Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནས་རྩད་གཅོད་བྱས་ཟེར།

Posted on 2010-05-252010-05-25 By ཀླུ་ 30 Comments on བོད་ནས་རྩད་གཅོད་བྱས་ཟེར།

hh

སྔོན་མ་ཕག་པ་ཞིག་ལ་༸གོང་ས་མཆོག་གི་དབུ་བཏགས་ནས་པར་གཅིག་བཟོས་ཡོད་པ་རྒྱ་ནང་གིས་གཙོ་བའི་དྲ་ལམ་ལ་མང་པོ་དཀྲམ་ཡོད་། དེའི་ཐད་བོད་ནང་གི་བོད་མི་ཚོས་དོ་སྣང་ཆེན་པོས་རྩད་ཞིབ་དང་། དགག་རྒྱག་སྐྱོན་བརྗོད་སོགས་ཀྱི་རྩོམ་ཡིག་མང་པོ་སྤེལ་ཡོད་ལ་བོད་ཕྱི་ཕྱོགས་ནས་དེའི་ཐད་གྲགས་འགུལ་གང་ཡང་བྱུང་མ་སོང་། པར་དེ་ཐོག་མ་རྒྱ་ནག་གི་དྲ་ཐོག་ནས་ཐོན་པ་ཡིན་ཙང་བོད་ཕྱི་ནས་ཤེས་མེད་པ་མིན་འགྲོ་བསམ་ནས་རྩིས་འཁོར་ལ་གཉེར་ཚགས་ཙམ་བྱས་ནས་བཞག་པ་ཡིན། ཡིན་ཡང་ཉིན་འདི་ཚོར་བོད་ནང་གི་དྲ་ལམ་ན་བོད་མི་མང་པོ་ཞིག་གིས་པར་འདི་ཕར་བསྐུར་ཚུར་བསྐུར་བྱས་ནས་སྔོན་ལྟར་དོ་སྣང་དང་ཚོར་བ་རྣོ་བའི་གླེང་མོལ་བྱེད་གི་འདུག། ད་དུང་དྲ་གྲོགས་མི་ཉུང་བས་ཕྱི་སྡོད་བོད་མི་ཚོར་མི་འདི་རྩད་གཅོད་བྱེད་རྒྱུ་གལ་ཆེ་ལྷག་པར་དུ་ཨ་རི་ན་ཡོད་མཁན་ཚོས་ཟེར་བཞིན་ང་ལ་པར་འདི་བསྐུར་ཐེངས་༡༥་བ་དེ་འབྱོར་སོང་། པར་ལ་བལྟོས་ཚོད་ཀྱིས་ཨ་རིའི་ནིའུ་ཡོག་གྲགས་ཅན་མི་སྣའི་གཟུགས་བརྙན་འགྲེམས་སྟོན་ཁང་དེའི་ནང་ཡིན་པ་ལྟ་བུར་མཐོང་སོང་།

གསལ་བསྒྲགས།

Post navigation

Previous Post: བདག་ནི་སུ་ཡིན་ད་ཀོ་ཤོད།
Next Post: བོད་པ་དཀར་པོ་ལ་གསལ་བཤད་།

Comments (30) on “བོད་ནས་རྩད་གཅོད་བྱས་ཟེར།”

  1. ཟླ་བ་གཞོན་ནུ། says:
    2010-05-25 at 11:03 am

    ཅང་མི་ཤེས་མཁན་ཞིག་ཡིན་པ་ཐག་གིས་ཆོད། འདི་ལྟ་བུ་ཡ་མ་བྱས་ན་ཡག་ཤོས་རེད།
    ལོང་བ་རེད། ཀླད་མེད་རེད། རང་དགར་སྐྱུར་ཞོགས།

  2. བོད་པ་དཀར་པོ། says:
    2010-05-25 at 11:25 am

    ཀླུ་རིན་པོ་ཆེ།

    པར་འདི་མར་ཕབ་ན་ལེགས། དོན་མེད་བོད་མིའི་ཚོའི་སྙིང་ལ་ན་ཚ་དང་། ས་ག་ཟླ་བར། སྡིག་པའི་ལས་གསོག་རྒྱུ་ལས་གཞན་མི་ཕན། 

    ངས་ཕྱོགས་གང་ནས་བསམ་བློ་བཏང་ཡང་། ང་ཚོས་མི་དེ་བརྙེད་ཀྱི་མ་རེད། བརྙེད་པའི་དབང་དུ་བཏང་ཡང་། ང་ཚོས་ག་རེ་བྱེད་ཐུབ་བམ། ཁྲིམས་ཐོག་ནས་གང་ཡང་བྱེད་ཐུབ་ཀྱི་མ་རེད། ད་གང་བྱེད་དམ། དེ་ལས་གཡུག་བཞག་ན་ཡག་ཤོས་རེད། རྒན་ཁྱེད་དགོངས་པ་ཡག་པོ་ཞིག་བཞེས། ཕན་གནོད་ལ་བསམ་བློ་བཏང་ནས་རྩིམ་འདི་མར་ལེན་རོགས།

    དཔེར་ན། ཨ་རིའི་ནང་གི་ཤུགས་ལྡན་ཚོགས་པའི་བོད་མི་དེ་ཚོས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་སྐབས། སེམས་ལ་བསམ་མ་ཐུབ་པ་དང་ཁ་ནས་ཤོད་མ་ཐུབ་པའི་ཚིག་ངན་བེད་སྤྱོད་བྱེད་ཀྱི་འདུག མི་དེ་དག་སུ་ཡིན་མིན་ང་ཚོས་ཤེས་ཀྱི་ཡོད། ད་ང་ཚོ་ག་རེ་བྱེད་ཐུབ་སོང་། གཅིག་པ་རེད།

    ཐུགས་རྗེ་གཟིགས། ཐུགས་རྗེ་གཟིགས། ཐུགས་རྗེ་གཟིགས། ད་ས་ག་ཟླ་བར། རང་གཞན་གཉིས་ལ་བསམ་བློ་བཏང་ནས་པར་འདི་མར་ཕབ་རོགས། སྐུ་མཁྱེན། སེམས་མ་དཀྲུག་རོགས།

  3. ཀརྨ་རྡོ་རྗེ་ says:
    2010-05-25 at 11:37 am

    གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །

  4. མིག་གསུམ་པ། says:
    2010-05-25 at 11:57 am

    སྙིང་རྗེ་་་་་་་་་་་་་་་་་ཨབ་ཕྲུག་དེའི་བསོད་ནམས་སོང་བའི་རྟགས་བསྟན་པ་རེད། ཡ་བྱས་གཡུགས་ཞོག

  5. མགོ་རུལ། says:
    2010-05-25 at 12:19 pm

    ཀླུ་འབུམ་བཀྲ་ཤིས་ལགས། དེང་སྐབས་པར་ལེན་དུས་མི་མང་པོ་ཞིག་གིས་གོང་གི་རྒྱ་མི་དེ་ནང་བཞིན་མཛུབ་མོ་ཀེར་བའམ་བཙུགས་ནས་པར་རྒྱག་སྲོལ་ཞིག ཡིན་ན་ཡང་དེ་ནི་མཐའ་གཅིག་ཏུ་ལག་པས་མེ་མདའི་ཚུལ་བྱས་པ་ཞིག་མ་རེད་བསམས། སོམས་དང་། རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱ་ཞིག་ཏུ་གོང་གི་འདྲ་པར་འདི་ལྟ་བུ་ཞིག་ཀྱང་དགོད་ག་ལ་ཆོག གལ་སྲིད་རྒྱ་ནག་ཏུ་གོང་གི་པར་དེ་འགྲེམ་སྤེལ་བྱས་ཡོད་ན་དེ་ནི་ང་ཚོའི་རྒྱལ་ཁ་ཞིག་རེད། རྒྱ་མི་ས་ཡ་མང་པོ་ཞིག་གིས་ཏྰ་ལའི་བླ་མ་ཞེས་པའི་མཚན་དེ་ཐོས་པ་མ་གཏོགས་ནམ་ཡང་ཏྰ་ལའི་བླ་མ་ཁོང་གི་སྐུ་ཙམ་ཡང་མཐོང་མྱོང་མེད་ལ། དེ་ལས་ཀྱང་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ཉིག་ཡོར་གྱི་སྐད་གྲགས་ཅན་གྱི་འགྲེམ་སྟོན་ཁང་ཞིག་ཏུ་ཁོང་གི་སྐུ་བརྙན་འདི་འདྲ་ཞིག་བཞེངས་ཡོད་པ་དེ་ཁོ་ཚོའི་རྨི་ལམ་དུ་ནམ་ཡང་འཆར་མྱོང་ཡོད་ཀྱི་མ་རེད།

  6. བསྟན་འཛིན་ཤེས་རབ། says:
    2010-05-25 at 1:17 pm

    ན་ནིངས་བཞེས་ནིངས་ལོར་རྒྱ་ནག་གི་དྲ་ཚིགས་མང་བོ་ན། ༸གོང་ས་མཆོག་གི་དབུ་བཤའ་བཞིན་པའི་ཕག་པ་དང་སྦྱར་བ་སོགས་ཀྱི་འདྲ་དཔར་དེ་འདྲ་མང་བོ་འདུག དེས་རྒྱ་མི་རྣམས་ཀྱིས་༸གོང་ས་མཆོག་ལ་བཟུང་བའི་ལྟ་ཚུལ་མཚོན་པར་སྙམ་ཡོད།

  7. འབྲོག་ཆོས། says:
    2010-05-25 at 1:24 pm

    གསེར་ས་ནས་བཞག་ན། འོད་གནམ་ལ་འཕྲོས་ཡོང་གི་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ན་སྐད་གྲགས་ཅན་གྱི་མི་སྣ་མཐོ་ཆེས་ཀྱི་གྲས་སུ་ཚུད་ཡོད་པ་མ་ཟད། འཛམ་གླིང་གི་ཞི་བདེ་དེད་དཔོན་ཡང་ཆགས་ཡོད་པ་རེད། དེ་འདྲ་སོང་ཙང་། རྒྱ་མི་ཞིག་གིས་འདྲ་གཟུགས་ཤིག་གི་སྟེང་ཁོང་དཀྲོངས་རྩིས་བྱས་པས་ཅི་ཡང་མི་ཕན། ད་དུང་མི་དེ་ཀླད་མེད་དང་ལྐུག་པ། བསམ་བློ་མེད་པའི་མི་ཞིག་ལ་གསལ་སྟོན་བྱས་ཡོད་པ་རེད།

  8. དུག་མདའ། says:
    2010-05-25 at 1:52 pm

    ཨ་དཀོན་མཆོག་མཁྱེན། ༸གོང་ས་མཆོག་གི་སྐུ་བརྟན་དང་མཉམ་དུ་བསྒྲོན་མཁན་ནི་ཨ་མདོ་རྔ་བའི་དཀོམ་ཚང་གི་བློ་བརྟན་ཟེར་བ་དེ་མ་རེད་དམ། དེང་སང་རྒྱ་ནག་ཏུ་ཡོད་པ་རེད།

  9. Tenzin Deshal says:
    2010-05-25 at 4:13 pm

    His Holiness at Madame Tussan’s , New York

    1 http://www.madametussauds.com/NewYork/ContactUs.aspx

    2 http://www.google.com/images?q=Dalai+Lama+wax+image+at+Madame+Tussauds+Museum&hl=en&gbv=2&tbs=isch:1&sa=N&start=72&ndsp=18

  10. བྱམས་རྒྱལ་ says:
    2010-05-25 at 4:29 pm

    ཨ་ཙི་

  11. ཆོས་འཕེལ་དར་རྒྱས་ནས། says:
    2010-05-25 at 4:31 pm

    དུག་མདའ་ཞེས་བའི་དྲ་གྲོགས་ལགས།
    རྒྱུ་མཚན་མེད་པའི་གཏམ་མ་བཤད།
    ཨ་མདོ་རྔ་བའི་བུ་ཆུང་ངས།
    དཀོན་ཚང་མི་ལ་ཆ་རྒྱུས་ཡོད།
    གོང་གི་མི་ལ་འབྲེལ་བ་མེད།
    གལ་སྲིད་སྒེར་གྱི་རྩོད་ཡོད་ཡང་།
    གཞན་ལ་ཞ་ནག་མ་འགེབ་རོགས།

  12. བྱམས་རྒྱལ་ says:
    2010-05-25 at 4:31 pm

    སྐུ་པར་དེ་མར་ཕར་བཞག་རོགས་གནང་།

  13. སྟག་སྨྱོན། says:
    2010-05-25 at 4:34 pm

    འདི་འདྲ་མཐོང་ན་སྙིང་ལ་ན་ཟུག་རྫོགས་མེད་ཅིག་གིས་རང་དབང་མེད་པ་ཆགས་ནའང་། ང་ཚོ་བོད་མི་ཚོ་གནས་སྟངས་འདི་འདྲ་སྐྱོ་བོ་ཞིག་ཏུ་སྐྱེལ་མཁན་གྱི་སྔ་མོའི་བོད་གཞུང་དེ་ཕྱི་རབས་བོད་མི་ཚོར་ཅི་འདྲའི་དྲིན་ཆུང་དང་གནོད་བྱེད་ཅིག་བྱུང་འདུག་བསམ་བཞིན། ཁ་ཕྱོགས་གང་འཁོར་ནས་རྒྱུགས་དགོས་པ་ཡང་ཚོད་མི་ཐུག་པ་ཆགས་ཡོང་གི་འདུག གང་ལྟར་པར་འདི་རྒྱལ་སྤྱིའི་ཐོག་ལ་གང་ཐུབ་ཐུབ་གསལ་བསྒྲགས་བྱེད་རྒྱུ་གནད་འགག་མཐོང་གི་འདུག འདིའི་ཐོག་ནས་འཛམ་གླིང་མི་མང་གིས་རྒྱ་མི་རིགས་ཀྱི་བསམ་སྤྱོད་ལ་ཞེན་པ་ལོག་རྒྱུར་ཏན་ཏན་རྐྱེན་བྱེད་ཐུབ།

  14. ཁྲ་གླག་སྤྱང་གསུམ་ says:
    2010-05-25 at 8:16 pm

    ཐབས་་སྐྱོ་པོ་རེད་ འོན་ཀྱང་རྒྱ་འདྲེ་ཚོའི་རང་མཚང་ཕྱིར་བསྟན་པ་རེད། དེ་ལ་སྙིང་ལངས་འགོས་དོན་མི་འདུག་དེ་ནི་ ཀླད་མེད་ལྐུག་རྟགས་ཁོ་ན་རེད། དེ་ཙམ་གྱིས་ཐམས་ཅད་འཁྱེན་པའི་སྐུ་ཚེ་དང་མཛད་པ་འཕྲིན་ལས་གང་ལ་ཡང་ཁབ་རྩེ་ཙམ་ཞིག་མི་གནོད་ཁོ་ཐག་རེད། དོན་དག་འདིའི་རིགས་སྣང་མེད་བྱས་ནས་བཞག་ན་ཡག་པོ་རེད་། རྒྱ་འདྲེ་ཚོས་བྱ་ཐབས་བྲལ།

  15. བོད་ཀྱི་བུ says:
    2010-05-25 at 10:15 pm

    ཀ་ཡེ། རིགས་མཐུན་སྤུན་ཟླ་ཚོ།
    གོང་གི་པར་འདི་འཇིགས་སྐུལ་རིང་ལུགས་པས་དྲག་པོའི་ལས་ཤིག་རྩོམ་རྒྱུ་ཡིན་པའི་སྔོན་བརྡ་འདྲ་ཞིག་ལ་མཐོང་གི་ཡོད་ན། སེམས་འཚབ་ཡོད་པའི་འགྲེལ་བཤད་དང་བཅས་ཨ་རིའི་བདེ་སྲུང་ལས་ཁུངས་ལ་སྙན་སེང་ཞུས་ན་འགྲིག་གི་རེད།
    དེ་མིན། དམིགས་ཡུལ་གཞན་གང་ཡང་མེད་པར་ཉམས་གང་ཐོན་དུ་བླངས་པའི་འདྲ་པར་སྤྱིར་བཏང་བ་ཞིག་་ཡིན་ཡང་སྲིད།
    འདྲ་པར་འདིར་བལྟ་མཁན་གྱི་ངོ་ནས་གོ་བ་མ་འདྲ་བ་དང་འགྲེལ་བཤད་མ་འདྲ་བ་བརྒྱབ་ཆོག་ཆོག་རེད་འདུག
    ངས་དེ་རིང་འདྲ་པར་འདི་ཨ་རིའི་གཞོན་སྐྱེས་ཤིག་ལ་བསྟན་ནས་མི་འདིས་ག་རེ་བྱེད་ཀྱིན་འདུག་ལབ་པ་ཡིན་ཏེ། ཁོང་ནས་ང་ཚོས་གོ་བ་ལེན་སྟངས་དང་རྦད་དེ་མི་འདྲ་བར། བུ་འདིས་ཉམས་འཁྲུག་པོ་ཞིག་བསྟན་མི་འདུག་གེ་ཟེར། ངས་བུ་འདིས་ཏྭ་ལའི་བླ་མའི་བྲང་ཁར་མེ་མདའ་བཙུགས་མི་འདུག་གམ་་ལབ་པར། ཁོང་ནས་ག་བ་ག་བ། འདི་ཨ་རི་ནང་གཞོན་སྐྱེས་སྣང་བ་གང་སྐྱིད་བྱེད་མཁན་ཚོས་ཉམས་དོད་སྟངས་ཤིག་རེད་ལགས་ཟེར།།

  16. མེ་ཏོག་དཀར་པོ། says:
    2010-05-25 at 11:33 pm

    ལོག་པའི་ལམ་ལ་མཐའ་མེད་ཕྱིར། །
    དེས་ན་འདི་དག་སྤྲོ་བྱ་མིན། །

  17. མེ་ཏོག་དཀར་པོ། says:
    2010-05-25 at 11:35 pm

    སྔ་མོ།
    བོད་རེ་བས་ཕུང་།
    དེང་སང་།
    བོད་དོགས་པས་ཕུང་།
    འབྱུང་འགྱུར།
    བོད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  18. སྤོབས་པ་མཐའ་ཡས། says:
    2010-05-26 at 12:08 am

    འདི་རྣམ་འགྱུར་སྡུག་པོ་ཞིག་ཅང་མིན་པ་འདྲ།

  19. གཞིས་ལུས་བོད་པ། says:
    2010-05-26 at 2:29 am

    ངས་རྒྱ་རིགས་ཤིག་ལ་པར་བསྟན་ཏེ་དྲིས་པ་ཡིན། ལག་ཏུ་མེ་མདའ་ཐོགས་ཏེ་རྣམ་འགྱུར་ངན་པ་བསྟན་པ་རེད་ཟེར། རྒྱ་མི་རང་གི་གོམས་སྲོལ་ཤེས་པ་རེད། དེས་ན་དྲ་ཐོག་ནས་མི་ངན་དེ་འཚོལ་ལ་ཁོ་སྡོད་མི་ཚུགས་ཞིག་བཟོ་དགོས་ངེས་རེད།

  20. ལྷ་རྟ་དཀར་པོ says:
    2010-05-26 at 2:56 am

    བཟང་ངན་ཅི་ཡིན་ཁ་ཚད་བཅད་དེ་བཤད་དཀའ་བས། སྐབས་རེ་བྱེད་སྟངས་འདིའི་བརྒྱུད་ནས་རྒྱའི་མི་དེར་་ངན་ལས་ཤིང་བསྐོར་དགོས་དྲན་ཡང་། རྒྱང་རིང་པོའི་དགོས་མཁོ་ལ་ནམ་བསམ་རེ་ཐོངས་ན་བསམ།
    པར་ལ་ལྟས་བ་ཙམ་གྱིས་མི་ཌྷདིས་འཛུབ་མོས་མེ་མདའི་དབྱིངས་སྟོན་ནས་བསྡད་འདུག་ཅེས་བཤད་དཀའ་དྲན། ཡིན་ནའང་། པར་བརྒྱབ་སྟངས་དེས་གུས་ཞབས་མེད་པའི་བཟོ་འདྲ་ཞིང་མཐོང་ཐུབ་མོད། རྒྱ་ཕྱུག་དེ་ལ་སྙིང་རྗེ་ཞིག་སྐྱེས་བ་ལས་གཞན་ཅི་གང་མ་མཐོང།

  21. མི་རྐང་གླིང་བུ། says:
    2010-05-26 at 8:07 am

    འདྲ་པར་རྫུས་མ་བཟོ་མཁན་མང་པོ་རེད། ཧང་ས་ཡ་མི་འདུག་ཁོ་རང་ཚོའི་སེམས་་ཁམས་དེ་མཚོན་བྱེད་ཙམ་རེད།
    ད་དུང་ང་ཚོའི་དུས་བབ་དྲ་རྒྱའི་མདུན་ངོས་ཀྱི་འདྲ་པར་བཅུ་ལས་བཞི་པ་ཀརྨ་པ་དང་ལྷན་དུ་བཞེངས་པའི་༸གོང་ས་མཆོག་གི་པར་དེ་རྫུས་མ་མ་རེད་དམ།

  22. མེ་ཏོག་དཀར་པོ། says:
    2010-05-26 at 9:14 am

    ལྗང་དྲི་ཚུབ་ཙམ་ཅན་གྱི་དྲ་གྲོགས་ཁག་གཅིག་ལ།
    ཆེད་ཞུ།

    སྙན་གྲགས་ཅན་གྱི་འདྲ་བརྙན་ཁང་འདིའི་ནང་སྙན་གྲགས་ཅན་ག་ཚོད་གི་འདྲ་བརྙན་ཡོད་རེད།
    ཉིན་རེར་གཟིགས་མོ་ག་ཚོད་ཕེབས་གི་ཡོད་རེད། ཁོང་ཚོས་འདྲ་པར་ལེན་དུས་རྣམ་འགྱུར་ག་འདྲ་བསྟན་གི་ཡོད། ‘འདྲ་གཟུགས་གཞན་པའི་མཉམ་དུ་པར་བླངས་དུས་གོང་གི་བཟོ་འདྲ་བྱེད་གི་ཡོད་དམ་མེད། དང་པོ་དེ་ཚང་མ་ལ་ཞིབ་འཇུག་ཅིག་གནང་།
    ང་རང་ཚོ་བོད་རིགས་མང་པོས་འདྲ་གཟུགས་ཁག་དང་མཉམ་དུ་བླངས་པའི་འདྲ་པར་ཁག་ལ་ལྟོས་ན་གོང་གི་ཕོ་གསར་དེའི་སྤྱོད་ཚུལ་ངན་པ་ཞིག་གཏན་ནས་མ་རེད།
    ང་རང་ཚོ་ཏོག་ཙམ་ཧམ་པ་ཆེ་དྲག་པ་རེད། ང་རང་ཚོ་བོད་པས་༧གོང་ས་མཆོག་ལ་ལྟ་སྟངས་ཞིག་ཡོད་པ་དེ་ནང་བཞིན་ས་སྟེང་འགྲོ་བ་མི་ཆ་ཚང་གིས་བྱེད་དགོས་པའི་བསམ་ཚུལ་ཞིག་འདུག ངས་བལྟས་ན་དེ་ཅུང་ཧམ་པ་ཆེ་དྲག་པ་རེད་ལ། དོན་དངོས་སུ་དེ་ལྟར་ཡོང་མི་སྲིད་པ་ཞིེག་རེད།
    ངས་ཞུས་སྟངས་ནོར་ཡོད་ན་དགོངས་དག སྐད་ཆ་ལ་ལྷན་པ་རྒྱབ་ནས་༧གོང་ས་མཆོག་ལ་དད་པ་མིན་འདུག་སོགས་མ་གསུངས་ལོ། please please

  23. མེ་ཏོག་དཀར་པོ། says:
    2010-05-26 at 9:25 am

    ང་ཚོས་བསམ་བློ་ངོ་མ་དེ་་་་་་སྒོར་མོ་ལས་སྐུ་འཕྱྭ་གལ་ཆེ་་་་ཟེར་བའི་ཆེད་རྩོམ་དེར་གཏོང་དགོས་འདུག ང་རང་ཚོའི་ནོར་བུ་ངོ་མ་༼༧གོང་ས་མཆོག་༽དེ་ང་རང་༼༧སྐྱབས་རྗེ་ཨ་ཀྱ་རིན་པོ་ཆེ༽ཚོས་ཚོང་རྫས་བཞིན་བྱེད་བཞིན་པ་ལ་རྒྱ་འམ་རྒྱ་ངོ་ཅན་གྱི་ཕོ་གསར་ལོ་ཆུང་ཞིག་གིས་༧ནོར་བུའི་འདྲ་བརྙན་པར་བླངས་ཚུལ་ཞིག་ལ་ཧ་ལས་མདོག་གིས་ཧུང་ཧུང་དང་ཕཊ་ཕཊ་ལབ་བསྡད་ན་ངོ་གཏིང་ནས་ཚ་དགོས་པ་རེད་ལོ།

  24. མེ་ཏོག་དཀར་པོ། says:
    2010-05-26 at 11:08 am

    བལྟས་བལྟས་ན་རི་འགུལ།
    ཉན་ཉན་ན་རྫ་གྲགས།
    འདི་ཨེ་ཤེས།

  25. སྒོམ་སྡེ་ལྷ་རམས་པ། says:
    2010-05-26 at 12:40 pm

    གནས་ཚུལ་འདི་ཆུང་ཆུང་ཞིག་མ་རེད། འདིའི་རིགས་ལ་ཡིད་གཟབ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་༢༠༠༩ལོར་༸གོང་ས་མཆོག་ཁེ་ན་ཌའི་གྲོང་ཁྱེར་ཝེང་ཁུ་ཝར་ཕེབས་དུས། དྲ་རྒྱའི་ཐོག་རྒྱ་མི་ཞིག་གིས། “མི་སུ་ཞིག་གིས་ཏཱ་ལའི་བླ་མ་བཀྲོངས་ཐུབ་ནའང་དེ་ལ་བྱ་དགའ་ཆེན་པོ་སྦྱིན་གྱི་ཡིན”ཞེས་བྲིས་ཏེ་རྒྱ་མིའི་གསར་ཤོག་དང་། ས་གནས་ཀྱི་གསར་ཤོག་དང་བརྙན་འཕྲིན་ཁག་མང་པོར་དེའི་སྐོར་གནས་ཚུལ་ཐོན་པ་རེད། རྗེས་སོར་སྐུ་ངོ་མ་ཕེབས་དུས་གསང་བའི་ལས་ཁུངས་དང་ས་གནས་ཉེན་རྟོག་པས་སྐུའི་ཕྱཱའི་ཐོག་སྲུང་སྐྱོབ་ཞེ་དྲག་ཡག་པོ་གནང་བ་རེད།

    གལ་ཏེ་འདི་ནིའུ་ཡོག་ཏུ་ཡིན་ན། ནིའུ་ཡོག་བོད་ཀྱི་དོན་གཅོད་ཁང་དང་། ཨ་རིའི་ས་གནས་ཉེན་རྟོག་པར་གནས་ཚུལ་འདི་ཕུལ་ནས་སེམས་འཚབ་ཡོད་ཚུལ་ཞུ་ཐུབ་དགོས། དེ་ལྟར་བྱས་ཏེ་སྲུང་སྐྱོབ་ལེགས་སུ་གཏོང་རྒྱུའི་དགེ་མཚན་ཆེན་པོ་ཡོད། དེ་མིན་ང་ཚོས་འདིར་མང་པོ་བཤད་ནས་དགེ་མཚན་ཆེར་མ་མཐོང་།

    གྲགས་ཅན་མི་སྣའི་འགྲེམས་སྟོན་ཁང་ཞིག་ལོན་ཌོན་དབྱིང་ལན་དུའང་ཡོད་རེད། སྐུ་འདྲ་དེ་དང་གཅིག་པ་གཅིག་རྐྱང་ཞིག་ཀྱང་མཇལ་རྒྱུ་འདུག གཅིག་བྱས་ན་དེར་ཡང་ཡིན་སྲིད། གལ་ཏེ་དེར་ཡིན་ཚེ། དབྱིང་ལན་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་སུ་འདིའི་སྐོར་གནས་ཚུལ་དང་། གཞན་ཡང་དབྱིན་གཞུང་གི་བདེ་སྲུང་ལས་ཁུངས་སུའང་གོང་ཞུས་ལྟར་སེམས་འཚབ་ཡོད་ཚུལ་ཐད་ཀར་གནས་ཚུལ་འབུལ་ཐུབ་ཚེ་ཡག་པོ་ཡོད་རེད།

  26. བོད། ཤ་ཁྲག་རུས་གསུམ། says:
    2010-05-26 at 1:42 pm

    འདྲ་དཔར་འདི་ནི་ལོན་སྒྲོན་དུ་ཡོད་པའི་འཛམ་གླིང་གྲགས་ཆེན་མི་སྣའི་འབག་སྐུ་བཟོས་ཡོད་ས་དེ་ཡིན་པ་འདྲ། གང་ཡིན་ཟེར་ན་ངའི་གྲོགས་པོ་ཞིག་ས་དེར་ཕྱིན་དུས་སུ་༧གོང་ས་མཆོག་གི་འབག་སྐུ་འདི་འདྲ་ཞིག་གི་ལྷན་དུ་སྒྲོན་པའི་འདྲ་དཔར་ཞིག་མཐོང་མྱོང་བ་དེ་དང་གཅིག་མཚུངས་ཤིག་རེད།

    ང་ཚོས་འབག་སྐུ་འདི་གང་ན་ཡོད་མེད་དེ་གསལ་བོ་ཤེས་རྗེས་སུ་དེ་ནས་བོད་ཀྱི་དོན་གཅོད་ཁང་དུ་སྙན་ཞུ་ཕུལ་བ་ཡིན་ན་ཡག་པོ་རེད།

  27. འཁྱམས་པོ། says:
    2010-05-26 at 1:46 pm

    རྒྱ་རྒན་འདི་ཚོ་མིག་ཚ་བ་ལས་ཕན་གང་ཡང་ཐོག་གི་མ་རེད། སྙིང་རེ་རྗེ། ཁོ་རང་གི་སེམས་པ་སྐྱིད་ན་སྐྱིད་དུ་བཅུགས།

  28. Tenzin Deshal says:
    2010-05-26 at 1:47 pm

    1 This one is in London, compaire the images:

    http://erintakeover.blogspot.com/2008/03/wax-on-wax-off-day-4.html

    2 This one is in New York City:
    http://www.madametussauds.com/NewYork/ContactUs.aspx

  29. བསྟན་འཛིན་ཤེས་རབ། says:
    2010-05-26 at 1:57 pm

    ཨེ་་་ རྣམ་པ་ཚོ་ཐང་ཆད་ཡོད་རྒྱུ་རེད་ལ། ད་འདིར་ཕེབས་ཏེ་བར་གསེང་རེ་གནོངས། དེ་ནས་མུ་མཐུད་དུ་ཡིན་དྰ།
    http://www.youtube.com/watch?v=tX1DysWG8hI&feature=related

  30. ཟླ་བ་གཞོན་ནུ། says:
    2010-05-27 at 2:09 am

    ལོག་པའི་ལམ་ལ་མཐའ་མེད་ཕྱིར། །
    དེས་ན་འདི་དག་སྤྲོ་བྱ་མིན། །
    ཞེས་པ་རང་རེད།
    ཡ་མ་བྱེད། ས྄ྣང་མེད་ཐོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme