Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་ལུགས་ངོ་སྤྲོད།

Posted on 2017-09-222017-09-22 By ཁ་བརྡ་ 3 Comments on གནས་ལུགས་ངོ་སྤྲོད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
ལྷ་ཁང་རྫིག་པོ་ཆོས་ཀྱི་ཞིང་ས་མིན།།
སེམས་པ་བཟང་པོ་ཆོས་ཀྱི་ཞིང་ས་ཡིན།།
ཕྱག་དང་སྐོར་བ་ཆོས་ཀྱི་ཞིང་ས་མིན།།
བྱམས་དང་སྙིང་རྗེ་ཆོས་ཀྱི་ཞིང་ས་ཡིན།།

གསེར་སྐུ་རིན་ཆེན་ནང་པའི་བསྟན་པ་མིན།།
བསླབ་པ་སློབ་གཉེར་ནང་པའི་བསྟན་པ་ཡིན།།
ལག་ཏུ་ཕྲེང་བ་ཡོད་ཚད་ཆོས་པ་མིན།།
སེམས་ལ་ཉེ་རིང་མེད་ན་ཆོས་པ་ཡིན།།

གཞུང་ལུགས་ཤེས་པ་ཙམ་གྱིས་མཁས་པ་མིན།།
བླང་དོར་གནས་ལུགས་ཤེས་ན་མཁས་པ་ཡིན།།
ཕ་སྐད་ཤེས་པ་ཙམ་གྱིས་ལ་རྒྱ་མིན།།
ནང་ཁུལ་མཛའ་མཐུན་ཡོད་ན་ལ་རྒྱ་ཡིན།།

རང་ལུས་དོར་བ་ཙམ་གྱིས་དཔའ་བོ་མིན།།
དགྲ་ལ་དམར་རྫིང་ཐུབ་ན་དཔའ་བོ་ཡིན།།
རྒྱུ་ནོར་ཡོད་པ་ཙམ་གྱིས་ཕྱུག་པོ་མིན།།
ནོར་ལ་ཆོག་ཤེས་ཐུབ་ན་ཕྱུག་པོ་ཡིན།།

འབྲི་ཀློག་ཐུབ་པ་ཙམ་གྱིས་ཡིག་མཁན་མིན།།
ཐ་སྙད་གསལ་སྟོན་ཐུབ་ན་ཡིག་མཁན་ཡིན།།
ཁ་དམག་བསྒྲགས་པ་ཙམ་གྱིས་ཆབ་སྲིད་མིན།།
གོ་སྐབས་དམ་འཛིན་ཐུབ་ན་ཆབ་སྲིད་ཡིན།།

སྙན་པོ་ཐམས་ཅད་སྙན་ངག་མིན།།
ཚིག་དོན་མཐུན་ན་སྙན་ངག་ཡིན།།
ཞིམ་པོ་ཐམས་ཅད་ཁ་ཟས་མིན།།
ཟས་བཅུད་འཛོམས་ན་ཁ་ཟས་ཡིན།།

འགན་འཁུར་ཐམས་ཅད་ལྷག་བསམ་མིན།།
ཁྲིམས་དང་མཐུན་ན་ལྷག་བསམ་ཡིན།།
བཤད་ཚད་གཏམ་ལ་ཉན་མཁན་མེད།།
ཉན་མཁན་ཡོད་ཀྱང་སྙན་ཆ་མེད།།

ཟ་རྒྱུ་མང་ན་སྐྱུག་རྒྱུ་མང་།།
འགྲོ་རྒྱུ་མང་ན་སྡོད་ས་ཤོར།།
ལབ་གླེང་མང་ན་རྩོད་གླེང་མང་།།
ཧམ་བཤད་མང་ན་རང་མཚང་བརྡོལ།།

སྙན་ངག

Post navigation

Previous Post: སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་༤ པའི་ཉིན་ ༤ །
Next Post: ཨེ་ཝྃ་ཆོས་སྨན་གྱི་གླུ།

Comments (3) on “གནས་ལུགས་ངོ་སྤྲོད།”

  1. ཨ་ཁུ་འབྲོག་པ། says:
    2017-09-22 at 12:33 pm

    ཕན་མི་ཐོགས་རྣམས་ལ་མཆོད་འབུལ།
    རེ་བའི་མིག་འབུར་གཏོད་ཡུལ་གྲོས་ཚོགས་སུ།།
    གཞིས་བྱེས་བོད་ཡོངས་ཀྱིས་བལྟས་བལྟས་པར།།
    བྱ་རྒོད་ཤ་ཡིས་འགྲང་འདྲའི་མི་ངན་དང་།།
    ལྷ་འདྲེ་གསར་པའི་སྐུ་རྟེན་རྣམས་ལ་མཆོད།།
    མི་མང་རྔུལ་ཆུ་དྭངས་བླང་དཔྱ་དངུལ་མཆོད།།
    བོད་མིར་དཀར་བའི་སྦྱིན་བདག་རོགས་དངུལ་མཆོད།།
    གཟིམ་སྦུག་ནས་བསྩལ་དད་རྫས་དཀོར་གྱིས་མཆོད།།
    གནས་ཆུང་ཁ་གནོན་བསྟན་པ་ཡར་འཕེལ་མཆོད།།
    སྲིད་སྐྱོང་ཁ་གནོན་ཤར་ཕྱོགས་ཁུ་རྟ་མཆོད།།
    ཆོས་པའི་ཁ་གནོན་སྨོན་ལམ་མཐར་ཕྱིན་མཆོད།།
    རྐུབ་བཀྱག་ཁ་གནོན་གསུང་མི་འབྱོན་རྣམས་མཆོད།།
    གཞིས་བཞུགས་རྣམས་ལ་བཙན་བྱོལ་དེ་ཉིད་བསྟན།།
    བཙན་བྱོལ་རྣམས་ལ་འབྱུང་འགྱུར་ཡ་ང་བསྟན།།
    ཀྱེ་མ་སྙིང་ནས་སྐྱོ་བའི་གཏང་རག་ཡིན།།
    ཆོས་མེད་སྲིད་མེད་ཁྱོད་རྣམས་ཐུགས་དམ་བསྐང་།།

  2. ཨ་འབར་འཇིགས་དབང་། says:
    2017-09-22 at 11:29 pm

    ༄༅།་ཨ་ཁུ་འབྲོག་པ་ནས་སྲིད་སྤྱི་གཉིས་ལ་མི་འདོད་པའི་ཁ་དམག་རྒྱག་
    དགོས་དོན་གང་ཡིན་ནམ།

  3. ཀརྡོ་རབ་འབྱམས་པ་ says:
    2017-09-23 at 4:24 am

    ཆོས་ཀྱི་གནས་ལུགས་སྐོར་ལ་ཐད་གཏོང་།
    https://www.facebook.com/14thGyalwaRinpoche/videos/1486359828068941/?hc_ref=ARQdMFN2THbkWKYRZUZ_xE3LmGCaaqgK0rzkkqL_tzAQs34jMH75lj0ajUMHgFnZriA

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme