Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཝྃ་བསླབ་བྱ་དུས་བབས་བདུད་རྩིའི་ཐིགས་ཕྲེང་།

Posted on 2017-08-252017-08-25 By ཁ་བརྡ་ No Comments on ཨེ་ཝྃ་བསླབ་བྱ་དུས་བབས་བདུད་རྩིའི་ཐིགས་ཕྲེང་།

དཔལ་དགྱེས་པ་རྡོ་རྗེ།

 
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།

དེ་ལ་འདིར་བཀྲ་ཤིས་དོན་ཀུན་འགྲུབ་པའི་སྨོན་གསོལ་སྔོན་དུ་བསུ་ནས་ཕྱོགས་སོ་སོ་སོར་ནས་ཕེབས་པའི་སྐུ་མགྲོན་ཡོངས་ལ་སྐུ་བཀྲ་ཤིས། གསུང་བདེ་ལེགས། ཐུགས་ཕུན་སུམ་ཚོགས་པའི་འཚམས་འདྲི་དང་བཅས་ངས་རྒྱང་རིང་མགྲིན་པའི་དབྱངས་གསལ་གྱིས་མཆོད་པ་ཁྱེད་རྣམ་པར་འབུལ། ཁྱད་པར་དུ་ཨེ་ཝྃ་ཆོས་སྨན་གླིང་གི་ཨེ་ཝྃ་ལས་རིགས་ལག་རྩལ་སློབ་གླིང་གི་སྒོ་འབྱེད། འཚོགས་ཁང་ཨེ་ཝྃ་ཕྱོགས་ལས་རྣམ་རྒྱལ་གྱི་རྟེན་དང་བརྟེན་པ་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་ལ་དགའ་སྤྲོ་དུང་ཕྱུར་གྲངས་མེད་ཀྱིས་དགེ་བའི་ལེགས་ཚོགས་མངོན་པར་བརྟས་བའི་ཉི་མ་ཤར་བ་དགའ་བ་ཡི་རང་གིས་བསྟོད་བསྔགས་བརྗོད་པའི་མེ་ཏོག་སྙིང་ནས་ཐོར།

ང་ཚོ་གནམ་འོག་ཏུ་འཚོ་གན་པའི་འཛམ་བུ་གླིང་གི་མི་རྣམས་ལ་དུས་རབས་ཉེར་གཅིག་པའི་སྐབས་སུ་སྔོན་གྱི་དུས་རབས་ཉི་ཤུ་ཡན་གྱི་གནས་སྟངས་དང་མི་འདྲ་བར་བརྡ་འཕྲིན་དང་དུས་རབས་ཀྱི་དགེ་མཚན་ཆེན་པོ་ལེགས་ཆར་ཕན་ཚུན་གཅིག་གིས་གཅིག་ལ་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན་ཏེ་གངས་ཅན་ཤར་ཕྱོགས་ཀྱི་ཆོས་རིག་གི་འོད་སྣང་རླབས་ཆེན་ནུབ་ཀྱི་ཕྱོགས་སུ་འཚེར་ཞིང་། ནུབ་ཀྱི་ཚན་རིག་གི་དཔལ་ཡོན་ཤེས་རིག་ཤར་གྱི་ཕྱོགས་སུ་ཁྱབ་ནས་ཕན་ཚུན་མ་འདྲེས་ཚུལ་བཞིན་འཛིན་སྐྱོང་སྤེལ་བའི་གནའ་དེང་ཟུང་དུ་འབྲེལ་ནས་དགེ་སྒྲུབ་སྡིག་སྤོངས་དང་གཞན་ཕན་བརླབས་ཆེན་འབྱུང་བའི་དུས་སུ་བབས་ཡོད་པ་དང་། འགྲོ་འདུག་སྤྱོད་ལམ་རྣམ་བཞི་གང་གི་སྐབས་སུ་ཡིན་ན་ཡང་དྲན་ཤེས་བག་ཡོད་ཀྱིས་ང་ཚོས་ཕ་མེས་རིག་གཞུང་ལ་རོགས་དན་ཚན་རིག་སྒྱུ་རྩལ་གྱིས་མཁོ་བའི་བེད་ཡོད་དུ་སྤྱོད་ན་དགེ་མཚན་ཤིན་ཏུ་ཆེའོ།

དེས་ན་ངོས་ཀྱང་ས་ཐག་རིང་བོ་དབྱིན་ཡུལ་དུ་མཆིས་ན་ཡང་སེམས་ཐག་ཉེ་བོ་བདག་གི་གཉེན་ཉེ་བ་དབྲ་རིགས་པ་སྤྱི་དང་། ཁྱད་པར་ཨེ་ཝྃ་ཆོས་སྨན་སློབ་གླིང་དུ་དགེ་སློབ་ཡོངས་ལ་རེ་འདོད་ལྟར་ཚིག་གསུམ་གྱི་འབེལ་གཏམ་བཤད་རྒྱུ་དེ་ཡིན། ང་རང་དངོས་སུ་དེར་ཡོང་ན་ཡང་དེས་ལྷག་ཅི་ཡང་ཞུ་བྱ་དབེན། ངོས་ནི་མི་ལོ་བཅོ་བརྒྱད་ཀྱི་རིང་ལ་ལུས་ས་མཐར་འཁྱམས་ནས་ཆོས་དཔལ་རིག་གནས་ནང་ལ་འདྲེན་པའི་འབད་འབུངས་དང་སྤྱི་ཕན་ཞིག་གི་དོན་དུ་ལྷག་བསམ་ཡང་དག་གིས་བསིལ་ལྡན་ཁ་བ་རུ་བ་སྤྱི་དང་། ཁྱད་པར་ངེད་ཅག་ས་ཁུག་ལུང་ལྕོག་གི་ཞིང་འབྲོག་གི་ཉམ་ཆུང་རྒན་བྱིས་རིགས་ལ་བཅུ་ཕྲག་རིག་པའི་གནས་དང་། གསོ་སྐྱོང་གནང་བ་མཁན་པོ་ཨ་ཝྃ་རིག་པ་མཆོག་གི་སྐུ་དྲིན་དང་ངའི་རྨི་ལམ་གྱི་སྣང་བ་འདི་རེད། དེ་ཡང་རང་ཡུལ་སྲོལ་ངན་ཕྱོགས་ཞེན་གྱི་མགོ་རྙོག་ཏུ་འགྲོ་བཞིན་པའི་ངན་ལོང་གི་ལྷགས་གཤིས་ཤོར་བའི་ཉེན་ཁ་ལས་ངེས་པར་ལྡོག་ཐུབ་པ་དང་། དྲང་བདེན་རིག་པས་མི་རབ་ལ་རང་ཚུགས་ཆོས་དང་མཐུན་པའི་བདེན་ལ་སྐྱེས། དྲང་པོ་ལ་བརྒས་པའི་མི་ཚེའི་སྲོག་དབུགས་ལ་གཅེས་སྲུང་དགོས་པ་ང་ཚོ་ཚང་མའི་ལས་ཀ་རེད།

དེས་ན་རྒྱུ་མཚན་གསུམ་གྱིས་ལས་རིགས་ལག་རྩལ་གྱི་སྒྱུ་འཕྲུལ་ལ་ལོ་རྒྱུས་ཀྱི་ཕུགས་ཐག་རིང་བའི་སྲོལ་རྒྱུན་ལ་རྒྱུན་འཛིན་གནང་ནས་ང་ཚོའི་ཚེ་འདི་ཕྱིའི་ཚེ་སྲོག་ལ་བདག་སྐྱོང་གིས་ཕན་བདེའི་འཚོ་ལ་སྤེལ་ནས་དག་གཙང་རྣམ་གསུམ་གྱི་ཕྱག་ལས་ལ་འབུང་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེན་པོ་རེད།

 

གཅིག གཤིས་གཙང་རྣམ་གསུམ་དགོས་པ།

ཕྱིའི་འཁོར་ཡུག་དང་། ནང་གི་གནས་ཁང་། གསང་བ་སེམས་ཀྱི་དག་གཙང་ལ་འབད་དགོས་པ་ལས་དང་པོ་འཁོར་ཡུག་ལ་འབག་རྩོག་མེད་པར་རྩི་ཤིང་དང་ཆུ་གཙང་གནས་ཐུབ་ཀྱི་ས་གནས་སྲུང་སྐྱོབ་དང་། གཉིས་པ་ནང་ཁང་ཁྱིམ་དུ་ཕྱི་དོར་དང་མེ་ཆུ་གློག་གི་གནོད་པ་མེད་པར་ཡིད་འོང་གི་སློབ་བརྩོན་གྱི་སྤྲོ་དགའ་སྟེར་བའི་གཞི་ཁྱིམ་དུ་ལྷ་ཁང་མི་ཁྱིམ་གང་ཡིན་ཡང་དྲི་ཞིམ་དང་གཟི་འོད་འཕྲོ་བ་ཞིག་འབད་པ་དང་། གསུམ་པ་གསང་བ་སེམས་ཀྱི་བདེ་སྐྱིད་ནི་འདོད་ཆུང་ཆོག་ཤེས་དང་། དད་གུས་དག་སྣང་གི་རྩི་དང་མི་འབྲལ་བར་དམ་པ་གོང་མ་དང་ལྷག་བསམ་རྣམ་དག་གི་ཕ་མེས་ལྷན་སྐྱེས་ཀྱི་བག་ཆགས་བཟང་པོ་ཡ་རབས་ཁོ་ནའི་དག་གཙང་གི་མི་ཚེ་ཞིག་ལ་འབད་བརྩོན་གནང་བར་མཛོད་ཅིག་ཅེས་སྐུལ་བ་ནི་ངའི་རེ་བ་དང་པོ་ཡིན་ནོ།

 

གཉིས། ཡང་དག་རྣམ་གསུམ་གནང་བ།

ལུས་ཀྱི་གོས་དང་ཁ་ཡི་ཟས། ལྷག་བསམ་ཡང་དག་གནང་བ་ལ་དང་པོ་གྲང་ངར་གྱི་བསིལ་ལྗོངས་སུ་ཉེར་འཚེ་མེད་པའི་གོས་བཟང་ལ་གནོད་མེད་ཕན་པའི་འགྲིགས་གོས་ཚུལ་བཞིན་གྱོན་གནང་བ་དང་། གཉིས་པ་དམར་དུག་ཆུ་ལྷད་རིགས་ལ་བག་གཟོན་གྱིས་མི་རོལ་བ་དང་། བཟའ་གཏུང་འཕྲོད་བརྟེན་དང་རྩ་རླུང་ཐིག་ལེ་ལ་ཕན་པའི་རྩམ་པ་དང་གྲོ་འབྲས་རོ་བཅུད་ལྡན་པའི་ཟབ་པའི་ཟས་རིགས་མཐོ་སྒང་གི་ཚེ་སྲོག་གི་གསོ་སྨན་རིགས་ལ་བརྟེན་ནས་ཚེ་ཐག་རིང་དུ་གནང་བ་དང་། གསུམ་པ་ལྷག་བསམ་ཡང་དག་གིས་རང་དང་རང་གི་ཁྱིམ་ཚང་། སློབ་གྲོགས་དང་དགེ་རྒན་སོགས་ལ་ཕན་ཐོག་ཅི་ནུས་ཀྱི་བསམ་པ་རྒྱ་ཆེ་རུ་གཏོང་ནས་རང་འདོད་ཉི་ཚེ་ཞིག་ལ་མགོ་བོ་མི་འཁོར་བ་སྤྱི་ཕན་གྱི་ལྷག་བསམ་ཡང་དག་གི་ཕྱུག་པའི་མི་ལུས་ཚད་ལྡན་ཞིག་གནས་ཐུབ་གནང་བར་མཛོད་ཅིག་ཅེས་སྐུལ་བ་ནི་ངའི་རེ་བ་གཉིས་པ་ཡིན་ནོ།།

 

གསུམ། དོན་ཆེན་རྣམ་གསུམ་སྒྲུབ་པ།

རང་གཞན་གཉིས་དོན་སྒྲུབ་པའི་དོན་ལ་སྙིང་པོ་ལོན་དགོས་པ་ནི་ང་ཚོ་ནི་སྲོག་ལྡན་མི་རུ་སྐྱེས་ཤིང་ཁྱད་དུ་འཕགས་པའི་རྣམ་དཔྱོད་ལ་བེད་སྤྱོད་གནང་ནས་དང་པོ་རང་དོན་དུ་ཐོས་བསམ་སྒོམ་པས་ཆོས་ཚན་གྱི་སྙིང་པོ་ལེགས་ཉེས་ཤེས་པའི་མི་རབ་ཀྱི་ས་ཟིན་པ་ཞིག་ལ་འབད་ནས་སྒེར་སྤྱོད་དང་གྲགས་རྒྱུགས་ཀྱིས་རང་སྲོག་མི་གཅོད་པར་བཟང་ངན་ཤེས་པའི་བསམ་སྤྱོད་དོན་མཐུན་ཞིག་སྒྲུབ་ནུས་པ་དང་། གཉིས་པ་གཞན་དོན་དུ་འཆད་རྩོམ་ཕན་དུས་རབས་ཀྱི་འགྲོས་དང་མཐུན་པར་བརླབས་ཆེན་གྱིས་གཞན་སྲོག་སྐྱབས་པ་དང་ཁྱད་པར་ཉམ་ཆུང་དུད་འགྲོ་རྣམས་ལ་བྱམས་སྐྱོང་ཚུལ་བཞིན་ཕན་བདེ་སྒྲུབ་པ་དང་། གསུམ་པ་གཉིས་དོན་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ནི་སྐྱ་སེར་དང་སྔགས་བཙུན་ལ་ཁྱད་པར་མེད་པར་རང་མགོ་ཉི་མ་ཆོས་ཀྱིས་ཐོན་ནུས་པས་ཚེ་འདི་ཕྱིའི་སྙིང་དོན་སྒྲུབ་ནུས་པ་ཞིག་ངེས་པར་དུ་གནང་བར་མཛོད་ཅིག་ཅེས་སྐུལ་བ་ནི་ངའི་རེ་བ་གསུམ་པ་ཡིན་ནོ།།

རྩ་བརྒྱུད་བླ་མས་བྱིན་རླབས་སྙིང་ལ་ཞུགས།།
ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ།།
མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས།།
གང་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།

མཐར་དོན་ཡང་འདིར་ཨེ་ཝྃ་ལས་རིགས་ལག་རྩལ་ཟབ་སྦྱོང་ས་ཚིགས་ལ་ལྷག་བསམ་རྣམ་དག་གི་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམ་པ་དང། ཡབ་མེས་ཤེས་རིག་ལ་དུང་བརྩེ་ཆེན་པོ་མངའ་བའི་དགེ་སློབ་ཡོངས་དང་། ཕྱག་ལས་བཟོ་ཡི་སྒྱུ་རྩལ་དང་སྨྱུ་གུའི་གར་སྟབས་ལ་རོལ་བའི་རྩོམ་པ་པོ་དང་། གསོ་སྤྱད་རིག་པའི་ཕན་བདེ་སྒྲུབ་པའི་སྨན་པ་དང་། དཀའ་ལས་ཚེགས་ལ་མི་འཛེམས་པས་གཡོས་སྦྱོར་འཁན་གྱི་ཟས་དཔོན་དང་ལས་རོགས་ཀུན་ལ་བཀའ་དྲིན་ཆེ་ཞུ་བ་དང་མུ་འཐུད་ནས་རྒྱལ་ཁབ་དམ་པའི་རྩ་ཁྲིམས་དང་མཐུན་པར་དར་རྒྱས་ཕུན་སུམ་ཚོགས་པས་ཧུར་བརྩོན་གནང་ནས་ཚེ་འདིའི་ལེགས་ཚོགས་ཐམས་ཅད་ཡར་ངོས་ཟླ་བ་བཞིན་འཕེལ་བའི་རེ་བའི་སྨོན་འདུན་དང་ཕྱི་མ་ཡང་ངེད་ཅག་ཚང་མ་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བའི་རྟེན་འབྲེལ་སྨོན་གསོལ་བཅས་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰིཿསྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཨེ་ཝྃ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་བགྱིས་པར་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག་གུ།།

སྣ་ཚོགས།

Post navigation

Previous Post: སྦྲ་ནག་ལགས། ད་དུང་ཅུང་ཙམ་སྒུག་དང་།
Next Post: མཁན་ཆེན་མཆོག་གིས་ཨ་རིའི་བོད་པ་དག་ལ་བསྩལ་བའི་བཀའ་སློབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme