Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་དཀར་པོ་ལ་གསལ་བཤད་།

Posted on 2010-05-252010-05-25 By ཁ་བརྡ་ 4 Comments on བོད་པ་དཀར་པོ་ལ་གསལ་བཤད་།

བོད་པ་དཀར་པོ་ལགས།

ཟླ་ལྔ་པའི་ཚེས་ཉི་ཤུའི་ཉིན་ཁ་བརྡས་ཁ་བརྡའི་རེ་སྐུལ་དང་གསལ་བསྒྲགས་ཟེར་བ་ཞིག་སྤེལ་ཡོད་པའི་ནང་དུ་ཁྱད་གསོད་ཅན་དང་གཏམ་ཡན་ཅན་གྱི་མཆན་འགོག་རྒྱུ་ཐག་གཅོད་བྱེད་མཁན་དང་ཐག་གཅོད་དེ་ལག་བསྟར་བྱེད་མཁན་གཉིས་ཀ་ཁ་བརྡའི་རྩོམ་སྒྲིག་ཚོགས་ཆུང་ཡིན་པ་མ་གཏོགས་རབ་གསལ་ལགས་ལྟ་བུའི་མི་སྒེར་པ་ཞིག་མིན་པ་གསལ་བསྒྲགས་བྱས་ཡོད།
ཡིན་ན་ཡང་ཁྱེད་ནས་ཚེས་༢༤་ཉིན་སྤེལ་བའི་མཆན་གྱི་ནང་དུ་རབ་གསལ་ལགས་སྤྲོ་ལངས་ནས་ཁྱེད་ཀྱི་མཆན་ཚང་མ་མེད་པ་བཟོས་སོང་ཞེས་བཀོད་འདུག ཁྱེད་ཀྱི་མཆན་བསུབ་མཁན་ཁ་བརྡ་ཚང་ཡིན་མ་གཏོགས་རབ་གསལ་ལགས་མིན། སྤྱིར་བཏང་རབ་གསལ་ལགས་ཁ་བརྡའི་རྩོམ་སྒྲིག་ཚོགས་མི་ཞིག་ཡིན་པའི་ངོས་ནས་མཆན་ཞིག་བསུབ་མི་བསུབ་ཀྱི་གྲོས་ཁ་ལོས་བསྡུར།
ཡིན་ན་ཡང་། ཁྱེད་ཀྱི་མཆན་དེ་བསུབ་པ་ལ་དེ་ལྟར་བྱས་མེད། རྒྱུ་མཚན་ནི་རབ་གསལ་རང་གི་རྩོམ་དེ་རྩོད་གཞིར་གྱུར་ཡོད་སྟབས།
ཁོང་རང་ལ་མཆན་དེ་བསུབ་མི་བསུབ་ཀྱི་གྲོས་ཁ་བསྡུར་མ་འོས་པ་བློ་སྔོན་དུ་བཏང་ནས་ཁོང་ལ་གྲོས་ཁ་མ་བསྡུར་བ་ཡིན།
ང་ཚོས་ཁྱེད་ཀྱི་མཆན་ཚང་མ་ཟེར་ན་ཡང་དོན་དངོས་སུ་མཆན་གཉིས་བསུབ་པའི་རྒྱུ་མཚན་གཉིས་ཡོད། གཅིག་ནི་ཁྱེད་ནས་རབ་གསལ་ལགས་ཀྱིས་ཁོང་གི་རྩོམ་དུ་བརྗོད་ཡོད་པའི་དོན་དག་རང་ལ་ཅི་ཡང་མི་བཤད་པར། དོན་དག་གི་རྒྱབ་ལོགས་སུ་སོང་ནས་རབ་གསལ་ལགས་ཀྱི་ཀུན་སློང་གི་སྐྱོན་རྩ་ཞིག་བཙལ་ནས་བརྗོད་བྱ་དང་ཁ་བྲལ་བའི་ཚོར་སྣང་ཞིག་སྐྱེས། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱུ་མཚན་གཉིས་པ་ཡིན།
ཁྱེད་ཀྱིས་སྐུ་སྒེར་ཡིག་ཚང་གི་སྐུ་སྲུང་བའི་ཁྲོད་ནས་སྐུ་སྲུང་བ་ག་གེ་མོ་ཞིག་གི་དབང་ཤེད་ཀྱིས་སྐུ་སྲུང་ག་གེ་མོ་ཞིག་དགོངས་པ་ཞུ་དགོས་བྱུང་ཚུལ་གྱི་གཏམ་དེ་རེད། nཁྱེད་ནས་དེ་རིང་གི་མཆན་གྱི་ནང་དུ་ཁྱེད་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་སྲུང་སྐོར་ལ་བློ་གཟུ་བོའི་ཐོག་ནས་བཤད་ཡོད་ཚུལ་བཀོད་པ་ཡང་འདི་སྟོན་གྱི་ཡོད་ལས་ཆེ། ཡིན་ན་ཡང་ང་ཚོའི་ངོས་ནས་གཏམ་འདི་ནི་གཏམ་ཡན་ཞིག་ལ་ཆ་འཇོག་མི་བྱེད་ཀ་མེད་རེད། གཏམ་འདི་མིང་རྫུན་མ་ཞིག་གི་འོག་ནས་ཡོང་ཞིང་། གནས་ཚུལ་གྱི་འབྱུང་ཁུངས་དང་བྱུང་རིམ་ཅི་ཡང་ཡོད་པ་མ་རེད།

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

གསལ་བསྒྲགས།

Post navigation

Previous Post: བོད་ནས་རྩད་གཅོད་བྱས་ཟེར།
Next Post: དགོངས་དག་དང་གསལ་བཤད་ཞུ་རྒྱུ་ཡིན་ཟེར།

Comments (4) on “བོད་པ་དཀར་པོ་ལ་གསལ་བཤད་།”

  1. ལུང་རྟོགས says:
    2010-05-26 at 2:15 am

    མིང་རྫུན་ཅན་ཚོར་གང་འདོད་བཤད་བཅུག་ན་མཇུག་འབྲས་འདི་མ་གཏོགས་མེད། མིང་རྫུན་བེད་སྤྱོད་གཏོང་བ་ནི་རང་དབང་མེད་པའི་ཁོར་ཡུག་ཅིག་ནས་རང་དབང་འཐབ་རྩོད་བྱེད་མཁན་རྣམས་ཀྱི་བྱེད་སྟངས་ཤིག་རེད། འོན་ཀྱང་། རང་དབང་ཅན་གྱི་ཁོར་ཡུག་ནང་མིང་རྫུན་ཅན་གྱིས་རྩོམ་ཡིག་སྤེལ་བཞིན་པ་འདི་སོ་སོའི་རྩོམ་ཡིག་ལ་འགན་ལེན་མེད་པའི་བྱེད་སྟངས་རེད། ངས་གྲོགས་པོ་ཚོར་ཡང་བསྐྱར་འབོད་སྐུལ་ཞུ་འདོད་པ་ཞིག་ལ། མང་གཙོའི་རྒྱལ་ཁབ་ནང་ག་དུས་ཡིན་ཡང་ཐོབ་ཐང་དང་འགན་ཁུར་གཉིས་མཉམ་དུ་འགྲོ་གི་ཡོད། སྨྲ་བརྗོད་རང་དབང་ནི་ཐོབ་ཐང་ཞིག་རེད། འོན་ཀྱང་། སོ་སོའི་སྐད་ཆ་ལ་འགན་ངེས་པར་ཏུ་ཁུར་དགོས་པ་ཀྱི་ཡོད་པ་རེད། དེ་བས་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ནས་མིང་རྫུན་ཅན་ཚོའི་རྩོམ་ཡིག་རྣམས་སྙིགས་དོར་བཅུད་ལེན་བྱེད་རྒྱུ་ནི་ཁྱེད་རྣམ་པའི་ཐོབ་ཐང་དང་འོས་འགན་གཉིས་ཀ་རེད་ལགས།

  2. པྲ་ཛྙཱ་དྷྭ་ཛ། says:
    2010-05-26 at 6:47 am

    རྒྱལ་ཁབ་དང་སྤྱི་ཚོགས་ཡང་ན་མི་སྒེར་ལ་བ་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ན་ངེས་པར་འགོག་དགོས། མིང་རྫུན་འོག་ནས་དུག་མདའ་འཕེན་པ་འདི་ཁྲིམས་འགལ་དང་རྩད་གཅོད་བྱ་ཡུལ་མེད་པས་དེ་ལྟ་བུའི་རིགས་ལ་བླང་དོར་ལེགས་པར་བྱས་པར་དགའ་བསུ་ཞུ། །

  3. བོད་པ་དཀར་པོ། says:
    2010-05-26 at 10:51 am

    ༄༅།། བཀུར་འོས་ཁ་བརྡ་རྩོམ་སྒྲིག་ཁང་་གི་འགན་འཛིན་རྣམ་པ།

    རྩོམ་སྒྲིག་ཁང་གིས་ངེད་ལ་གསལ་བཤད་ཆེད་དུ་མངགས་པ་ཞིག་གནང་བར་ཐུགས་རྗེ་ཆེ་ཞུའོ། ང་རང་རྒན་རབ་གསལ་ལགས་ལ་གུས་ཞབས་དང་གོང་དུ་བཀུར་འོས་པའི་མི་ཞིག་གི་འདུ་ཤེས་ཡོད། ཁོང་ལ་བོད་ཀྱི་རིག་གནས་བྱང་པ་ཆེ་ལ། སྤྱི་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་པས་སོ། 

    རྒྱལ་བའི་སྐུ་སྲུང་གི་སྐོར་ལ་བརྩོད་གླེང་བྱེད་པ་འདི་གནད་འགག་གསུམ་ལ་ཐུག་པར་སོང་། རང་གི་བསམ་ཚུལ་ཞུས་པ་ལགས། 

    གནད་འགག་དང་པོ་དེ། ཨ་རིའི་མངའ་སྡེ་ཨཻན་ཊི་ཡ་ན་ཡུལ་གྱི་བོད་སོག་རིག་གཞུང་ལྟེ་གནས་ལ་ཕེབས་སྐབས། སུ་ལ་སྐྱབས་མགོན་ཁོང་གི་སྐུ་ཕྱྭའི་འགན་འཁུར་ཡོད་པ་འདི་གསལ་བཤད་བྱས་པ་ཡིན། རབ་གསལ་ལགས་ཀྱི་གསུངས་པར་ལྟར་ན། ས་གནས་གདན་ཞུ་བ་རྣམས་ལ་སྐུ་ཕྱྭའི་འགན་འཁུར་ཡོད་པར་འདོད། དོན་དངོས་ལ་འདི་ལྟར་མིན། རྒྱལ་བའི་སྐུ་སྲུང་གི་སྐོར་ལ་འགན་གཙོ་བོ་འདི་སྐུར་བཅར་དྲུང་ཆེ་དང་སྐུ་བཅར་སྐུ་སྲུང་བ། དེ་བཞིན་ཨ་རིའི་གསང་བའི་ལས་ཁུངས་བཅས་ལ་ཡོད་པ་ལས། ས་གནས་གདན་ཞུ་གནང་མཁན་ལ་མཇལ་ཞུ་བར་ལུས་བཤེར་གཏོང་བ་དང་། སུ་མཇལ་ཁར་གཏོང་དང་མི་གཏོང་ཐོབ་ཐང་དང་དབང་ཆ་ཅི་ཡང་མེད། དེར་བརྟེན་ངས་མཆན་དེའི་ནང་ལ་རྡོག་རྡོག་དེ་བོད་པའི་གཏམ་དཔེར། འབེན་ཤར་ལ་བཙུགས་ཀྱང་། མདའ་ནུབ་ལ་རྒྱག་པ་ལྟ་བུ་མ་བྱེད། གཙོ་བོ་སྐུ་སྲུང་སྐོར་ལ་བསམ་འཆར་ཡོད་ན་སྐུ་སྒེར་ཡིག་ཚང་ལ་ཞུས་ཟེར་བ་འདི་གཅིག་ཡིན་ལགས།

    གནད་འགག་གཉིས་པ་འདི། སྔོན་མ་རྒྱལ་བ་རིན་པོ་ཆེ་ཕྱི་ལ་ཕེབས་སྐབས་འགན་གཙོ་བོ་འདི་སྐུ་བཅར་བ་སྟག་ལྷ་བསྟན་འཛིན་ཡོད་པ་དང་ཁོང་གི་སྐོར་ལ་ངས་རྩོད་རྙོག་ཤིག་བཤད་པ་འདི། ངོ་མ་ནོར་འདུག འདིར་ཚང་མར་གསལ་བཤད་ཞུ་རྒྱུར། ད་རེས་རྒྱལ་བ་མཆོག་ཨ་རིར་ཕེབས་སྐབས། འགན་ཁུར་གཙོ་བོ་དེ་དྲུང་ཆེ་འཆི་མེད་ལགས་ཞུ་བ་དེ་ལས། སྟག་ལྷ་ལགས་མ་རེད། དེར་བརྟེན། སྟག་ལྷ་ལགས་ལ་ཞུས་པའི་རྙོག་ཟིང་དེ་ཡོངས་སུ་ཕྱིར་འཐེན་དང་ཁོང་ལ་སེམས་གཏིང་ནས་དགོངས་གསོལ་ཞུ་རྒྱུ་ཡིན། དེ་བཞིན་ཁོང་ལ་ཞུས་པའི་རྙོག་ཟིང་དེ་ཚོ་འཆལ་གཏམ་ལ་རྩིས་རོགས་གནང་། རྒྱུ་མཚན་ནི་ད་རེས་རབ་གསལ་ལགས་དང་ངེད་གཉིས་ཀྱི་བགྲོ་གླེང་དང་གཏམ་རྙོག་འདི་འབྲེལ་བ་མིན་འདུག 

    གནད་འགག་གསུམ་པ་འདི། ད་རེས་ཨཻན་ཊི་ཡ་མངའ་སྡེར་རྒྱལ་བ་རིན་པོ་ཆེ་གདན་ཞུ་གནང་མཁན་དེ་སྐུ་འབུམ་དགོན་བདག་ཨ་ཀྱ་རིན་པོ་ཆེ་རེད། ཨ་ཀྱ་རིན་པོ་ཆེ་ས་གནས་དེའི་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱི་ཁྲི་ལ་བསྐོས་པ་འདིར། བསམ་ཚུལ་མི་འདྲ་བ་མང་པོ་བྱུང་ཡོད་པ་དང་། གཙོ་བོ་དེ། སྔོན་མ་ལྟག་འཚེར་རིན་པོ་ཆེའི་ཕྱི་རྒྱལ་དང་བོད་པའི་སློབ་མ་རྣམས་ཀྱིས་ཨ་ཀྱ་རིན་པོ་ཆེ་ལ་སྣང་བ་མི་འགྲོ་སྟབས། ས་གནས་དེ་གར་ཨ་ཀྱ་རིན་པོ་ཆེས་མ་འགྲིག་མ་འཐུས་པའི་གཏམ་མང་པོ་ཞིག་སྤྱི་ཚོགས་ཐོག་བཀྲམས་བཞིན་པ་དེ་རེད། གནས་ཚུལ་འདི་ང་རང་ལས་རབ་གསལ་ལགས་ཀྱིས་མང་བ་མཁྱེན་གྱི་ཡོད། 

    མིང་བརྫུན་མ་བེད་སྤྱད་པ་འདི་གནད་འགག་ཡིན་མིན་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་བཀའ་འདྲི་ཞུ་རྒྱུ་ཡིན།

    ཐུགས་རྗེ་ཆེ། 

  4. kalsang dorjee says:
    2011-02-18 at 12:49 am

    ng’i ming bod dkar ces ‘dogs myong yod na’ng, skabs ‘di rtsom ‘di ‘bi mkhan nga rang min pas, kun gyis mkhyen par mdzod cig. phran gyis tsom la lta klog las dus tsod kyi dbang gis gnas skabs ring ‘bri rtsom kyi las la zhigs kyin med.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme