Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

 སྐྱེ་བ་སྔོན་མ་དངོས་སུ་དྲན་ཐུབ་པའི་རྒྱ་གར་གྱི་བུ་མོ་ཞིག 


Posted on 2017-10-09 By ཁ་བརྡ 5 Comments on  སྐྱེ་བ་སྔོན་མ་དངོས་སུ་དྲན་ཐུབ་པའི་རྒྱ་གར་གྱི་བུ་མོ་ཞིག 


འོས་སྦྱོར་པ། མཁན་ཆེན་བླ་མ།

 

དེ་ཡང་ཕྱི་ལོ་༡༩༢༦ལོར་རྒྱ་གར་དྷི་ལིའི་གྲོང་ཁྱེར་དུ་བུ་མོ་ཞིག་བཙས་པ་ལ་ཧང་ཏིས་ཏི་པིས་ཞེས་ཟེར། མོས་ཆུང་ངུའི་དུས་ནས་བཟུང་རྟག་ཏུ་སྐྱེ་བ་སྔ་མར་མོ་རང་རྒྱ་གར་གྱི་གྲོང་ཁྱེར་མ་ཐི་ལར་སྡོད་ཚུལ་རྣམས་ཡང་ཡང་གླེང༌། ཁྱིམ་ཚང་དེས་ཚོང་ཁང་འབྲིང་ཤོས་ཤིག་གཉེར་ཡོད་པས་ཚོང་པ་མང་པོ་རྟག་ཏུ་དེར་འོང་གིན་འདུག བུ་མོ་ལོ་དགུར་སོན་པའི་ཉིན་ཞིག་ཚོང་པ་ཞིག་འོང་བ་མཐོང་ནས་རབ་ཏུ་དགའ་སྟེ། འདི་ངའི་ཁྱོ་གའི་གཅེན་པོ་མ་ཐི་ལར་ཡོད་པ་དེ་རེད་ཟེར། ཚོང་པ་དེས་ང་རང་དངོས་གནས་མ་ཐི་ལ་ནས་འོངས་བ་ཡིན་ལ། མོས་བཤད་པའི་གཅུང་པོ་དེའང་དངོས་གནས་ཡོད། གཅུང་པོའི་ཆུང་མ་དེ་ལོ་བཅུ་ལྷག་གི་སྔོན་དུ་ཕྲུ་གུ་བཙའ་མ་ནུས་པར་ཤི་སོང་བ་ཡིན་ན་འདི་ཅི་ཞིག་སྙམ་དུ་ཡ་མཚན་ཏེ། འོ་ན་ཁྱོད་ཀྱི་ཁྱོ་བོ་དང་ཕྲུ་གུའི་མིང་ཅི། ཁྱོ་གའི་མིང་ལ་ཁའེ་ཉན་ལ་ཧྲི་ཇོས་པིས་ཞེས་དང༌། བུའི་མིང་ཕུས་ཧ་ལིས། བུ་མོའི་མིང་ལ་པེ་ལ་ཟེར། དེ་ཐོས་པ་དང་ཚོང་པ་དེ་ཧ་ལས་ཏེ༌། ཨ་ཙི། དངོས་གནས་རེད། ཅུང་ཟད་ཀྱང་ནོར་བ་མི་འདུག་གོ །

དེ་ནས་ཚོང་པ་དེ་དང་བུ་མོའི་ཕ་གཉིས་ལྐོག་གྲོས་བྱས་ཏེ། ཉིན་ཞིག་བུ་མོའི་སྐྱེ་བ་སྔ་མའི་ཁྱོ་བོ་དང༌། ཕྲུ་གུ་རྣམས་ཚོང་པ་དེས་ཁྲིད་ནས་བྱུང༌། བུ་མོས་མཐོང་མ་ཐག་ཏུ་ཤིན་ཏུ་དགའ་སྟེ། བདག་གི་ཁྱོ་བོ་སླེབས་བྱུང་ཟེར་ཞིང་འཐམས་ཏེ་ཡང་ཡང་ངུ༌། ཕྲུ་གུ་དག་གི་དྲུང་དུ་སོང་སྟེ་ཕུས་ཧ་ལིས་དང་པེ་ལ་གཉིས་ཆེན་པོ་འདི་འདྲ་ཞིག་ཏུ་གྱུར་ཟིན་འདུག་ཅེས་ཟེར་ནས་ངུའོ། །

དེར་ཡོད་ཀྱི་སྐྱེ་བོ་ཐམས་ཅད་ཧ་ལས་སོ། །གཏམ་དེ་དྷི་ལིའི་གྲོང་ཁྱེར་ཡོངས་སུ་ཁྱབ་པས་ཚན་རིག་པ་རྣམས་ཀྱིས་དམིགས་བསལ་གྱི་བརྟག་དཔྱད་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ་ཉིན་གཅིག་བུ་མོས་གང་དུ་འགྲོ་རྒྱུ་ཡིན་གཏན་ནས་མ་ཤེས་པར་བྱས་ཏེ་མེ་འཁོར་ལ་ཞུགས་ཏེ་མ་ཐི་ལར་ཁྲིད་དེ་སོང༌། མ་ཐི་ལའི་ཡུལ་མིས་ཤེས་འཕྲལ་ཐམས་ཅད་རུབ་སྟེ་མེ་འཁོར་ས་ཚུགས་སུ་ལྟད་མོར་བལྟ་བར་འོང༌། བུ་མོ་མེ་འཁོར་ལས་བབ་མ་ཐག་མི་ཚོགས་ཀྱི་ཁྲོད་ནས་སྐྱེ་བ་སྔ་མའི་མ་དང་ནུ་མོ་དག་ངོས་ཟིན་པར་མ་ཟད་ཁྱོ་བོའི་ཉེ་འབྲེལ་ཐམས་ཅད་ངོ་ཤེས་ཏེ་དེ་གའི་ཡུལ་སྐད་ཀྱིས་གཏམ་སྨྲ་བས་ཐམས་ཅད་ཆེས་ཡ་མཚན་དུ་གྱུར། དེ་ལྟར་མེ་འཁོར་འབབ་ཚུགས་ནས་བརྟག་དཔྱད་གྲུབ་རྗེས་བུ་མོའི་མིག་གཉིས་པོ་བཀབ་སྟེ་ཤིང་རྟ་ལ་བཞག་ནས་སྔོན་གྱི་ཁྱིམ་དུ་འགྲོ་ཚུལ་བཤད་དུ་བཅུག་པས་ཤར་རེར་རང་ཁྱིམ་དུ་ལོག་གོ །

ཁྱིམ་དུ་ཕྱིན་རྗེས་ས་འོག་ཏུ་དངུལ་སྦས་ཡོད་ཚུལ་བཤད་དེ་ས་དེ་བརྐོས་པས་སྒམ་ཞིག་བྱུང༌། ནང་གི་དངུལ་གྱི་གྲངས་དང་བཅས་བསྙད་ཏེ་ཁ་ཕྱེ་བས་སྒམ་སྟོང་བར་འདུག མོས། ཡ་མཚན། དངུལ་ངེས་པར་ཡོད་དགོས་རྒྱུུ་ལ། གཞན་གྱིས་ཁྱེར་རམ་ཟེར། དེའི་ཚེ་སྔོན་གྱི་ཁྱོ་བོ་སྐྲག་སྟེ་འདར་བཞིན་དུ་དངུལ་དངོས་གནས་འདུག་ཀྱང༌། ཆུང་མ་ཤི་རྗེས་བདག་གིས་མཐོང་སྟེ་སྤྱད་པ་ཡིན་ཟེར། ཁོང་གིས་ད་དུང༌། འདི་ནི་ཤིན་ཏུ་འཇིགས་པའི་གནས་ཤིག་སྟེ་ཁོ་བོའི་ཆུང་མ་སྔ་མ་དང་གདོང་དབྱིབས་མི་འདྲ་བ་ཙམ་མ་གཏོགས་སྐད་གདངས་དང༌། གཤིས་ཀ་བྱེད་སྟངས་ཐམས་ཅད་ཇི་མ་ཇི་བཞིན་རེད་ཅེས་ཟེར་རོ། །

ཧིན་དྷུ་སློབ་གྲྭ་ཆེན་མོའི་དགེ་རྒན་རབ་འབྱམས་པ་ཀྲུས་ཤང་ཀྭང་གིས་བུ་མོ་འདི་ཕྱིས་ཧིན་དྷུ་པིང་ཙི་ཕོའི་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ་དྷི་ལིའི་བུད་མེད་ཀྱི་སློབ་གྲྭ་ཆེན་མོ་ཞིག་གི་མཚན་ཉིད་རིག་པའི་དགེ་རྒན་བྱས་ཤིང༌།ལོ་སུམ་ཅུར་སོན་སྐབས་ད་དུང་ཡང་སྐྱེ་བ་སྔ་མའི་ལོ་རྒྱུས་དག་དྲན་གྱིན་འདུག་ཀྱང་བྱིས་པའི་དུས་ལྟ་བུའི་གསལ་བོ་ཞིག་དྲན་ཐུབ་པ་མི་འདུག་ཟེར་རོ། །
ཤྲཱིས་གཞན་ལས་བཤུས་སོ།།

སྣ་ཚོགས།

Post navigation

Previous Post: མགོན་པོ་སྐྱབས་ལ་གདམས་ངག་སྙིང་གི་ནོར་བུ།
Next Post: གསལ་བཤད་དང་དགོངས་སེལ་ཞུས་པ། 
          
            

Comments (5) on “ སྐྱེ་བ་སྔོན་མ་དངོས་སུ་དྲན་ཐུབ་པའི་རྒྱ་གར་གྱི་བུ་མོ་ཞིག 
”

  1. ལ་དྭགས་འཇམ་དཔལ།། says:
    2017-10-11 at 5:46 am

    རྒྱ་གར་གསར་ཤོག་ཏུ་གཏམ་བརྒྱུད་འདི་འདྲ་མང་པོ། རཱ་ཇོ་སྟཱན་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་པོར་སྐྱེ་བ་སྔ་ཕྱི་སྐོར་ལ་འཚོལ་སྒྲུབ་བྱེད་མཁན་ཞིག་གིས་བྲིས་པ་བཀླགས་མྱོང་། སྐྱེ་བ་སྔ་ཕྱི་སྐོར་ལ་འཚོལ་སྒྲུབ་བྱེད་མཁན་དེས་བྲིས་དོན། སྔོན་གྱི་སྐྱེ་བ་དྲན་པའི་སྒྲུང་མང་པོ་ཡོད་ཀྱང་། སྐྱེ་བ་སྔ་ཕྱི་ཡོད་པ་ཚད་མས་གྲུབ་པ་ཞིག་བྱེད་ཐུབ་པ་མེད་པར་བྲིས། ཞེས་༡༩༦༠་པ་ལོ་རབས་སུ་ཝཱ་རཱ་ཎ་སཱིར་བཀླགས།
    བོད་དུ་ཡང་། པཎ་ཆེན་དགེ་འདུན་གྱི་ཡང་སྲིད། རྒྱལ་བ་དགེ་འདུན་རྒྱ་མཆོ་ཡིན་པ་གསལ་པོར་བྱུང་བས། བོད་དུ་སྤྲུལ་སྐུ་མང་པོ་བྱུང་བའི་རྐྱེན་དུ་གྱུར། དེ་ཡང་མོས་ན། ཁྱིའི་སོ་ལས་འོད་འཕྲོ་བའི་དཔེ་ལྟར་ལགས།
    དེ་ལྟར་རྒྱ་གར་དང་བོད་དུ། ཡང་སྐྱེ་བ་ཡོད་པ་ལྟར། ཨ་རི་སོགས་རྒྱལ་ཁམས་གཞན་དུ་མི་འབྱུང་བ་ཅི་ནམ། དྲིས་པ་ན། དེ་ལྟར་བྱིས་པ་ཆུང་ཆུང་རིགས་ཀྱིས་བཤད་པ་ལ་ཕ་མ་སོགས་ཀྱིས་བཤད་དུ་འཇུག་པ་མ་ཡིན་ཟེར།
    ཇི་་སྐད་དུ་ཡང་།

    ཡོད་དང་མེད་དང་ཡོད་མེད་ཅེས།
    གང་ལའང་ཕ༹ྱོགས་ནི་ཡོད་མིན་པ།
    དེ་ལ་ཡུན་ནི་རིང་པོ་ནའང་།
    ཀླན་ཀ་བརྗོད་པར་ནུས་མ་ཡིན།།
    ་
    ཅེས་གསུངས་པ་ལྟར། དབུ་མ་ཆེན་མོ་དང་། རྫོགས་ཆེན་དང་། ཕྱག་རྒྱ་ཆེན་པོ་སྒོམ་ཐུབ་པར་སྨོན་ནོ།
    དོན་དམ་དུ་དེ་ལྟར་ལགས་ཀྱང་། ཐ་སྙད་དུ།
    རིགས་པ་དྲུག་ཅུ་པ་ན།
    ་
    དེ་ཉིད་ཚོལ་ལ་ཐོག་མར་ནི།
    ཐམས་ཅད་ཡོད་ཅེས་བརྗོད་པར་བྱ།
    དོན་རྣམས་རྟོགས་ཤིང་ཆགས་མེད་ལ།
    ཕྱིས་ནི་རྣམ་པར་དབེན་པའོ།། ༣༠ །།
    ་
    ཞེས་གསུངས་པ་ལྟར་དུ། བདག་གིས་ཐམས་ཅད་་ལ་སྦྱང་དགོས་པ་ཡིན། མཁན་ཆེན་བླ་མ་མཆིག་གིས་ལོ་རྒྱུས་བྲིས་མཛད་པར་བཀའ་དྲིན་ཆེའོ།

  2. ཀརྡོ་རབ་འབྱམས་པ་ says:
    2017-10-11 at 6:28 am

    སྐྱེ་བ་སྔ་མ་དྲན་བགྱིད། །
    དྲན་ནའང་བཤད་དོན་མི་འདུག །
    སྐྱེ་བ་ཕྱི་མར་འཇིགས་བགྱིད། །
    འཇིགས་ནའང་བྲོས་ས་མི་འདུག །

  3. འཆི་མེད། says:
    2017-10-13 at 1:28 am

    ངོ་མ་སྐྱེ་བ་སྔོན་མ་དངོས་སུ་དྲན་ན་ཡ་མཚན་ངོ་མཚར་གྱི་གནས་ཚུལ་ཞིག་མ་རེད་དམ། དེང་སྐབས་འཛམ་བུ་གླིང་ནང་དེ་ལྟ་བུའི་མི་ཞིག་མཐོང་རྒྱུ་ཡོད་པ་ནི་རྒྱ་མཚོའི་ནང་ནས་ཁབ་ཅིག་འཚོལ་བ་ལྟར་ཁག་པོ་ཞིག་རེད་དོ།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-10-13 at 3:13 am

    སྐྱེས་ནས་འཆི་རྒྱུ་ཡིན་པ་འཇིག་རྟེན་ཆོས་ཉིད་དང་།
    འཆི་ནས་སྐྱེས་པ་ལེན་རྒྱུ་ཡིན་པ་ལས་ཀྱི་དེད་།
    སྐྱེ་འཆིའི་འདུ་བྲལ་སེམས་ལ་ཟན་པ་འཇིག་རྟེན་འཁོར་བའི་ཁྲལ་།
    སྐྱེ་འཆི་གཉིས་སྤངས་སངས་རྒྱས་ས་ལ་འགོད་ལ་རེམ་།

  5. Abhar Jigwang says:
    2017-10-23 at 11:28 pm

    ༄༅། ཅི་ཡང་མི་སྲིད་ཅི་ཡང་སྲིད། སྲིད་པའི་རྗེས་སུ་དོན་གནས་མེད།
    ཡང་ན་སྐྱེ་ལ་དེ་རྗེས་འཆི།་འཆི་བའི་རྗེས་སུ་འབྲས་བུ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme