Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་མཐོང་བའི་ཉེ་རུག་གི་ལས་ཀ་ཡག་ཤོས།

Posted on 2017-09-172017-09-17 By ཁ་བརྡ་ No Comments on ངས་མཐོང་བའི་ཉེ་རུག་གི་ལས་ཀ་ཡག་ཤོས།

སྐྱོ་བྲག་དཔའ་བརྟན།

 
ང་རང་དང་ནུ་བོ། ད་དུང་རྒྱ་རིགས་གྲོགས་པོ་སྐོར་ཞིག་གིས་མཚམས་རེ་བདག་མེད་ཀྱི་རྒས་འཁོགས་དང་། འཁོས་ཞན་དབུལ་ཕོངས་ཀྱི་མི་ཚང་། སློབ་གྲྭར་འགྲོ་མི་ཐུབ་པའི་བྱིས་པ་བཅས་ལ་རོགས་ཕན་ཅི་ཐུབ་ཀྱིས་གང་སར་བསྐྱོད་ཀྱི་ཡོད་པ་བཞིན། འདི་ཟླའི་ཕྱི་ཚེས་གཉིས་ཉིན་སྔ་ལང་བྱས་ཏེ། བདེ་ལེགས་བྱིས་བྱམས་གླིང་ནས་སྦྱིན་རྒྱུའི་ཅ་དངོས་རྣམས་ཟོང་འཁོར་ལ་བཀལ། ང་ཚོས་རླངས་འཁོར་ཆུང་བ་གཉིས་སྐོར་ནས། འབྲི་ཆུའི་འགྲམ་དུ་ཆགས་པའི་ཡུལ་ཤུལ་རྫོང་དཔལ་ཐང་ཡུལ་ཚོའི་གུར་ནང་དང་འདམ་ཐོག་སྡེ་བར་ཆས། སྐྱེ་རྒུ་ནས་དཔལ་ཐང་ཡུལ་ཚོའི་བར་ཨར་འདམ་གྱི་ལམ་ཡག་པོ་ཡོད་ནའང་། དཔལ་ཐང་ཡུལ་ཚོ་བརྒལ་ཙམ་ནས་ས་ལམ་ལ་ཆར་ཆུ་འཁྱིལ་བའི་དོང་མང་པོ་དོད་ནས་འགྲོ་ལམ་བདེ་པོ་མི་འདུག

དེ་ནས་རིམ་བཞིན་ཨ་གྲོ་བརྒྱུད་འབྲི་ཆུའི་ཁར་བསླེབས། ཆུ་འགྲམ་གྱི་རི་སྐེད་འཁོར་ལམ་དེད་དེ་སོང་བས་རི་ནས་ས་རྡོ་ཉིལ་བས་ལམ་འགགས་པ་རྣམས། ནམ་རྒྱུན་གྱི་ལམ་བཟོ་བ་དང་མི་འདྲ་བ། བོད་མི་རྒས་གཞོན་དང་། སྐྱ་སེར་ཆེ་ཆུང་མང་པོས་ལམ་གྱི་ས་རྡོ་བསལ་ནས་ལམ་གཤང་གི་གདའ། ང་ཚོའི་རླངས་འཁོར་རྡོ་བས་འགགས་པ་ན། ལུས་ལ་འདམ་གྱིས་གོས་པའི་གྲྭ་ཆས་གསོལ་ཞིང་། དབུ་ལ་ཞྭ་མ་བཞེས་པས་ཞལ་རས་འདམ་དང་ཆར་ཆུས་བངས་པའི་བནྡེ་ཞིག་གིས་རྡོ་བ་མར་བསྒྲིལ་ནས་ཐར་ཙམ་བྱུང་།

ང་ཚོས་ཆར་ཞོད་ནང་ཤེལ་སྒོ་མར་དེད་དེ། ཐུགས་རྗེ་ཆེ། ཞེས་ཞུས་དུས། ཁོང་གིས། ཧ་ཧ་ཧ། ཁྱེད་རྣམ་པ་ཡིན་ཟིག་ལེ། གསུངས་ནས་བཞད་མོ་གནང་ཡོང་བ་ན། གསུང་སྐད་དང་། ཚེམས་འཕྲེང་དཀར་པོ་གྲལ་འགྲིག་པོ་དེ་མཐོང་བས། ད་གདོད་ཁྱི་དགའ་བླ་མ་ཡིན་པ་ངོ་ཤེས་བྱུང་། ཁོང་གིས་ད་དུང་ལམ་ནས་གཟབ་གཟབ་མཛོད་མ་གཏོགས་ལམ་ཡག་པོ་མི་འགི་ཧོ། སོགས་གསུངས། ངས། ལགས་སོ། །ཁྱེད་ཀྱིས་འོ་བརྒྱལ་མཛད་གདའ་ལེ་ཞུས་ཏེ་བུད་འགྲོ་ཞོར་སེམས་ནས་ད་ཞག་གནམ་འབབ་ཞོད་ཆེ་བས་ལམ་འགགས་པ་ཉེ་འཁོར་གྱི་གྲོང་ཚོའི་མི་དང་ཁྱི་དགའ་བླ་མས་ལམ་འཕྲང་བསལ་གྱི་ཡོད་འདུག་ཨང་བསམ་བཞིན་སོང་།

ང་ཚོས་གྲོང་ཚོ་གསུམ་གྱི་ནང་བྱམས་བརྩེའི་ཅ་དངོས་བྱིན་ཅིང་། འདམ་ཐོག་དགོན་གྱི་བཤད་གྲྭ་དང་། དབྱར་གནས་པའི་དགེ་འདུན་པ་རྣམས་ལའང་སྐུ་འགྱེད་དང་གསོལ་སྐལ་མཚོན་པ་རེ་ཕུལ་ནས་སླར་ལྡོག ད་ལོ་འབབ་ཞོད་ཆེ་བས་ད་ནངས་ཡོང་སའི་ལམ་འཕྲང་དུ་སླེབ་སྐབས་ཆར་པ་དྲག་ཏུ་འབབ་བཞིན་འདུག་ལ། ཁྱི་དགའ་བླ་མ་སོགས་ལམ་འགྲམ་དུ་ལངས་ནས་དགོང་ཟས་བཞེས་ཀྱི་གདའ། ངས་དགོན་པའི་གྲྭ་ཚང་གཞན་པ་འཚོགས་ནས་ཕེབས་མེད་པ་མཇལ་བ་དང་། ཁོང་གིས་ཆེད་དམིགས་འོ་བརྒྱལ་འདི་འདྲ་གནང་བ་ལ་ངོ་མཚར་ནས། ཁྱེད་རྣམས་ཀྱིས་ནམ་མགོ་བཙུགས་ཏེ་ལམ་ལས་པ་ཡིན། ལས་མི་རྣམས་གྲོང་ཚོ་གང་གི་རེད། ཅེས་འདྲི་ཤོར། ཁོང་གིས་དགོང་ཟས་སྟབས་བདེ་དེ་བཞེས་ཞོར། ངེད་ཚོ་གཙོ་བོ་ཧོར་ཚང་དང་། ད་དུང་བ་རི་ཚང་། གྲོང་དཀྱིལ་ཚང་བཅས་ཀྱི་ཁྱིམ་མི་ཉེ་འབྲེལ་རྣམས་ཀྱིས་ན་ནིང་ལམ་བཅོས་ལན་གཅིག་བཟོས་པ་ཡིན། ད་ལོ་ཡང་གནམ་འབབ་ཆེ་བས་ལམ་ཞིག་ནས་མ་ལས་ཐབས་མེད་བྱུང་གསུངས།

ད་ཁྱེད་རྣམས་མ་ཕེབས་ན་གནམ་འབབ་རྒྱུ་ཇེ་ཆེ་རེད་ན་དོ་ནུབ་ཐར་དཀའ་ས་འགི་གསུངས་པ་བཞིན། ང་ཚོ་ཡང་མུ་མཐུད་ཡར་ལ་ཡོང་ཞོར་སེམས་ནས། སྤྱིར་དེང་སྐབས་ག་ས་གང་དུ་ཉེ་རུག་དང་། རུས་འཛོམས་གང་མང་བྱེད་ཀྱི་འདུག་པ་ཚང་མས་ལྷ་སྐུ་རྟེན་བཞེངས་དང་། བླ་དགོན་ལ་མཆོད་འབུལ་སྐུ་འགྱེད་སོགས་མང་པོ་བྱེད་སྲོལ་ཆགས་འདུག་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རེད།

འོན་ཀྱང་དེ་རིང་ངས་མཐོང་བ་ནི། རྒྱུན་ལྡན་ལམ་ཧ་ཅང་མི་ལེགས་པ་དང་། ལྷག་པར་ད་ལོ་འབབ་ཞོད་ཆེ་བས་རི་ནུད་དང་ཆུ་རུད་ཀྱིས་ཉེན་ཁ་ཤིན་ཏུ་ཆེ་བའི་ལམ་འཕྲང་དག་ལ་ལམ་བཅོས་བཟོ་ཆེད། ཁྱིམ་མི་ཉེ་འབྲེལ་ཚང་མ་ལས་ལ་ཞུགས་པའི་རུས་རྒྱུད་འདི་ཚོས། རང་གཞན་གྱི་འགྲུལ་པ་དག་མགོ་ཐོན་ལམ་དྲང་ཡོང་བའི་ལམ་འཕྲང་ལེགས་བཅོས་དཔེ་མེད་ཡག་པོ་ཞིག་གནང་གི་འདུག་པ་ནི། མིག་དཔེ་བལྟ་འོས་པ་དང་། ཡི་རང་ཞུ་འོས་པ་ཞིག་རེད་བསམས་ཏེ། ཁོང་རྣམ་པའི་གནས་སྐབས་དང་མཐར་ཐུག་གི་གེགས་རྐྱེན་ཀུན་ཞི་ཞིང་། བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག ཅེས་སྨོན་ལམ་བཏབ་བཞིན་སོང་།

རྗེས་མ་ཤེས་རྟོགས་བྱུང་བར། ཁོ་ཚོར་འཕྲུལ་འཁོར་གཉིས་ནི། འདམ་ཐོག་རུ་ཆེན་དང་། ལྡོང་རྫོང་ནགས་རས་གཡར་བས་སྣུམ་རིན་དང་ཁ་ལོ་བའི་གླ་ལས་མི་དགོས་ཤིང་། གཞན་གཅིག་ལ་ཉིན་རེར་སྒོར་ཆིག་སྟོང་བརྒྱད་བརྒྱ་རེ་བྱིན་པ་དང་། ཟས་རིགས་ཉོས་པ་སོགས་སྒོར་བརྒྱད་ཁྲི་ལྷག་གི་འགྲོ་སོང་དང་། ལས་མི་མང་དུས་མི་གྲངས་བདུན་ཅུ་ལྷག་ཙམ་དང་། ཉུང་དུས་ཀྱང་ཉི་ཤུ་ཡས་མས་ཀྱིས་དུས་ཡུན་ཟླ་ཕྱེད་རིང་ལྡོང་རྫོང་ནགས་ར་ནས། ཐེའུ་རང་འཕྲང་བར་སྤྱི་ལེ་བརྒྱད་ཅུ་ལ་ལམ་བཅོས་ལེགས་པོ་བཟོས་ཡོད་པ་རེད་འདུག་གོ །

2017.9.16

རྩོམ་རིག

Post navigation

Previous Post: བདག་གི་སྐྱོ་གདུང་ཞིག
Next Post: བོན་གྱི་སེམས་དཔའ་ཆེན་པོ་དྲན་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme