Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཕགས་ཡུལ་བུ་མོ།

Posted on 2017-09-212017-09-21 By ཁ་བརྡ་ 6 Comments on འཕགས་ཡུལ་བུ་མོ།

ལྷ་ཐོག་མཇེ་ཕྲུག

 
ས་རེ་ནག་པོའི་འོག་ནས།།
རྒྱ་གར་སྨན་ཆུང་མཛེས་མའི།།
བཞིན་གྱི་འཛུམ་མདངས་མངོན་ཚེ།།
ཟུར་མིག་ཐེངས་འགའ་ཤོར་སོང་།།

ལུས་ལ་རྒྱན་ཆ་མི་འདོད།།
མཛེས་མའི་རློམ་སེམས་མེད་པ།།
བཅོས་མིན་རང་བཞིན་བསྟན་དུས།།
སེམས་པ་དེ་བས་འཕྲོག་སོང་།།

ཁ་ངོ་ཁྱོད་ལས་མཚར་བ།།
སྨིན་ལེགས་མང་པོ་འདུག་སྟེ།།
ཕྱི་ནང་གཉིས་ཀ་མཛེས་པ།།
ཁྱོད་རང་ཙམ་ཞིག་རེད་གདའ།།

ཁྱོད་ཀྱི་རྣམ་པའི་གཟུགས་བརྙན།།
ཁོ་བོའི་སེམས་ལ་བསྙལ་ཡོད།།
ཁྱོད་ཀྱི་རྣམ་ཤེས་བདག་པོ།།
ང་རང་ཡིན་ན་བསམ་བྱུང་།།

སེམས་ལ་ཁྱོད་རང་འཁོར་རུང་།།
ཡང་ཡང་མཇལ་རྒྱུ་མི་འདུག །
དེ་འདྲའི་མངོན་མེད་འཆར་སྣང་།།
སེམས་ལ་རྨ་ཁ་བཟོས་སོང་།།

གཤིབ་པའི་ལས་སྐལ་མེད་ཀྱང་།།
མཐོང་བའི་དུས་ཤིག་ཡོད་ན།།
ཁྱོད་ལ་དུང་བའི་བུ་ཆུང་།།
སེམས་ཀྱི་རྨ་ཁ་སོས་འགྲོ །

ཁྱོད་རང་འཕགས་ཡུལ་བུ་མོ།།
ང་རང་གངས་ཕྲུག་དྭངས་མ།།
ཡོང་ས་མི་གཅིག་རེད་དེ།།
འཚོ་བ་མཉམ་དུ་སྨོན་ཡོད།།

ཁྱོད་རང་ཟླ་བར་དགའ་བ།།
ང་རང་ཉི་མར་མོས་པ།།
དགའ་ས་རང་རང་རེད་དེ།།
ནམ་མཁར་ཡོད་མཁན་ཆ་རེད།།

ཁྱོད་རང་དབྱངས་ལ་དགའ་བ།།
ང་རང་བྲོ་ལ་དུང་བ།།
དབྱངས་བྲོ་མཉམ་རོགས་བྱུང་ན།།
གཞས་ཀྱི་གདངས་ཤིག་རྙེད་ཡོང་།།

ཁྱོད་ལ་ཕ་མའི་བཀའ་ཡོད།།
ང་ལ་མེས་པའི་གཤིས་ཡོད།།
ངེད་གཉིས་མཉམ་འཛོམས་མེད་པ།།
ལྟས་ངན་དེ་ནས་བསྟན་སོང་།།

སེམས་པ་གཅིག་ལ་མཐུན་ཡང་།།
ཕ་མས་བློས་ཀྱི་མ་རེད།།
ལུས་པོ་མཉམ་དུ་འདྲེས་ཀྱང་།།
རྣམ་ཤེས་རྐུ་མཁན་ཡོད་རེད།།

སེམས་སོང་བུ་མོ་ཞིག་དང་།།
སེམས་པ་གཅིག་ལ་འདྲིས་ནས།།
སེམས་ཀྱིས་བསམ་པ་ནང་བཞིན།།
འཚོ་རྒྱུ་བྱུང་ན་དགའ་ལ།།

སྙན་ངག

Post navigation

Previous Post: ཨེ་ཝཾ་ཆོས་སྨན་གླིང་གི་དུས་བཟང་།
Next Post: ཁྲོ་གཏུམ་གྱི་སྙན་ངག་བཞི།

Comments (6) on “འཕགས་ཡུལ་བུ་མོ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-09-21 at 4:22 pm

    ཕ་མས་བློས་ཀྱི་མ་རེད།།
    འདི།
    ཕ་མས་གློད་ཀྱི་མ་རེད།།

  2. ཀརྡོ་རབ་འབྱམས་པ་ says:
    2017-09-21 at 4:51 pm

    ཧ་ཧ།
    རྦུ་ལི་ཝུ་དྲིའི་གློག་བརྙན། །
    ལྟད་མོ་མང་པོ་བལྟས་དྲགས། །
    རྒྱ་གར་མཛེས་མའི་རྣམ་པར། །
    ང་ཡང་སེམས་པ་ཤོར་མྱོང་། །

    རྒྱ་མོ་བོད་གཟུགས་འདྲ་ཡང་། །
    རྒྱ་མོ་ཆོས་དད་ཆུང་ཤག །
    རྒྱ་གར་བུ་མོ་མཛེས་ཀྱང་། །
    ཆོས་རིག་ཁ་ཁག་ཤོར་འདུག །

    ཕྱི་རྒྱལ་བུ་མོ་བཟང་ཡང་། །
    མི་ཚེའི་བརྟན་གྲོགས་དཀའ་ཙམ། །
    དེས་ན་བཟའ་ཟླ་ཡག་ཤོས། །
    བོད་རིགས་བུ་མོ་རེད་ཤག །
    ཀུརེའོ།།

  3. ཀརྡོ་རབ་འབྱམས་པ་ says:
    2017-09-22 at 1:15 am

    ཕ་མས་བློས་ཀྱི་མ་རེད།།
    འདི།
    ཕ་མས་གློད་ཀྱི་མ་རེད།།
    འདི་ཡང་།
    ཕ་མས་གློད་བགྱི་མ་རེད།།
    འདི་དག་ལ། གོ་དོན་ཚང་བ་ཡོད་རེད།
    ་
    ངས་ཉམས་ཞིབ་ལྟར་བྱས་ན། ཕ་མས་གློད་ཀྱི་མ་རེད། ཅེས་པའི་ཀྱི་དེ་ཡང་མ་དག་པ་རེད། འདི་ལ། ྇ཕ་མས་གློདབགྱི་མ་རེད། ཅེས་ཨིན་སྐད་དུ། shall, will ལྟར། བོད་སྐད་དུའང་། གོ་དོན་མེད་པའི་ཀྱི་ལས། མ་འོངས་པའི་བྱ་བ་སྟོན་ཐུབ་པའི་བགྱི་འབྲི་དགོས་རེད། ངས་ལོ་ངོ་ཉི་ཤུ་ཡར་སྔོན་ནས་ཆེད་རྩོམ་དུས་དེབ་དང་། རང་དབང་གསར་ཤོག་སོགས་སུ་ཡང་བཏོན་རེད་དེ་་་་་་་་་་་་

  4. ཨ་ཁུ་འབྲོག་པ། says:
    2017-09-22 at 12:28 pm

    ས་རི་ནག་པོ་གྱོན་སྟངས་ལ་བལྟས་ན་མཇེ་ཕྲུག་གི་སེམས་ཤོར་ས་དེ་རྒྱ་གར་སྨན་ཆུང་བུ་མོ་ཆོས་ལུགས་ཁ་ཆེ་བ་ཞིག་ཡིན་བཟོ་འདུག ལུས་ལ་རྒྱན་ཆ་འདོགས་ས་དང་། མཛེས་པའི་རློམ་སེམས་སྟོན་ས་ཁོང་ཚོར་ཡོད་པ་མ་རེད། ཁ་ཆེའི་བུ་མོ་ཚོ་ལ་ས་རི་ནག་པོའི་འོག་ནས་བཞིན་གྱི་འཛུམ་མདངས་རང་ལྟ་སྟོན་ས་ཡོད་པ་མ་རེད། མིག་འཛུམ་འདྲ་རྒྱག་ག་བྱེད་ཀྱི་རེད། ཁོང་ཚོ་ལ་རང་དབང་དེ་ཙམ་རེད། བྱ་ལེ་ནི་བཅད་ཚར་ནས་ཡོད་པ་མ་རེད། གཟུགས་པོ་ཚང་མ་སྦས་པའི་ཚུལ་དུ་ཡོད་སྟབས་ཆགས་ཅན་སྐྱེ་བོ་རྣམས་ཀྱི་བསམ་པ་ལ་དགའ་བའི་དགའ་བ་སྟེར་བའི་ཉིང་ཁུ་ཅི་འདྲ་ཞིག་ཡོད་དམ་སྙམ་སྟེ་འདོད་ཆགས་སློང་བ་ལ་བུ་མོ་དམར་ཧྲང་མ་ལས་ཁོང་ཚོ་ཁུལ་ཆེ་བ་ཡོད་བདེན་པ་རེད།

  5. མཇེ་ཕྲུག says:
    2017-09-25 at 1:11 am

    ཁྱེད་རྣམས་པས་ཐུགས་འཁུར་ཆེན་པོ་གནས་ནས་ཡིག་ནོར་དག་བཅོས་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེན་ཞུ་བཞིན་ཡོད།
    རྗེས་སུ་ཡང་གང་ཐུབ་གནང་རོགས།

  6. གངས་སྲས་ says:
    2017-09-25 at 4:22 am

    ཨ་རོ་ཚོ་་ཚོད་བཟུང་ཉེས་རྡུང་རག་ཡོངས་་་་ཧ་ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme