Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།

Posted on 2017-09-122017-09-12 By ཁ་བརྡ་ 5 Comments on རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།

མགར་ཚང་བསོད་ནམས་དར་རྒྱས།

 
ང་ཚོའི་ས་སྒང་རིལ་པོ་སའི་གོ་ལ་འདི་ཆགས་ནས་ད་བར་ལོ་དུང་ཕྱུར་༤༦འགོར་ཡོད་པ་དང་། སྔོན་གྱི་ལོ་དུང་ཕྱུར་དུ་མའི་རིང་ལ་སའི་གོ་ལར་སྲོག་ལྡན་གྱི་དངོས་པོ་གཅིག་ཀྱང་མེད་པར་བཤད། ལོ་དུང་ཕྱུར་༣༨ཀྱི་སྔོན་དུ་སའི་གོ་ལ་འདིར་དོན་དག་ཆེན་པོ་ཞིག་བྱུང་ནས་ཕྲ་ཕུང་རྐྱང་མས་གྲུབ་པའི་སྲོག་དང་ལྡན་པའི་དངོས་པོ་ཐོག་མ་དེ་བྱུང་ཞིང་། ད་ལྟའི་འབུ་ཕྲ་དང་ཧ་ལམ་འདྲ་བོ་ཡོད་པར་བཤད།རིམ་བཞིན་ལོ་དུང་ཕྱུར་བཅུ་ཕྲག་འགའ་ཡི་རིང་ལ་འབུ་ཕྲ་ནས་མའི་རིགས་ཀྱི་བར་ལ་བཙན་བདག་ཁུང་འབྲུག་སོགས་ཚེ་སྲོག་གི་རྣམ་པ་སྣ་ཚོགས་མང་པོ་ཞིག་བྱུང་། ཚེ་སྲོག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་དུ། སྐྱེ་དངོས་རིགས་མེད་པར་འགྱུར་བ་དེ་རྒྱུན་པར་ཁོར་ཡུག་གི་ཆ་རྐྱེན་དང་འབྲེལ་བ་དམ་པོར་ཡོད།སའི་གོ་ལར་ཉུང་མཐར་ཡང་རྩ་རློག་ཆེན་པོ་ཐེངས་ལྔར་བྱུང་མྱོང་སྐད།

ཆེས་ཡ་ང་བ་ནི་ལོ་ངོ་དུང་ཕྱུར་༢ དང་ཁྲི་ ༢༥༠༠ཡར་སྔོན་དུ་བྱུང་ཞིང་ཐེངས་དེར་སྐྱེ་དངོས་རིགས་བརྒྱ་ཆའི་ ༩༩ མེད་པར་གྱུར། ཐེངས་ལྔ་བ་ནི་ལོ་ངོ་ཁྲི་ ༦༥༠༠ སྔོན་དུ་བྱུང་ལ་སྐབས་དེར་ལོ་དུང་ཕྱུར་༡དང་ཁྲི་ ༥༠༠༠ རིང་གོ་ལར་དབང་སྒྱུར་བྱས་མྱོང་བའི་ཁུང་འབྲུག་གི་རྒྱུན་ཆད་པར་བཤད། ཁུང་འབྲུག་གི་རྒྱུན་ཆད་པ་འམ་ཁུང་འབྲུག་མེད་པར་གྱུར་པ་ནི་སྐར་མདའ་ཆེན་པོ་ཞིག་སར་ལྷུང་བ་ལས་བྱུང་བའི་ནམ་ཟླའི་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་དེ་ཙམ་ང་ཚོས་ཤེས་པ་རེད། ད་ལྟ་སའི་གོ་ལར་རྩ་རློག་ཐེངས་དྲུག་པ་འབྱུང་བཞིན་ཡོད་པ་དང་། འོ་འཐུང་སྲོག་ཆགས་དང་བྱ་རིགས་སོགས་སྲོག་ལྡན་མང་པོ་ཞིག་མིའི་རིགས་ཀྱིས་སྣང་མེད་དུ་རྔོན་ཏེ་རྩ་མེད་ལ་གཏོང་བཞིན་པ་ནི་ང་ཚོས་ཤེས་ངེས་པ་ཞིག་ཡིན།

ད་ལྟ་འབྱུང་བཞིན་པའི་སྐྱེ་དངོས་ཀྱི་རྒྱུན་འཆད་བཞིན་པ་འདིར་མིའི་རིགས་ལ་ཁག་ཁུར་གཙོ་བོ་ཡོད། འབྱུང་འགྱུར་གྱི་ལོ་ངོ་༢༠ ཙམ་གྱི་རིང་ལ། ལྔ་ཆའི་གཅིག་གི་སྲོག་ཆགས་དང་རྩྭི་ཤིང་གི་རིགས་མེད་པར་འགྱུར་སྲིད་ལ། འབྱུང་འགྱུར་གྱི་དུས་རབས་གཅིག་གི་ནང་དུ། སྐྱེ་དངོས་ཀྱི་རིགས་ཕྱེད་ཀ་ཙམ་མེད་པར་འགྱུར་སྲིད། ལོ་ངོ་༩༠༠༠ ཡར་སྔོན་དུ་འདེབས་འཛུགས་བྱས་ཆོག་པའི་སྐྱེ་དངོས་ཀྱི་རིགས་ཐོག་མར་བདམས་ཐོན་བྱུང་བ་དང་། ཞིང་ལས་ཡོད་པར་གྱུར་པ་ནས་བཟུང་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཤུགས་རྐྱེན་སྔར་བས་ཆེ་བ་བཟོས། འབྲུ་རིགས་སྤྱི་དང་ཁྱད་པར་དུ་གྲོ་དང་སོ་བ་ནི་མིའི་རིགས་ཀྱིས་ཐོག་མར་བཏབ་པས་རྩྭི་ཤིང་ཡིན་ཀྱང་སྲིད། ས་རྒོད་བཏུལ་ཏེ་ལོ་ཏོག་འདེབས་ཆེད་མིའི་རིགས་ཀྱིས་དྲོད་ཁུལ་གྱི་ནགས་ཚལ་སྐོར་ཞིག་མེད་པར་བྱས་ནས་གཞི་ཁྱོན་ཆེ་བས་ཞིང་སར་བཟོས་ཤིང་། ཞིང་སའི་ཉེ་འཁོར་དུ་གྲོང་ཁྱེར་བྱུང་།

སྤྱི་ལོའི་སྔོན་གྱི་ལོ་༤༠༠༠ ཡས་མས་སུ་མིའི་རིགས་ཀྱིས་ལྕགས་རིགས་སྤྱད་ནས་སྟ་རེ་བཟོ་རྒྱུ་ཤེས། སྟ་རེ་ཡོད་པར་གྱུར་རྗེས་ཤིང་གཅོད་རྒྱུ་ནི་སྔར་བས་ལས་སླ་མོར་གྱུར་ཡོད། དེ་མིན་ཟས་རིགས་ཕུན་སུམ་ཚོགས་པར་གྱུར་པ་ནི་མི་གྲངས་འཕེལ་བར་ཡང་ཕན་པ་ལྡན། མི་གྲངས་མང་དུ་འཕར་དྲག་པའི་རྐྱེན་གྱིས་སྐྱེ་དངོས་ཀྱི་རིགས་གཞན་དག་འཚོ་གནས་བྱེད་ཆོག་པའི་ཁོར་ཡུག་ཉུང་ནས་ཉུང་དུ་ཕྱིན་ཏེ་ཁོ་ཚོར་གནོད་སྐྱོན་བཟོས་པ་རེད། གདོད་མའི་དུས་ཀྱི་མིས་མཚོན་ཆ་ཐབས་ཆག་ཙམ་སྤྱོད་པ་དང་སྐད་ཆས་ཕན་ཚུན་བར་ལ་གོ་བརྡ་སྤྲོད་པའི་ནུས་པ་སྲོགས་ཆགས་གཞན་ལས་ཆེ་བ་རེད།
དེར་བརྟེན་ནས་ཕན་ཚུན་ལ་འབྲེལ་གཏུགས་དང་མཉམ་ལས་བྱེད་ཐུབ་པ་དང་། ཧ་ཅང་རྙོག་འཛིང་ཆེ་བའི་རྔོན་རྒྱག་སྟངས་གསར་གཏོད་བྱེད་ཐུབ། མེ་གླིང་གི་ཧིན་རྡུ་ཨན་གྱི་མི་ནི་འབྲོང་རྒོད་རྔོན་མཁས་པོ་ཡོད།རི་དྭགས་རྔོན་སྐབས་ཁོ་ཚོ་ལྷན་དུ་འགྲོ་བ་དང་ཐོག་མར་འབྲོང་རྒོད་ལ་འཇིགས་བསྐུལ་ཏེ་གྲོག་མོ་ཞིག་གི་ནང་དུ་དེད་རྗེས་རྨས་ཕོག་ཡོད་པ་དེ་དག་གསོད་པ་དང་། བསད་ཚར་ན་དེའི་ལུས་ཀྱི་ཆ་ཤས་གང་ཡང་བེད་སྤྱོད་གང་ལེགས་བྱེད་བཞིན་ཡོད། འོན་ཀྱང་ས་དེའི་མི་དང་རང་བྱུང་ཁམས་བར་གྱི་དོ་སྙོམ་པའི་འབྲེལ་བ་ནི་ཡོ་རོབ་པ་བསླེབས་རྗེས་གཏོར་བརླག་བཟོས་པ་རེད།

ཡོ་རོབ་པ་ཚོས་མེ་མདར་བརྟེན་ནས་རྩྭ་གཟན་སྲོག་ཆགས་འདི་མེད་པར་བཟོས། སྐྱེ་དངོས་ཀྱི་རིགས་མང་པོ་མེད་པར་གྱུར་པ་ནི་མིའི་རིགས་ཀྱིས་བཟོས་པ་ཞིག་རེད། ལོ་རེ་བཞིན་སྐྱེ་དངོས་ཀྱི་རིགས་བཅུ་ཕྲག་འགའ་མེད་པར་འགྱུར་གྱི་ཡོད། ནིའུ་ཛི་ལན་ཌི་ཡི་བྱ་༼ཨེར་མེའོ་༽ཞེས་པ་འདིའི་ལུས་པོའི་མཐོ་ཚད་ལ་སྨི༡.༥ཡོད་ལ། འདི་དུས་རབས་འགའི་སྔོན་དུ་རྒྱུན་ཆད་པ་རེད། ཁོ་ནི་ས་དེའི་མིས་བརྔོན་བྱའི་སྲོག་ཆགས་ཤིག་རེད་ཟེར། ད་དུང་།༼ཁུག་ལྡན་སྤྱང་ཀི་༽ཟེར་བ་ཅིག་ཡོད་ལ།འདི་ནི་ཨོ་སི་ཊི་ལི་ཡའི་ཁུག་ལྡན་གཅན་གཟན་ཆེ་ཤོས་ཤིག་རེད།ཁོ་རང་འཚོ་བ་རོལ་སའི་ཁོར་ཡུག་ནི་བུ་རོགས་ཅན་གྱི་སྤྱང་ཀི་དང་མཚུངས། ༡༩༣༦ལོའི་ཕྱིས་སུ་ཁུག་ལྡན་སྤྱང་ཀི་མེད་པར་གྱུར་པ་རེད། མིའི་རིགས་ཀྱིས་འདེད་གསོད་དང་། སྤྱང་ཚང་བཤིག་པ། དེ་གའི་ཁྱི་མང་བ་བཅས་ནི་ཁུག་ལྡན་སྤྱང་ཀི་མེད་པར་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་རེད།

གཞན་བྱ་ཏུའུ་ཏུའུ་༼བླུན་སྲེག༽ཀྱང་ཟེར། བྱ་འདི་ནི་འཕུར་མི་ཐུབ་ཅིང་ལུས་པོའི་ལྕི་ཚད་ལ་སྤྱི་རྒྱ་༢༠ལྷག་ཡོད། གླིང་ཕྲན་མོ་ལི་སི་རུ་འཚོ། ༡༥༩༨ལོར་ཧོ་ལན་ཊིའི་གྲུ་བས་ཤེས་པ་རེད།ཕལ་ཆེར་༡༦༨༠ལོར་མེད་པར་གྱུར། མེད་པར་འགྱུར་དོན་ནི་དེ་གར་ཁྱི་དང་ཕག་རྒོད་སོགས་ནང་འདྲེན་བྱས་པའི་རྐྱེན་གྱིས་རེད་ཟེར། ༼ཁྱིའུ་བྷའི་ནེ་ཙོ༽ཆེན་པོ། འདི་ལ་ནེ་ཙོ་མདོག་གསུམ་ཅན་ཡང་ཟེར། འདི་དུས་རབས་༡༩བའི་དུས་སྨད་དུ་མེད་པར་གྱུར། མེད་པར་འགྱུར་དོན་ནི་མི་རྣམས་ཀྱིས་འདི་བཟུང་ནས་གསོ་བྱར་བཙོངས་པས་རེད་ཟེར། ང་ཚོ་མིའི་རིགས་འདི་ལ་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་པ་དང་། ཆ་རྐྱེན་དེ་ང་ཚོའི་དགོས་མཁོ་དང་འཚམ་པར་བསྒྱུར་ཐུབ་པ་དེ་རེད། སྔོན་ཆད་ནུས་པ་འདིར་བརྟེན་ནས་མིའི་རིགས་འཕེལ་ཚད་མཐོན་པོ་ཞིག་ཏུ་བསླེབས་པ་རེད། འོན་ཀྱང་ད་སྐབས་ནུས་པ་འདི་རལ་གྲི་སོ་གཉིས་མ་ལྟ་བུ་ཞིག་ཏུ་འགྱུར་ན་འང་ཐང་མོད། དེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མེད་པར་གཏོང་བའི་ཞོར་ལ་ང་ཚོ་རང་ཉིད་ཀྱི་སྲོག་ཀྱང་གཅོད་སྲིད་དོ། འདིའི་ཕྱོགས་ལ་སྤྲོ་བ་ཡོད་པའི་ཞིབ་འཇུག་པ་དང་ཚན་རིག་པ་རྣམས་ཀྱིས་སྐྱེ་དངོས་ཀྱི་རྒྱུན་ཆད་པའི་སྐོར་གྱི་གནད་དོན་མང་པོ་བརྒྱུད་བསྒྲགས་བྱེད་པ་དང་། བྱེད་ཐབས་གསར་པ་སྤྱད་ནས་སྐྱེ་དངོས་དག་གི་ཚེ་སྲོག་ལ་གནོད་པ་ལས་གྲོལ་དགོས་པ་སོགས་ཀྱི་ཐབས་ལ་བརྩོན་དགོས་སྙམ་མོ།།

རྩོམ་རིག

Post navigation

Previous Post: ༼རྒྱ་བོད་ཚིག་མཛོད་༽ཐོན་རིམ་གཉིས་པ་ནའང་ཡིག་ནོར་འདུག གསུམ་པ་ཞིག་དགོས་པའི་རེ་སྐུལ་ཞུ་ཡིག
Next Post: བོད་ཀྱི་སྐད་དང་ཡི་གེར་ཕྲད་བཞིན་པའི་ཆག་སྒོ།

Comments (5) on “རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-09-12 at 7:18 pm

    སྒྱུར་རྩོམ་དུས་སུ་དགོས་པའི་ཆར་པ་དང་མཚུངས་པས། བློ་བསྐྱེད་མང་ཡང་། མ་དཔེ་ཨིན་ཡིག་ཐོག་ལའང་ཤན་སྦྱར་བྱུང་ན། དེ་བས་ཀྱང་ཁ་གསལ་དུ་འགྲོ་ངེས་འདུག ཨིན་མིང་མེད་པར་ད་ལྟའི་བར་སྒྱུར་གསར་འདིའི་རིགས་བོད་ཡིག་དང་བོད་སྐད་ནང་སྤྱི་ཁྱབ་ཏུ་སོང་མ་ཐུབ་པས་ལན་པ་རེད་འདུག

  2. ཨ་འབར་འཇིགས་དབང་། says:
    2017-09-12 at 10:16 pm

    ༄༅། ཡང་ཡང་གསེར་ལྟར་གྱུར་ཡང་སྲིད།

  3. ཨ་འབར་འཇིགས་དབང་། says:
    2017-09-12 at 10:20 pm

    ༄༅། མགར་ཚང་བསོད་དར་གྱི་རྩོམ་ཡིག་དེ་ནི་དངོས་གནས་ལེག་པོ་ཞིག་བྲིས་འདུག་
    བཀྲིས་བདེ་ལེགས་ཡོད།

  4. ལ་དྭགས་འཇམ་དཔལ།། says:
    2017-09-14 at 6:33 am

    མགར་ཚང་བསོད་ནམས་དར་རྒྱས་ལེགས་ཀྱིས། རང་བྱུང་གཅེས་འཛིན་གྱི་གལ་ཆེན་སྐོར་བཤད་པར་དགའ་བསུ། འོན་ཀྱང་མཐར་ཐུག་མངོན་སུམ་གྱིས་གྲུབ་པ་ལ་དམིགས་པའི་རྗེས་དཔག་ཚད་མ་ལྟ་བུ་མ་ཡིན་རུང་། ཕལ་ཆེར་དེ་འདྲ་མ་ཡིན་ནམ་སྙམ་པའི་དོན་འགྱུར་གྱི་ཐེ་ཚོམ་སྐྱེ་བ་ལ་ཕན།

    ད་ལྟར་འགྲོ་བ་མིའི་རིགས་ཀྱིས་རིག་རྩལ་གྱིས་སའི་གོ་ལར་དབང་སྒྱུར་བ་བཞིན་དུ། ཁུང་འབྲུག་དག་གིས་ལུས་ཀྱི་སྟོབས་ཤེད་ཀྱིས་སའི་གོ་ལར་དབང་བསྒྱུར། དེ་དག་མེད་པར་སོང་བ་ནི། མགར་ཚང་བསོད་ནམས་དར་རྒྱས་ཀྱིས་བྲིས་པ་ལྟར་སྐར་མདའ་ཆེན་པོ་ཞིག་སར་ལྷུང་བ་ལས་བྱུང་། ས་རྡུལ་ནག་པོས། སའི་གོ་ལའི་བར་ཁེབས་པས། ཤིང་སྡོང་རྣམས་སྔར་བཞིན་སྐྱེ་མི་ཐུབ་པ་དང་། ཁུང་འབྲུག་རྣམས་གཅེར་ཉར་ཡིན་པས། ཟས་མེད་པ་དང་། གྲང་ངར་གིས་རྩ་མེད་དུ་གྱུར། འོ་ན་སའི་གོ་ལའི་བར་སྣང་ས་རྡུལ་ནག་པོས་ཇི་ལྟར་ཁེབས་ཤེ་ན། སའི་གོ་ལའི་ས་རྒྱང་ཆེས་རིང་པོ་དག་སྔོགས་ན། ས་ནག་པོ་ཡོད་པ་སྒྲུབ་བྱེད་དུ་བཀོད་པ་ཞིག་མཐོང་བ་དྲན་ནོ། ཁུང་འབྲུག་གི་ཀེང་རུས་རྡོ་རུ་གྱུར་པ་མིག་གི་སྤྱོད་ཡུལ་དུ་མཆིས་སོ།

  5. ལ་དྭགས་འཇམ་དཔལ།། says:
    2017-09-14 at 11:22 am

    ་སྐར་མདའ་ཆེན་པོ་ཞིག་སར་ལྷུང་བ། ཞེས་པར་འགྲེལ་བཤད་རྒྱབ་དགོས་ཏེ། སྐར་མདའ་ཆེན་པོ་དེ་ཉིད་སའི་གོ་ལའི་གཏིང་དུ་ཕྱིན། དེ་ལས་ས་ལ་མེ་འབར་གྱིས་བར་སྣང་གང་བར་གྱུར། ས་ལ་མེ་འབར་བར་སྣང་དུ་འཕགས་བཞིན་པ་དེ་ལོ་ཇི་ཙམ་ལུས་པ་སུས་ཀྱང་ད་བར་དུ་མ་ཤེས་པར་མངོན་ནོ།
    སྐར་མདའ་དེ་ཉིད། མིཀ་སི་ཀོ༏་Mexico་ཡི་མཚོ་ཁུག་ལ་བབས་ནས། ས་འོག་ཏུ་ཕྱིན་ནས་ས་ལ་མེ་འབར་རྟེན་ཅིང་འབྲེལ་པར་འབྱུང་བས་ཁུང་འབྲུག་རྣམས་མེད་པར་ཆགས།་པར་བཤད་ཀྱང་ ཇི་ཙམ་བདེན་སུས་ཤེས་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme