Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཛམ་གླིང་གེ་སར་རྒྱལ་པོའི་བླ་མ་རླངས་བྱང་ཆུབ་འདྲེ་བཀོལ།

Posted on 2017-08-162017-08-16 By ཁ་བརྡ་ 5 Comments on འཛམ་གླིང་གེ་སར་རྒྱལ་པོའི་བླ་མ་རླངས་བྱང་ཆུབ་འདྲེ་བཀོལ།

ཨེ་མ་ཧོ།

 
རླངས་ཨ་མི་་བྱང་ཆུབ་འདྲེ་བཀོལ་ནི། 《རླངས་ཀྱི་པོ་ཏི་བསེ་རུ》ལས། ……“དེ་འོག་སེ་ཁུང་(བསེ་ཁྱུང)དབྲ། དབྲ་ལ་དཀར་ནག་ཁྲ་གསུམ་ཡོད། དབྲ་དང་པོ་རྒྱུད་ཀྱི་ཆེ་དགུ ལྷ་དབྲ་སྨུག་པོ་མཆེད་བཅུ། དགུ་འབུམ་དབྲ་ཡི་མཆེད་དྲུག་ཡོད”ཅེས་པ་ལྟར་བོད་མིའུ་གདོང་དྲུག་གི་ནང་ཕྱེས་བསེ་ཁྱུང་དབྲ་ཡི་རིགས་རྒྱུད་རིམ་པར་བྱུང་བ་ལས། ལྷ་རིགས་རླངས་ཀྱི་གདུང་རྒྱུད་བྱུང་བ་སྟེ། 《ལྷ་རིགས་རླངས་ཀྱི་རྣམ་ཐར་ ཆིག་རྒྱུད》ཅེས་པ་ལས། “ལྷ་རིགས་རླངས་ཀྱི་ཕྱུགས་ཕུགས་དབྲ་ལ་ཐུགས་པས། དང་པོར་སེ་(བསེ)ཁྱུང་དབྲས་བཙན་ཟ་གེལ་ལྡན་མ་ཁབ་ཏུ་བཞེས་པའི་སྲས། དབྲ་ཁྲ་བོ། དེའི་སྲས་ཁྱུང་རུ་དཀར་པོ། དེའི་སྲས་འབུམ་རྗེ་ཤེལ་མིག དེའི་སྲས་ཨ་རྗེ་གཙུག་གསུམ། དེའི་སྲས་མང་ལྡོམ་སྟག་བཙན། དེའི་སྲས་ལྷ་རིགས་འཕན་པོ་ཆེ་རླངས”ཞེས་སོགས་འབྱུང་བ་ལྟར་རིགས་འཕན་པོ་ཆེ་རླངས་ཀྱི་གདུང་རྒྱུད་དེ་དག་བསེ་ཁྱུང་དབྲ་ལས་མཆེད་དེ། མདོ་སྟོད་སོགས་བོད་ཡུལ་སོ་སོར་དར་བ《རླངས་ཀྱི་པོ་ཏི་བསེ་རུ》ལས་བཤད་འདུག་སྟེ། “དེ་ལྟར་རླངས་སྟོང་ལྷོ་རྒྱུད་ནི། བོད་ཀྱི་གཡས་རུའི་རླངས་སུ་འཕེལ། འབྲིང་པོ་ཆེ་རྗེའི་རླངས་ནི། བོད་ཀྱི་གཡོན་རུ་རླངས་སུ་འཕེལ།

ཆུང་བ་སྟོང་གླིང་རྒྱུད་ནི། བོད་ཡུལ་དབུས་ཀྱི་རླངས་སུ་འཕེལ། རྗེ་སྟོང་ཐོག་གི་རྒྱུད་ནི་གཡར་མོ་ཐང་གི་རླངས་སུ་འཕེལ། རླངས་རྗེ་སྟོང་སྲས་ཀྱི་རྒྱུད་ནི་ཙོང་ཁ་བདེ་ཡངས་ཀྱི་རླངས་སུ་འཕེལ། ཆུང་བ་སྟོང་དགེའི་རྒྱུད་ནི་མདོ་ཁམས་ཀྱི་རླངས་སུ་འཕེལ”ཞེས་སོགས་འབྱུང་བ་ལྟར་རླངས་ཀྱི་གདུང་རྒྱུད་དེ་དག་མདོ་སྟོད་ཕྱོགས་སུ་འཕེལ་ཞིང་། མདོ་སྟོད་རླངས་ཀྱི་གདུང་རབས་དང་། བོད་དབུས་ཕྱོགས་སྣེ་གདོང་གི་རྒྱལ་རབས་དག་རུས་རྒྱུད་འདི་ནས་མཆེད་པར་བཤད། གདུང་རབས་ཀྱི་གདན་ས་དང་། རྒྱལ་ས་གཙོ་བོའང་མདོ་སྟོད་ནང་ཆེན་རྨེ་གཞུང་གཡུ་ཀུ་སྟེང་ཞེས་པ་འདི་ཡིན་པ《 ལྷོ་རོང་ཆོས་འབྱུང་》 སོགས་སུ་གསལ་ལ། བོད་སིལ་བུའི་དུས་སྐབས་ཡས་མས་སུ་མདོ་སྟོད་འདིར་དབང་བསྒྱུར་མཁན་གཙོ་བོའང་རླངས་ཀྱི་གདུང་རྒྱུད་ཡིན།

མདོ་ཁམས་སུ་འཕེལ་བའི་སྟོང་དགེའི་རྒྱུད་ལྷ་གཟིགས་རླངས་ཀྱི་གདུང་རྒྱུད་རིམ་པར་བྱུང་བ་ལས། ཨ་མི་བྱང་ཆུབ་འདྲེ་བཀོལ་ནི་ཡབ་མཚོ་བཟང་ལྷ་གཟིགས་ཀྱི་སྲས་སུ་བོད་རབ་བྱུང་དང་པོའི་སྔོན་གྱི་ས་འབྲུག་སྟེ་སྤྱི་ལོ268ལ་སྐུ་འཁྲུངས། མིང་གཞན་བྱང་ཆུབ་རྡོ་རྗེ་ཡང་ཟེར། དགུང་ལོ་བཞིའི་ཐོགས་ནས་བཟུང་གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་ཏེ་ཟབ་ཆོས་ཉམས་བཞེས་མཛད། དགུང་ལོ་བརྒྱད་ཀྱི་ཐོག་ནས་སློབ་དཔོན་པདྨར་དངོས་སུ་སྤྲུལ་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བྱོན་པ་སོགས་བལ་པོའི་ཡུལ་དང་བོད་ཡུལ་སྟོད་སྨད་ཀུན་ཏུ་སྐུ་དངོས་ཀྱི་ཞབས་ཀྱིས་བཅག་ཅིང་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ཏུ་སྐུ་དངོས་ཀྱི་ཞབས་ཀྱིས་བཅག་ཅིང་ལྷ་སྲིན་སྡེ་བརྒྱད་ཐབས་ཅད་དམ་ལ་བཏགས་བསྟན་སྲུང་དུ་བསྐོས་པ་སོགས་རྫུ་འཕྲུལ་མཐའ་ཡས་པས་ལྷ་འདྲེ་ཐམས་ཅད་དྲན་དུ་བཀོལ་བས་སྔར་བྱང་ཆུབ་རྒྱལ་པོའི་མཚན་དེ། བྱང་ཆུང་འདྲེ་བཀོལ་དུ་གྱུར་བས་ཀུན་གྱིས་ཨ་མེས་བྱང་ཆུབ་འདྲེ་བཀོལ་དུ་འབོད།

ཡང་། 《རླངས་ཀྱི་པོ་ཏི་བསེ་རུ》ལས། “དེ་ནས་ཁོང་གིས་ཤར་དུ་བྱོན། གེར་འཚོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས། སྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲའོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེ་དབང་ཞིག་ཞུས། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གྱི་ལུས་སྐྱོབ་མཛོད། ”ཅེས་གསལ་བ་བཞིན། གེར་མཚོའི་མགུལ་སྟེ། མདོ་སྟོད་ནང་ཆེན་རྨེ་གཞུང་གི་རི་བོ་གེ་མཛོ་ཀླུ་རྒྱལ་གྱི་མགུལ་དུ་ཡོད་པའི་གེ་མཛོ་མཚེའུ་ཡོད་ས་དེར་གླིང་རྗེ་གེ་སར་དང་། བྱང་ཆུབ་འདྲེ་བཀོལ་བླ་སློབ་གཉིས་ཐོག་མར་མཇལ་ཕྲད་གནང་ཞིང་། ལྕིའི་ལུང་པ་ཕུ་དྲུག་དང་། ར་ཛཱའི་བྲག་མགོ་དང་། ལྕི་དཔལ་ཆམ་གསུམ་སོགས་ཕུལ་བར་བཤད། དེ་ནས་ཁོང་རྣམ་གཉིས་མཆོད་ཡོན་གྱི་འབྲེལ་བ་ཇེ་ཟབ་ཏུ་གྱུར་ཏེ་ཟང་ཟིང་གི་འབུལ་བ་དཔག་མེད་ཕུལ། ཁོང་གི་ཞལ་ནས། “ཁྱེད་འཆི་བའི་དུས་ལ་བབ་པ་ལ། རང་རེས་འབད་ཀྱང་ག་ལ་བརྟེན། བདུད་ཀྱི་བར་ཆད་མི་འབྱུང་བ། རྣལ་འབྱོར་བདག་གིས་སྲུང་མ་བྱེད། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། སྐྱེ་བུ་ཁྱེད་ཀྱི་ཚེ་ཚད་ཡིན།” ཞེས་པའི་ལུང་བསྟན་མཛད།

དེ་ནས་གླིང་རྗེ་གེ་སར་གྱིས་རྒྱ་ལ་བྱོལ་རྟ་བསྐྱལ་ནས། གྲུབ་ཐོབ་གདན་འདྲེན་དུ་ཕྱིན། གླིང་ཡུལ་དུ་ཕེབས་ནས་ཟང་ཟིང་གི་འབུལ་བ་རྒྱ་ནོམས་པ་ཕུལ་ཏེ་སྤྱིར་བོད་ཡུལ་དང་། བྱེ་བྲག་གླིང་ཡུལ་གྱི་མི་ནོར་འཕེལ་བ་དང་། མི་ཕྱུགས་ཀྱི་ནད་ཡམ་མི་འབྱུང་བའི་ཐུགས་བསྐྱེད་དང་སྨོན་ལམ་ཞུས། བོད་ཡུལ་ཀུན་དུ་མཛད་འཕྲིན་གྱི་གདུལ་བྱ་ལེགས་པར་བསྐྱངས་ནས། དགུང་གྲངས་བརྒྱ་དང་བརྒྱད་སྤྱི་ལོ356མེ་ཕོ་འབྲུག་གི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་སྐུ་གཤེགས། དེ་ལྟར་རླངས་བྱང་ཆུབ་འདྲེ་བཀོལ་གྱི་བྱུང་བ་ཉུང་བསྡུས་འདི་ལོ་རྒྱུས་ཁག་ལས་འབྱུང་བ་ལྟར་བཏུས་པ་ཡིན་ནོ། །

ངོ་སྤྲོད།

Post navigation

Previous Post: ཨ་རིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ ༦ པ།
Next Post: བསོད་རྒྱལ་རིན་པོ་ཆེ་གླེང་བ།

Comments (5) on “འཛམ་གླིང་གེ་སར་རྒྱལ་པོའི་བླ་མ་རླངས་བྱང་ཆུབ་འདྲེ་བཀོལ།”

  1. དབྲ་རུ་སྨྱུག་རྒོད། says:
    2017-08-17 at 2:34 am

    རླངས་ཨ་མིས་བྱང་ཆུབ་འདྲེ་བཀོལ་སྐོར་འདི་སུས་བྲིས་པ་རེད་དམ།

  2. ཀརྡོ་རབ་འབྱམས་པ་ says:
    2017-08-17 at 3:34 am

    ་་་་་་་་་ ཨ་མི་བྱང་ཆུབ་འདྲེ་བཀོལ་ནི་ཡབ་མཚོ་བཟང་ལྷ་གཟིགས་ཀྱི་སྲས་སུ་བོད་རབ་བྱུང་དང་པོའི་སྔོན་གྱི་ས་འབྲུག་སྟེ་སྤྱི་ལོ268ལ་སྐུ་འཁྲུངས། མིང་གཞན་བྱང་ཆུབ་རྡོ་རྗེ་ཡང་ཟེར། དགུང་ལོ་བཞིའི་ཐོགས་ནས་བཟུང་གསང་སྔགས་རྙིང་མའི་ཆོས་སྒོར་ཞུགས་ཏེ་ཟབ་ཆོས་ཉམས་བཞེས་མཛད། ་་་་་་་་
    ་
    ་་་་་སྤྱི་ལོ268 ་་་་ ནང་ལ་རྙིང་ཆོས་དར་ཟིན་སྟངས་ཤིག་སུས་གསུངས་ཐུབ་བམ། ལགས།

  3. ཀརྡོ་རབ་འབྱམས་པ་ says:
    2017-08-22 at 6:38 am

    ཡ་མཚན་དངོས་འབྱུང་རྟ་མཆོག་རྣམ་ལ་འཕུར་བ།
    https://www.facebook.com/DailyMillat/photos/pcb.653595031507024/653594904840370/?type=3&theater

  4. ཀརྡོ་རབ་འབྱམས་པ་ says:
    2017-08-22 at 8:46 am

    ཡ་མཚན་དངོས་འབྱུང་གི་རིགས་འགའ།
    https://www.facebook.com/marciaswords/videos/680267115514551/?hc_ref=ARTF92FxeedlrBy8Ilbb8uaWg2bLCqnPBaKSMzCJDXnINZKgi6OhYLQnqp4HgK9ZJ5g

  5. བཙན། says:
    2017-09-05 at 5:04 am

    རྩོམ་པ་པོའི་མིང་བསུབས་ནས་གཞན་རྩོམ་རང་གར་རྐུ་བཤུ་དང་། དྲ་ཐོག་ཏུ་འགོད་པ་ནི་ནག་ཉེས་ཞིག་རེད། དྲ་རྐུན་འདི་ཚོ་ཁྲིམས་སར་སྐྱེལ་དགོས་ས་འདུག རྩོམ་འདི་ཐོག་མ་འཛུམ་གྲོས་གྱིས་བྲིས་པ་ཞིག་རེད། འདིར་ཁ་བྱང་བཅོས་རྗེས་རང་ཉིད་ཀྱིས་བྲིས་པ་ཡིན་ཁུལ་དུ་བཀོད་འདུག དྲ་བདག་ལགས་ཀྱིས་
    དེ་ལུགས་ཐུགས་འགན་བཞེས་རོགས‘

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme