསོ་རིག་ཞིབ་འཇུག་ལྟེ་གནས་དང་ཕུལ་བྱུང་ཟབ་སྦྱོང་ལྟེ་གནས། ཝི་སི་ཀོན་སིན་སློབ་ཆེན་(མལ་ཌི་སིན)གྱི་རིག་གཞུང་སྐད་ཡིག་ལྟེ་གནས། ཌར་ཐི་མའོ་ཐུ་སློབ་ཆེན་གྱི་མིའི་རིགས་རིག་པའི་སྡེ་ཁག  ཀ་ལི་ཧྥོ་ཉི་ཡ་སློབ་ཆེན་སན་ཕུ་རན་སེ་སི་ཀོ་ཁོངས་གཏོགས་སློབ་ཆེན་གྱི་མིའི་རིགས་རིག་པ་དང་ལོ་རྒྱུས་སྤྱི་ཚོགས་གསོ་རིག་སྡེ་ཁག་བཅས་ཀྱིས་གཙོ་བསྒྲུབ་གོ་སྒྲིག་བྱས་པ་ཞིག་ཡིན་པ་རེད།

གསར་འགྱུར།

Post navigation

Previous Post: འཁྲིག་སྤྱོད་དང་ཕྱིའི་ཁོར་ཡུག་བར་ལ་འབྲེལ་བ་ཆེན་པོ་ཡོད།
Next Post: བོང་བུར་བདེན་པ་མང་།

Comments (6) on “བོད་ཀྱི་གསོ་རིག་ལས་ལུས་སེམས་བདེ་ཐང་དེ་ཐུན་མོང་གི་གསོ་ཐབས་འཚོལ་བ།”

  1. གཡུ་ཐོག་བུ། says:
    2017-10-12 at 12:22 pm

    ཡི་རངས་ཞུ། ཚོགས་འདུར་བཅར་མི་ཐུབ་མཁན་ཚོའི་ཆེད་དུ་སྐབས་དེའི་ཚོགས་འདུའི་དྲ་བརྙན་དང་། རྩོམ་ཤོག་རྣམས་གང་ནས་ཐོབ་བམ།

  2. ཨ་འབར་འཇིགས་དབང། says:
    2017-10-14 at 2:41 pm

    ༄༅། འཇིག་རྟེན་འདིར་མཚན་རིག་དང་སྨན་པ་ཇི་ལྟར་མཁས་ཤིང་སྨན་རིགས་མི་འདྲ་བ་
    བརྒྱ་སྟོང་ཁྲི་ལྷག་ཇི་ལྟར་མང་ཡང་་་སྐྱེ་འགྲོ་རྣམས་གཞོན་དུ་གཏོང་རྒྱུ་དང། འཆི་མི་དགོས་པ་
    བཟོ་ཐབས་ནི་གཏན་ནས་མེད་པ་ཤེས་བཞིན་པ་རེད།
    སྨན་ཟས་ནས་ནམ་ཡང་ལུས་ངག་ཡིད་གསུམ་གྱི་སྡུག་བསྔལ་རྣམས་སེལ་མི་ཐུབ་པ་ཞིག་རེད།

  3. གནམ says:
    2017-10-15 at 12:29 am

    ལུས་ཁམས་འབྱུང་བས་མནར་བའི་སྡུག་བསྔལ་ནི་སྨན་གྱིས་བསལ་ཐུབ། དེ་ནི་དུས་རབས་འདིའི་ཆེས་ཆེ་བའི་འགྲོ་བ་ང་ཚོ་ལས་བྱུང་བའི་རྣམ་དཔྱོད་རྩལ་ཏུ་ཐོན་པའི་ལག་རྗེས་ཡིན་པ་རེད།

    ནང་སེམས་དུག་གསུམ་ལས་མནར་བའི་སྡུག་བསྔལ་ནི་ཐུབ་པས་བསལ་ཐུབ་པ་རེད། དེ་ནི་དུས་རབས་མ་བྱུང་བའི་ཡར་སྔོན་གྱི་ཆེས་ཆེ་མཆོག་པའི་དཀོན་མཆོག་གཅིག་གིས་བསྟན་པའི་དམ་ཆོས་ཀྱི་སྙིང་བོ་བླ་མེད་དེ་ཡིན་པ་རེད།
    བྱས་ཙང་། ད་སྐབས་ང་ཚོ་འགྲོ་ཤེས་འདུག་ཤེས་ལ་བྱང་ན། དཀའ་ངལ་ཡོད་དགོས་ཚུལ་མེད། རེད་དེ། བོད་སྨན་ནི་རྫས་རིན་པོ་ཞིག་ཡིན་པ་ལས། སྨན་རིན་པོ་ཆེ་ཞིག་ཡིན་མིན་ནི་དཔྱོད་པའི་གནས་སོ།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-15 at 1:01 am

    ས་ཆུ་མེ་རླུང་འོག་ཏུ་རྒྱུ་ལུས་འཚོ་།
    རླུང་འཁྲིས་བད་ཀན་འོག་ཏུ་ནད་གཞི་ལངས་།
    ཉོན་མོངས་དུག་གསུམ་འོག་ཏུ་སྡིག་ལས་འཕེལ་།
    གཞན་ཕན་བྱང་སེམས་རྒྱུད་ནས་མཐར་ལམ་བསྟན་།

  5. ཨ་འབར་འཇིགས་དབང། says:
    2017-10-15 at 2:09 pm

    ༄༅། མཚན་རིག་པ་དང་སྨན་པ་ཇི་ལྟར་མཁས་ན་ཡང།།
    འགྲོ་བ་སེམས་ཅན་ཐམས་ཅད་འཆི་ལས་བསྐྱོབ་མི་ཐུབ།
    ལོ་རྒན་པ་རྣམས་གཞོན་དུ་གཏོང་ཐབས་མེད།
    སེམས་ཀྱི་སྡུག་བསྔལ་སྨན་ཟས་སེལ་མི་ཐུབ།།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-15 at 7:42 pm

    སྐྱེ་རྒས་ན་འཆིའི་སྡུ་བསྔལ་ལས་ཀྱི་སྦྱིན་།
    རྒྱུ་ལུས་བདེ་སླད་བཟང་དྲུག་སྨན་གྱི་བཅུད་།
    འབྱུང་བཞིའི་འོག་ཏུ་འཚོ་བའི་རྒྱུ་ལུས་འདི་།
    ནམ་ཡང་རྟག་པ་མིན་པ་འཇིག་པའི་འོག་།
    རླུང་འཁྲིས་བད་ཀན་ནད་ཀྱི་འབྱུང་རྩ་དང་།
    ཉོན་མོངས་འདོད་ཆགས་འཁོར་བའི་སྐྱོན་།
    ཐམས་བཅས་རྒྱུ་དང་འབྲས་བུའི་སྦྱིན་།
    རྒྱུ་འབྲས་རྣམ་བཞག་སྲུང་མཁན་དཀོན་།
    ཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme