Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།

Posted on 2017-09-162017-09-16 By ཁ་བརྡ་ 4 Comments on བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།

 
ཕྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོར་བོད་ཀྱི་ཤར་ཕྱོགས་སུ་གནས་པའི་ཁྱིམ་ཚེས་རྒྱལ་ཁབ་རྒྱ་ནག་གུང་ཁྲན་སྲིད་གཞུང་ནས་བོད་དུ་བཙན་འཛུལ་གྱིས་བོད་ས་ཤོར་ནས་༧གོང་ས་མཆོག་གི་དབུ་འཁྲིད་འོག་བཀའ་ཤག་ལྷན་རྒྱས་དང་། བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་བཅས་བོད་ཀྱི་ལྷོ་ཕྱོགས་སུ་གནས་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་ཡུལ་་དང་། བལ་ཡུལ། འབྲུག་ཡུལ་བཅས་ནང་སྐྱབས་བཅོལ་དུ་འཁོད་ནས་༧གོང་ས་མཆོག་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་མང་གི་སྐུ་ཚབ་སྤྱི་འཐུས་བསྐོ་བཞག་གིས། སྤྱི་འཐུས་ནས་འཛིན་སྐྱོང་གི་ལས་དོན་ཐོག་ཐུགས་སྣང་དང་རྒྱུན་ལས་ཚོགས་འདུར་མཉམ་ཞུགས་གནང་རྒྱུའི་མཚོན་པའི་འཛིན་སྐྱོང་གི་གལ་ཆེའི་ལས་དོན་ཁག་ལ། སྤྱི་འཐུས་ནས་ཡར་འགེབས་མར་འཐེན་གྱི་བྱ་ར་ནན་པོ་བྱ་རྒྱུའི་ལམ་ལུགས་ནས་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རིམ་སོགས་ལ་འགན་འཁུར་ནས་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དགུ་བཅུ་དགུ་གཅིག་ལོར། སྤྱི་འཐུས་ཀྱི་གྲངས་ཚད་མང་དུ་བཏང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་འཐོན་ནས་བཙན་བྱོལ་སྤྱི་ཚོགས་འདི་གང་ཟག་གི་དབང་བསྒྱུར་ནས་ཁྲིམས་ཡིག་གི་དབང་བསྒྱུར་ནང་ཁ་ཕྱོགས་པའི་ཉིན་མོ་ཡིན་པའི་ངོ་སྤྲོད་སྐབས་དེའི་ཚོགས་གཙོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཕེབས་ཡོད་ལ།

བཅའ་ཁྲིམས་སུ་གསལ་བ་ལྟར་སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་དབྱར་ཚོགས་དང་དགུན་ཚོགས་བཅས་ལོ་རེར་ཚོགས་འདུ་ཐེངས་གཉིས་རེ་ཚོགས་ནས་དངུལ་རྩིས་གཏན་འབེབས་ཀྱི་མཚོན་པའི་ཁྲིམས་སྒྲིག་བསྐྱར་བཅོས་སོགས་འཛིན་སྐྱོང་དང་། ཁྲིམས་བཟོའི་ལས་དོན་ཡོངས་རྫོགས་བཅའ་ཁྲིམས་ཀྱི་འོག་ཏུ་བསྒྲུབ་དགོས་པའི་མང་གཙོ་ཡང་དག་པ་ཁྲིམས་ཀྱི་དབང་བསྒྱུར་འོག། ང་ཚོ་འཚོ་བཞིན་པ་ནས་ཡར་རྒྱས་དང་ཤེས་བྱ་ལ་མཐའ་མེད་པ་ནས་ང་ཚོའི་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་འགྲོ་དགོས་པ་དེ་མང་གཙོའི་རྒྱལ་ཁབ་སྤྱིའི་སྲིད་འཛིན་དང་སྲིད་བློན་གྱིས་འོས་བསྡུའི་ལས་རིམ་ནས་ལེགས་ཆ་བླངས་ནས་ད་ལྟའི་ང་ཚོའི་འོས་བསྡུའི་སྒྲིག་གཞི་ལ་སྙིགས་དོར་བཅུད་ལེན་བྱ་རྒྱུ་དེ། ལོ་རྒྱུས་ཀྱིས་ངོ་སྤྲད་པའི་ཆབ་སྲིད་ཀྱི་སྐྱོག་མཚམས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་དང་བཅས། གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཟེར་བའི་དཔེ་ལྟར་རིང་མིན་ཚོགས་ལ་ཉེ་བའི་སྤྱི་འཐུས་གྲོས་ཚོགས་ཀྱི་དབྱར་ཚོགས་ཐོག་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞི་ལ་བསྐྱར་བཅོས་དགོས་པའི་བསམ་ཤོག་འདི་བཞིན། བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་བསྒྲུབས་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་གི་ཡོད་ལ། དེ་སྔོན་ཡང་གསར་ཤོག་བརྒྱུད་ལམ་ཁག་ལ་རང་གི་བསམ་ཚུལ་གླེང་རྒྱུའི་གོ་སྐབས་བྱུང་བ་བཅས།

ད་ལྟའི་སྲིད་སྤྱིའི་འོས་བསྡུའི་སྒྲིག་གཞིའི་ནང་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པ་དེ་དག་འོས་བསྡུ་གཅིག་གིས་འཐུས་པ་བྱས་ན། གཞུང་གྲོན་ཆུང་བ་དང་། མི་མང་ལ་བརྡབས་གསིག་མེད་པ། ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་ལ་འགན་འཁུར་ནས་སྐབས་འཚོལ་བ་ཚོར་གོ་སྐབས་ཉུང་བ་བཅས་སྤྱི་སྒེར་གཉིས་ལ་ཉེས་པའི་ཆ་ལས་ལེགས་པའི་ཆ་མང་བ་ཡོད་ན། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་དགའ་ཞེན་དང་ཡིད་ཆེས་བརྩི་བཀུར་བློ་གཏད་ཞུ་མཁན་གྱི་བོད་མི་མང་ནས་ཐུགས་སྣང་དང་རྒྱབ་སྐྱོར་ཐོབ་པའི་ཡིད་ཆེས་དང་བཅས་སྲིད་སྤྱིའི་འོས་དམིགས་འདེམས་སྒྲུག་ཚོགས་ཆུང་ཟུར་འཛུགས་དགོས་པ་དང་། འདེམས་སྒྲུག་ཚོགས་ཆུང་ནང་བཀའ་ཤག་གི་སྐུ་ཚབ་དང་སྤྱི་འཐུས་ཀྱི་སྐུ་ཚབ། ཆོལ་ཁ་དང་ཆོས་ལུགས་ཀྱི་སྐུ་ཚབ་བཅས་ལས་སྒྲུབ་པའི་ཚོགས་ཆུང་ནས་སྲིད་སྐྱོང་ལ་འོས་དམིགས་མི་གསུམ་དང་། ཆོས་ལུགས་དང་ཆོལ་ཁ་ཕྱི་རྒྱལ་ཁག་བཅས་སྤྱི་འཐུས་རེར་འོས་དམིགས་མི་གསུམ་རེ་བཅས་མིང་འདོན་གནང་ནས་དེ་དག་འོས་གཞི་ལ་བཞག་ནས་རང་ལོ་བཅོ་བརྒྱད་ཡན་གྱི་འོས་འཕེན་རྒྱ་ཆེ་མི་མང་ནས་འོས་འཕེན་གནང་བའི་སྒྲུབ་འབྲས་དབུས་འོས་བསྡུ་ལྷན་ཁང་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཚར་བའི་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་པ་བཅས། མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་མང་འཚོ་ཐུབ་པའི་འགན་འཁུར་ད་ལྟའི་ང་ཚོའི་མི་ཐོག་འདིའི་བཞེས་མ་ཐུབ་ཚེ་མ་འོངས་ལོ་རྒྱུས་ཀྱིས་ང་ཚོར་རྗེས་འདེད་ནན་པོ་བྱེད་སྲིད་པ་མ་རེད་དམ།

བསམ་ཚུལ།

Post navigation

Previous Post: སྒྲ་སྒྱུར་གྱི་རྣམ་གཞག་དང་ལོ་ཙཱ་བའི་བྱུང་རིམ།
Next Post: བློ་བཟང་སྒྲོལ་མས་སྐད་ཡིག་ལ་བཅངས་པའི་སེམས་གཏམ།

Comments (4) on “བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར།”

  1. ཨ་འབར་འཇིགས་དབང་། says:
    2017-09-16 at 9:08 pm

    ༄༅། གཞུང་ཚེ་དབང་བསོད་ནམས་ལགས་ནས་བོད་དམངས་གཙོའི་྄ཕེལ་རིམ་སྐོར་ལ་རྩོམ་ཡིག་
    སྙིང་བསྡུས་ཤིག་བྲིས་འདུག་པ་ལེགས་སོ་ཞུ་རྒྱུ་ཡིན།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-16 at 9:46 pm

    བཅའ་ཁྲིམས་དགོང་དོན་མང་གཙོ་རེད་དམངས་གཙོ་མ་རེད་།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-17 at 8:54 am

    མང་གཙོ་ (Democracy)
    དམངས་གཙོ་ (Proletarain)
    མང་གཙོ་གྲངས་ཀྱི་གསལ་བྱེད་དང་
    དམངས་གཙོ་གྲལ་རིམ་གྱི་གསལ་བྱེད་

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-17 at 11:04 pm

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་་།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
    ཡུལ་མིའི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
    ཆབ་སྲིད་རིག་པས་གོ་རྟོགས་མ་ཐུབ་ནས་།
    ཐ་སྙད་ཚད་སྒྲུབ་ཡིན་པ་བློ་མ་བདེ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme