Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ ཆང་གཏམ། ༽

Posted on 2017-09-232017-09-23 By ཁ་བརྡ་ 3 Comments on ༼ ཆང་གཏམ། ༽

—སྦྲ་དཔལ་ལྡན། ༼ཧྥ་རན་སི༽
Université de Franche-comté

 
ཚེ་སྐྱིད་ དོ་དགོང་
ངའི་སེམས་འགྱུ་བློ་བུར་བ་ཞིག་མ་ཡིན་པས
ངའི་ཧུབ་ཀྱིས་ཆང་འཐུང་ན་འདོད་པས་
ཆང་ཕོར་ རེ་རེར་
སྙིང་གཏམ་དམར་དམར་ཞིག་དང་ལྷན་དུ་
ཁྱོད་ཀྱི་བྲང་གཞུང་ནས་ཧུབ་ཀྱིས་འཐུང་ན་འདོད
འོན་ཀྱང་ ལས་འབྲས་ལ་གོ་ལྡོག་དབེན་པའི་གྲུ་ཁ་ཞིག་ནས
ཁྱོད་རང་ཁུ་སུམ་མེར་རྨི་ལམ་དུ་ཡལ་ཡོད་པས་
ང་ལ་ཆང་རོགས་གཏན་ནས་ཐོབ་མ་སོང་

ཚེ་སྐྱིད་ དོ་དགོང་
ངའི་སེམས་པའི་ན་ཟུག་ཡོད་ཚད་དང་
སེམས་གཏམ་ལྷག་མ་ཞིག་གིས་སྐད་ཆ་གློད་ཕྱིར་
ངའི་སེམས་པའི་གོམ་ཁ་Super U་ལ་བསྒྱུར
བསྒྱུར་ཟིན་པའི་སྟོང་བསམ་ལྷག་མ་ཞིག་གི་རྨི་ལམ་ལ་སྒུག་ནས་
ཁ་པར་དང་སྙིང་དམར་བོ་ལག་ཏུ་བཟུང་ནས་
ཁྱོད་ཀྱི་ཁ་སང་གི་སྐད་ཆ་རེ་རེར་
ངའི་བཟི་ཁ་བཙན་པས་ཆང་ཁུ་དང་ལྷན་དུ་བཙན་གྱིས་མིད་མོད་
ངའི་བརྩེ་དུངས་ཀྱི་བཟི་ཁ་བཙན་པས་
ང་ནམ་ཡང་བཟི་ཐུབ་མ་སོང་

ཚེ་སྐྱིད་ དོ་དགོང་
ངའི་ཁོར་ཡུག་ན་རྒྱུ་བའི་རླུང་བུ་དལ་བུ་ཞིག་གིས་
ངས་ཁྱོད་དྲན་པའི་སྡོང་ལོ་ཡོད་ཚད་རླུང་གིས་བསྐྱོད་རུང་
ད་ལྟ་ང་སྡོད་སའི་ཁོར་ཡུག་ན་ཧ་ཅང་ཁུ་སུམ་པས་
ངས་ཁྱོད་དྲན་པའི་ན་ཟུག་དང་
ཁྱོད་ལ་འཁྲེང་བའི་སེམས་པ་ཡོད་ཚད་
ཡོད་ཚད་ནས་ཡོད་ཚད་དལ་ཅག་གེར་ངང་
ངས་ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་ལ་སྒོམ་ཞོར་
མིག་ཟུང་བཙུམ་ནས་ ཅི་ལྟར་འཐུང་ཡང་
མིག་ཟུང་གིས་བཟི་ཁ་ནམ་ཡང་བཙན་མ་མྱོང་།

2017/09/23 ཉིན་གྱི་མཚན་མོར་བྲིས།

* མཆན་ Super U ཟེར་བ་དེ་ཧྥ་རན་སུའི་སྣ་འཛོམས་ཚོང་ཁང་ཆེན་མོ་ཞིག་གི་མིང་ཡིན།

སྙན་ངག

Post navigation

Previous Post: བོད་མིའི་སྒྲིག་འཛུགས་ཀྱི་དབུས་ས་ཡན་ལག་དང་བཅས་པས་བོད་སྐད་ཡིག་ཐོག་ནས་རྒྱུན་འབྲེལ་དགོས་པའི་གྲོས་ཆོད་བཞག
Next Post: ཀུན་མཁྱེན་བླ་མ་དམ་པ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོན་པོ་འགའ་ལ་དོགས་སེལ་དུ་ཕུལ་བ།

Comments (3) on “༼ ཆང་གཏམ། ༽”

  1. ཨ་འབར་འཇིགས་དབང་། says:
    2017-09-24 at 1:28 pm

    ༄༅། ཚེ་སྐྱིད་་དོ་་དགོང་ལགས།
    ཁྱོད་ཀྱི་རྩོམ་དེ་སུ་ལ་བྲིས་པ་ཡིན། ནང་དོན་གཙོ་བོ་གང་བརྗོད་དམ།
    ལོག་སྐད་རང་ད་མ་ཡིན་ནམ།
    ཁྱོད་རང་བྲིས་པའི་རྩོམ་ཡིག་། ཁྱོད་ནས་ཤེས་ན་མ་གཏོགས།
    གཞན་གྱི་གོ་དོན་མ་ཤེས། བྲག་ལ་བཤད་དང་མཚུངས་སོང།
    གོ་དོན་མ་ཤེས་བཤད་པ་དེ།
    སྙན་ངག་མཁས་ཀྱང་ས་རྡོ་བཞིན།
    དེས་ན་གཞན་མང་རྟོགས་པའི་སླད།
    བཤད་དགོས་སྙན་ངག་མཁས་པ་ཚོ།

  2. ས་ཏྲིག says:
    2017-09-27 at 1:19 am

    ཨ་འབར་འཇིག་དབང་།
    གོ་དགོས་མཁན་དེ་ཁྱེད་ཉིད་མིན་པས་ཁྱེད་ལ་གོ་རྒྱུ་མེད་པའི་སྙན་ངག་ཅིག་ཏུ་འགྱུར་སྲིད་མོད་རྩོམ་པ་བོས་སྙན་ཚིག་གི་མངལ་དུ་སྦྲུམ་པའི་གཞོན་ནུ་མ་དེས་གོ་སོང་ན་ཁོང་གི་མངོན་འདོད་དེ་ཡིན་རྒྱུ་རེད་སྙམ་།
    མ་གཞི་ནས་སྙན་འདི་ཆང་གཏམ་ཡིན་པས་ཁྱེད་ཀྱིས་མི་གོ་བར་ཁག་ལར་ནས་མེད། ཀུ་རེའི་ཚུལ་དུ།

  3. སྦྲ་དཔལ་ལྡན། says:
    2017-09-28 at 5:02 am

    ཨ་འབར་འཇིགས་ལགས་ཀྱི་སྒེར་གྱིས་བསམ་ཚུལ་གསུངས་བར་དགའ་བསུ་ཞུ སྙན་ངག་ཅིག་གི་བལྟ་ཚུལ་བཤད་དུས་. སྙན་ངག་དེས་བྲོ་བ་ཁྱོད་ཀྱིས་མ་གོ་ན་. ངས་སྙན་ངག་ལ་རིན་ཐང་མ་ཡོད་པས་ཡིན་ན་ཐང་།. འོན་ཀྱང་།. སྣན་ངག་འབྲི་བ་བོར་གོ་བརྡ་འཕྲོད་ཡོན་ན་སྙན་ངག་པས་ཟེ་འདོད་དེ་ལས་མ་འདས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme