Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།

Posted on 2017-09-12 By ཁ་བརྡ་ 4 Comments on བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།

མི་ཉག་སྐལ་བཟང་།

 

དང་པོ། བོད་ཀྱི་སྐད་དང་ཡི་གེར་བལྟ་ཚུལ།

སྐད་མེད་ན་ཡི་གེ་མེད་པ་དང་། སྐད་དང་ཡི་གེ་གཉིས་ལས་སྐད་ཐོག་མར་བྱུང་ཡོད་པའི་དབང་དུ་བཏང་པ་ཡིན་ན། སྐད་ལ་བརྟེན་ནས་ཡི་གེ་བྱུང་བ་ནི་རྒྱུ་ས་བོན་ལས་འབྲས་བུ་མྱུ་གུ་བྱུང་བ་ལྟ་བུ་ཞིག་རེད། སྐད་ལ་བརྟེན་ནས་ཡི་གེ་ཤེས་འགྲོ་བ་དང་། སྐད་ནི་ཡི་གེ་ཤེས་འགྲོ་བའི་གཞུང་ལམ་ལྟ་བུ་ཡང་ཡིན། བོད་ཀྱི་སྐད་དང་ཡི་གེ་གཉིས་ཀྱི་དབར་ལ་གནམ་དང་ས་ལྟ་བུའི་ཁྱད་པར་མེད་ལ། ཨ་མ་དང་མནའ་མ་ལྟ་བུའི་ཐ་དད་པའི་འདུ་ཤེས་ཀྱང་འཛིན་དགོས་དོན་མེད་ཅིང་། རྒྱབ་དང་མདུན་ལྟ་བུའི་ལྡོག་ཕྱོགས་ཤིག་ཀྱང་དེ་བས་མིན། བོད་ཀྱི་སྐད་དང་ཡི་གེ་གཉིས་ནི་ལུས་དང་གྲིབ་མ་བཞིན་དང་། ཡང་ན་ཆུ་དང་ཉ་མོ་འགྲོགས་པ་བཞིན་དུ་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཞིག་ཡོད་པ་ནི་རྒྱུན་མཐུད་ཀྱིས་སྐད་དང་ཡི་གེའི་དབར་གྱི་བརྩེ་དུང་ཡང་དེ་རེད།

 

གཉིས་པ། བོད་ཀྱི་སྐད་དང་ཡི་གེའི་རིན་ཐང་།

བོད་ཀྱི་སྐད་དང་ཡི་གེར་མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པ་དང་། བྱམས་པ་དང་བརྩེ་བའི་རང་བཞིན་ཅན། རང་གཞན་གཉིས་ཀར་ཕན་པའི་སྐད་དང་ཡི་གེ་དམིགས་བསལ་བ་ཞིག་ང་ཚོར་ཡོད་པ་ནི་ང་ཚོ་ཚང་མ་དགའ་འོས་པ་ཞིག་རེད། ལོ་རྒྱུས་འཕེལ་འགྲིབ་ཀྱི་དབང་གིས་ང་ཚོར་རླུང་རྟ་དར་རྒུད་མང་པོས་བོད་ཀྱི་སྐད་དང་ཡི་གེར་ཆགས་སྒོ་དང་། མི་ཞིག་ལ་ཆ་མཚོན་ན་རྡུང་རྡེག་དང་མནར་གཅོད་ཚད་མེད་ཕོག་མྱོང་ཡོད། འོན་ཀྱང་འགལ་རྐྱེན་མཐུན་རྐྱེན་དུ་སོང་བ་ལྟ་བུ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེ་གཉིས་ནི་མཐོ་སྒང་གི་རྒྱབ་མདུན་དང་། འཛམ་གླིང་ཤར་ནུབ་སོགས་སུ་ཡང་དར་ཞིང་རྒྱས་ཡོད་པ་དང་། བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་ནི་དེ་རིང་ཁ་རྩང་དམག་འཁྲུག་གིས་འཛམ་གླིང་འཇིག་ལ་ཉེ་བའི་དུས་འདིར་ཡང་ཞི་བདེའི་མཚོན་ཆ་ཞིག་གི་ཚུལ་དུ་དགོས་མཁོ་ཧ་ཅང་ཆེ་ཞིང་། ལྷག་པར་དུ་བོད་མི་རིགས་རྣམས་གསོན་གནས་ཐུབ་མིན་གྱི་སྲོག་རྩ་ཡང་བོད་ཀྱི་སྐད་དང་ཡི་གེར་ཐུག་ཡོད།

 

གསུམ་པ། བོད་ཀྱི་སྐད་དང་ཡི་གེར་འཆང་བའི་དམིགས་ཚད།

བོད་པ་ཚོས་བོད་ཀྱི་སྐད་དང་ཡི་གེར་སྣང་ཆུང་རྩིས་མེད་དུ་གཏོང་བ་ནི་རང་སྲོག་རྟ་རྔ་རང་གིས་གཅོད་བཞིན་པ་དང་གཅིག་མཚུངས་ཡིན། འགའ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེ་སྦྱང་ན་འཚོ་བའི་མདུན་ལམ་ཙམ་ཡང་མི་འདུག་སྙམ་པ་དང་། བོད་ཀྱི་སྐད་དང་ཡི་གེ་སྦྱང་པ་ནི་དགོན་སྡེ་ཁག་གི་ལས་འགན་རེད་སྙམ་པ་དང་། ཡང་ན་བོད་ནི་གནའ་སྔ་མོ་ནས་དུས་ད་ལྟ་བར་རོང་འབྲོག་གཉིས་ཀྱི་འཚོ་བར་རང་ཁ་རང་གསོ་ཡིན་པས་བོད་ཀྱི་སྐད་དང་ཡི་གེ་ཡོད་ཀྱང་ཆོག་ལ། མེད་ཀྱང་ཆོག་སྙམ་པ་ནི་རྗེས་ལུས་ཅན་དང་། སྒྱིད་ལུག་ཅན་ཚོས་རྩམ་པ་རང་གིས་བཟས། རྩམ་ཁུག་སྟོང་པ་གཞན་ལ་སྤྲོད་འདོད་པ་ཙམ་ལས། གྲུ་གཟིངས་དང་གནམ་གྲུ། ད་དུང་ཟླ་བའི་གྲོང་ཁྱེར་ཟེར་བ་སོགས་ནི་དུས་ནམ་ཡང་ཁས་ལེན་གྱིན་མེད་པ་ནི་བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆགས་སྒོ་རེད།

 

བཞི་པ། བོད་ཀྱི་སྐད་དང་ཡི་གེ་ལས་གྲུབ་པའི་ཐ་སྙད།

དུས་ནི་མི་འགྱུར་མི་རྣམས་འགྱུར། མི་རྣམས་མི་འགྱུར་དུས་ནི་འགྱུར་བའི་འགྱུར་ལྡོག་ལ་མནོ་བསམ་ཞིག་གཏོང་སྐབས། གོ་ལ་ཟླུམ་པོ་འདི་སྐད་ཅིག་སྐད་ཅིག་ལ་འགྱུར་བ་འགྲོ་བཞིན་པ་དང་། ཟློག་ཐབས་མེད་པའི་འགྱུར་བ་དེ་དང་ལྷན་དུ་ཅ་དངོས་གསར་པ་ཡང་གྲངས་ལས་འདས་པ་ཞིག་ཐོན་དང་ཐོན་བཞིན་པར་བརྟེན། ཅ་དངོས་རེ་རེར་ཐ་སྙད་གསར་པ་ཡང་གྲངས་ལས་འདས་པ་རེད། འོན་ཀྱང་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀར་འདི་ལྟར་ཐ་སྙད་མང་པོ་ཞིག་འདང་གིན་མེད་པ་མ་ཟད། ཐ་སྙད་རེ་གཉིས་ཡོད་པ་རྣམས་ཀྱང་ཁྱབ་བརྡལ་དང་གཅིག་གྱུར་གྱི་རང་བཞིན་མེད་པའི་ཁར། མེ་ཏོག་མཉམ་བཞད་དང་། མཁས་རྒྱ་བགྲོ་གླེང་ཟེར་བ་ནི་ཁ་བཤད་ཆུའི་ལྦུ་བ་དང། ལག་ལེན་གསེར་གྱི་ཐིགས་པ་ཙམ་རེད། མཁས་པ་རེ་རེས་ཅ་དངོས་མི་འདྲ་བ་རེ་རེར་མིང་མི་འདྲ་རེ་རེ་དང་། འགྲེལ་བཤད་ཀྱང་མི་འདྲ་བ་རི་འདྲ་བ་རེ་ཡོང་གིན་ཡོད་པ་ནི་བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆགས་སྒོ་རེད།

 

ལྔ་པ། བོད་ཀྱི་སྐད་དང་ཡི་གེའི་ཛ་དྲག་གི་གནས་བབ།

བོད་ཀྱི་སྐད་དང་ཡི་གེ་གཉིས་བོད་ཀྱི་སྐད་དང་ཡི་གེ་ལས་ཐ་དད་པའི་ཆོས་དང་རིག་གཞུང་མི་འདྲ་བའི་མི་རིགས་གཞན་ཞིག་གི་ལག་འོག་ཏུ་འཚུད་པ་ནི་མི་ཞིག་བཙོན་འོག་ཏུ་འཚུད་པ་ལྟ་བུ་དང་། རི་དྭགས་རྣམས་ལྕགས་རའི་ནང་དུ་བཅུག་པ་ལྟ་བུ་རེད། ང་ཚོ་ཐོས་བཞིན་པ་དང་མཐོང་བཞིན་པ་ནི་བོད་ཀྱི་སྐད་དང་ཡི་གེ་གཉིས་ལ་སྣང་ཆུང་ཁྱད་གསོད་དང་། བོད་ཀྱི་སྐད་དང་ཡི་གེ་གཉིས་རྩ་མེད་དུ་གཏང་པ་ཡིན་ན་བོད་མི་རིགས་ཀྱང་འཇའ་ཡལ་བ་བཞིན་མིང་ཙམ་མ་གཏོགས་ལྷག་གིན་མ་རེད་ཅེས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་བཞིན་པ་ནི་ང་ཚོས་མིག་མཐོང་ལག་ཟིན་རེད། ཐ་ན་ས་ཆ་ག་གེ་མོའི་སྒོ་བྱང་ཞིག་ལ་ཡང་བོད་ཡིག་འབྲི་མི་ཆོག་པ་དང་། བཙོན་པ་ཆེ་གེ་མོ་ཞིག་དང་ཐུག་འཕྲད་དུ་སོང་ན་ཡང་བོད་སྐད་བཤད་པར་ཚད་བཀག་བཟོ་བ་སོགས་ནི་བོད་ཀྱི་སྐད་དང་ཡི་གེར་འཕྲད་པའི་ཆགས་སྒོ་རེད།

 

དྲུག་པ། བོད་ཀྱི་སྐད་དང་ཡི་གེའི་མཐའ་འཇུག་གི་ཆག་སྒོ།

ཡུལ་དུས་ཀྱི་གནས་བབ་དང་། ཟང་ཟིང་ལོངས་སྤྱོད་ཀྱིས་བསླུ་བྲིད་ལ་བརྟེན་ནས་གཞིས་བཞུགས་བོད་པ་ཚོས་བོད་ཡིག་བོད་སྐད་ལས་རྒྱ་ཡིག་རྒྱ་སྐད་ལ་ཨ་གསར་ཆེ་བ་དང་། ཐ་ན་ཁ་པར་ཨང་གྲངས་ཙམ་ཡང་རྒྱ་སྐད་ཐོག་ནས་འབོད་སྲོལ་ཡོད་པ་དང་། བོད་སྐད་དང་རྒྱ་སྐད་འདྲེས་མའི་ཉ་ཉུང་སྲེ་ཤིང་། གཞིས་ནས་བྱེས་སུ་གྱེས་བ་དང་། བྱེས་ནས་བྱེས་སུ་འབྱོར་བའི་བོད་པ་ཚོས་ཀྱང་བོད་སྐད་ནང་རྒྱ་གར་སྐད་དང་དབྱིན་སྐད་སོགས་བཙན་གྱིས་བསྒྲིགས་ཏེ་ར་སྐད་ལུག་སྐད་ལྟ་བུ་ཆགས་སོང་བ་ནི་བློ་ཕམ་དགོས་པའི་རང་བཞིན་ཡིན། ད་དུང་འགའ་ཞིག་གི་སུམ་རྟགས་དག་གསུམ་གང་ལ་ཡང་ལྟོས་མི་དགོས་པར་སྦྲགས་སྐད་དང་ཕལ་སྐད་དྲན་ཚད་ཚང་མ་ངག་ཐོག་དང་ཡིག་ཐོག་ལ་བབ་པ་ནི་སྐད་དང་ཡི་གེ་ཁ་བྲལ་དུ་གཏོང་བའི་བྱ་སྤྱོད་རེད། གཞིས་པ་གཞིས་ན་སྐྱིད། བྱེས་པ་བྱེས་ན་སྐྱིད་པའི་དུས་འདའ་བར་བྱེད་པ་ནི་བོད་ཀྱི་སྐད་དང་ཡི་གེར་འཕྲད་པའི་ཆག་སྒོ་རེད།

རྩོམ་རིག

Post navigation

Previous Post: རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།
Next Post: རྨི་ལམ་གྱི་མཐོང་ཚུལ་དང་ཡིད་ཆེས་བརྙེས་པའི་ལུང་བསྟན་དུས་གསུམ་གསལ་བའི་མེ་ལོང་།

Comments (4) on “བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-09-12 at 11:44 am

    བོད་ནང་།
    བོད་མིས་རྒྱ་ཡིག་ཤེས་སླ་བོད་ཡིག་དཀའ། །
    རྒྱ་སྐད་ཤེས་མཁན་མང་ལ་བོད་སྐད་ཉུང་། །
    རྒྱ་བལ་འབྲུག་ནང་།
    བོད་ཕྲུག་ཨིན་སྐད་ཧིན་སྐད་བལ་སྐད་ལ། །
    དབྱིངས་འཕར་བོད་ཡིག་བོད་སྐད་ཡར་རྒྱས་གནོད། །
    ཕྱི་རྒྱལ་ནང་ལ།
    ཕྱི་ཡུལ་བསྡད་དགོས་ཕྱི་སྐད་སྦྱང་དགོས་དང་། །
    རང་སྐད་ཤེས་དགོས་རང་མི་ཉུང་བས་སྐྱོན། །

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-09-12 at 10:55 pm

    བོད་ཀྱི་སྐད་དང་ཡིག་གེར་ཕྲད་བཞིན་པའི་ཆག་སྒོ་ཆེ་ཤོས་ཟེར་ན་རེད་ཇུས་ཉེས་ཆེ་ཤོས་དེ་ཕྱི་ལོ་1959 ལོར་བོད་ས་ཤོར་ནས་བོད་
    མི་རིགས་དུམ་བུ་གཉིས་སུ་གནས་ནས་བོད་ནང་བོད་མི་ཚོ་རང་གི་སྐད་ཡིག་ལ་འགན་འཁུར་ཐུབ་པའི་འཁོར་ཡུག་རྒྱ་མིའི་བཙན་འོག་ཏུ་མེད་པ་དང་གཅིག་གཉིས་ནས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོ་ཡང་གནས་ཡུལ་ལུང་པའི་སྐད་ཡིག་འོག་རང་གི་ལྟོ་གོས་ལ་འགན་སྲུང་དགོས་པའི་དབང་གི་རང་གི་སྐད་ཡིག་ལ་ཤུགས་མ་ཐུབ་ཀྱི་ཉམས་ཆགས་འགྲོ་བཞིན་པ་དང་གཉིས་གསུམ་པ་ལོ་རབས་དགུ་བཅུའི་ནང་བོད་མི་གཅིག་སྟོང་ཨ་རིར་བཏང་ནས་བོད་མི་ཆ་ཚང་མཉམ་གནས་རྒྱ་གར་ནང་ཡོད་པའི་གཞིས་ཆགས་ཀྱི་སྒྲིག་འཛུགས་མེད་པ་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་ཁ་འཐོར་དུ་གནས་ནས་རང་གི་འཚོ་བའི་འགན་སྲུང་དེ་དབྱིན་ཇིའི་སྐད་ཡིག་རྒྱུད་ནས་སྲུང་དགོས་པ་འདིའི་བོད་མི་རང་གི་སྐད་ཡིག་ལ་འགན་སྲུང་ཐུབ་པའི་ལམ་ཁ་འགག་པ་དང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་དམངས་ནས་བོད་ཀྱི་སྐད་ཡིག་ལ་འགན་འཁུར་ནས་ཉིན་རེའི་འཚོ་བ་ལ་འགན་སྲུང་བྱེད་བཞིན་ཡོད་ན་ཡང་བཙན་བྱོལ་སྤྱི་ཚོགས་ནང་གི་མཐོ་རིམ་མི་སྣ་དང་ལྷན་ཁང་ཁག་གི་ནང་བོད་ཡིག་ལས་དབྱིན་ཡིག་དང་དབྱིན་སྐད་མང་བ་བེད་སྤྱོད་བྱེད་བཞིན་པ་སོགས་བོད་ཀྱི་སྐད་ཡིག་ལ་ཕྲད་བཞིན་པའི་ཆག་སྒོ་ཟེར་ན་རེད་ཇུས་ཉེས་ཟེར་ན་རེད་འདི་དག་ཡིན་པ་ཤེས་པའི་ཐོག་ནས་སྐད་ཡིག་སྲུང་སྐྱོབས་ཀྱི་ལས་འགུལ་ལས་མི་རིགས་སྲུང་སྐྱོབས་ཀྱི་ལས་འགུལ་དེ་བརྒྱ་འགྱུར་སྟོང་འགྱུར་གྱི་གལ་ཆེན་དོན་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

  3. ལ་དྭགས་འཇམ་དཔལ།། says:
    2017-09-13 at 6:09 am

    ་ཐ་སྙད་མང་པོ་ཞིག་འདང་གིན་མེད་པ། འདང་གི་ཚབ་ཏུ། ལྡང་། ཞེས་འབྲི་ན། མི་ལེགས་སམ། སྐྱག་ལང་ལ་ཤོར་བ་སྤང་དཀའ་བ་ཡིན་པ་ཐག་ཆོད།

  4. ཨ་ཁུ་འབྲོག་པ། says:
    2017-09-13 at 8:41 am

    རྒན་ལེགས། སྔོན་གྱི་དཔེ་ཆ་དག་པ་རྣམས་སུ་ངན་ལང་ཤོར་བ་ཟེར་བ་མ་གཏོགས་སྐྱག་ལང་ཟེར་བ་ཨེ་ཡོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme