Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསོད་རྒྱལ་རིན་པོ་ཆེའི་སྐོར་ནས་བསམ་ཆ་སྲིད་པའི་མེ་ལོང་།

Posted on 2017-08-152017-08-15 By ཁ་བརྡ་ 27 Comments on བསོད་རྒྱལ་རིན་པོ་ཆེའི་སྐོར་ནས་བསམ་ཆ་སྲིད་པའི་མེ་ལོང་།

ཨེ་མ་ཧོ།

 
དེ་ཡང་འདིར་འཇིག་རྟེན་འཁོར་བའི་སྐྱེ་འཇིག་ལས། མདོ་ལས། སྐྱེ་མཐའ་འཆི། བསགས་མཐར་འཛད། མཐོ་མཐར་ལྷུང་། འདུས་མཐར་འབྲལ་ཞེས་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གསུངས་ཟིན་པ་དང་། སློབ་དཔོན་སངས་རྒྱས་གཉིས་པ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ཀྱང་འཁོར་བའི་ཆོས་ཀུན་མཐའ་བཞིས་བཅིངས་པས་སྙིང་པོ་མ་འཛིན་གསུངས་པ་དང་། ཁྱད་པར་དམ་པའི་ཆོས་ཤེས་པ་ཞིག་དམིགས་བསལ་གྱི་ཧ་ལས་པའི་སྐད་ཆ་གསར་བ་ཞིག་མིན་ན་ཡང་། ཆོས་མི་ཤེས་འཇིག་རྟེན་ཁོ་ན་དང་སོ་སོར་གྲགས་འདོད་དང་མཐོ་འདོད་དང་བྱིས་པ་སོ་སྐྱེ་རིགས་ལ་དགའ་སྡུག་དུ་མ་ཞིག་ཡོད་པ་སྨོས་ཅི་འཚལ། ཁྱད་པར་འཇིག་རྟེན་ཕྱོགས་ནས་མ་ཉེས་ཁ་གཡོགས་ཀྱིས་བླ་སློབ་བར་ཀྱི་དཀྲུགས་ཤིང་འདི་དག་ལས་ངན་སྤྱི་མཐུན་ལ་ཡོད་པར་སྨོས་ཅི་དགོས།

དམིགས་བསལ་བོད་ཆོས་དང་ནུབ་ཕྱོགས་ན་ཡོད་པའི་བླ་སྤྲུལ་མང་པོ་ཞིག་གི་གདན་ས་ལྟ་བུའི་རིག་པ་ཆོས་ཚོགས་དེ་ཆོས་དང་སྲོལ་རྒྱུན་མི་ཤེས་པའི་ཆབ་སྲིད་པ་འགའ་ཞིག་གིས་བེད་སྤྱོད་དུ་འགྲོ་བར་འབད་བརྩོན་བྱེད་པ་འདི་ནང་ཆོས་ལ་དང་བོད་བརྒྱུད་བསྟན་པའི་ལྷག་ཞབས་ན་བཞུགས་པ་ཚོས་དུང་ལེན་གྱིས་བསོད་རྒྱལ་རིན་པོ་ཆེ་ལ་དཀར་འདོན་རེ་གནང་བར་འབད་དགོས་པར་སེམས། ཁྱད་པར་བསོད་རྒྱལ་རིན་པོ་ཆེ་དར་རྒྱས་ཕུན་སུམ་ཚོགས་པའི་སྐབས་སུ་གྲོགས་པོ་དང་བླ་སློབ་ཏུ་གྱུར་བ་ཚང་མ་ལ་འོས་འགན་དང་སྐབས་སུ་བབས་པ་རེད།

གལ་ཏེ་སྐྱོན་གཞི་བརྗོད་པ་དེ་འདྲ་ཡིན་སྲིད་ན་བཟང་པོའི་ཆ་ནས་ནུབ་ཕྱོགས་སུ་ནང་ཆོས་ཉི་མ་ཤར་བ་མཛད་པ་དང་། དེབ་དེ་སྐད་ཡིག་དྲུག་ཅུ་ཙམ་ལ་བསྒྱུར་བ་བོད་ཀྱི་སྐྱེ་འཆིའི་བསྟན་བཅོས་ཅེས་པའི་དེབ་དེ་ཁྱབ་ནས་ནང་ཆོས་དང་མི་རྟག་པ་དང་དམ་པའི་ཆོས་ལ་བློ་ཁ་སྐྱེ་བ་བསོད་རྒྱལ་རིན་པོ་ཆེའི་བཀའ་དྲིན་རེད།
ཡིན་ན་ཡང་ནུབ་ཕྱོགས་པའི་རྣམ་དཔྱོད་ཙམ་ལས་མེད་ན་དོལ་ཚོགས་སྟོང་ཕྲག་དུ་མ་ལག་པ་ཁུ་ཚུར་དང་ཁ་ནས་ངན་ཚིག་སྨྲ་བརྗོད་རང་དབང་ཟེར་ནས་༧གོང་ས་རྒྱལ་དབང་མཆོག་གི་སྐུ་དཔར་འདྲ་མིན་བཟོ་བ་དང་ཆོས་ལུགས་རང་དབང་དགོས་ཟེར་ནས་སྐད་གཏོང་བ་དག་མཐོང་ཚེ། ང་ཚོས་ནང་བསྟན་དམ་པའི་ཆོས་འདི་རྐད་རྩེད་སྤོ་ལོ་དང་རྩེད་མོ་འདར་བ་ཞིག་ཏུ་གཏན་ནས་འཛིན་རྒྱུ་མིན་པར་ཆོས་བཞིན་སྤྱོད་པ་དག་ལ་རོགས་དན་དང་རྒྱབ་སྐོར་བཟོ་དགོས་པ་རེད། དེ་ལས་ལྡོག་སྟེ་སློབ་མ་ཚོ་ལ་ངན་སྐུལ་དང་འཛམ་གླིང་ལ་ཁྱབ་བསྒྲག་དགོས་པར་འབོད་སྐུལ་བྱེད་པ་དག་ནི་དྲིན་ལན་ལོག་འཇལ་དང་། གྲོགས་པོ་ཡག་རྩོག་སུ་ཞིག་ཡིན་ན་སྡུག་པའི་སྐབས་སུ་མ་སྐྱོབ་ན་གྲོགས་ངན་དང་བླ་སློབ་བར་གྱི་དམ་སྲིའི་ཁ་འགོང་དུ་གོམས་པའི་རྟགས་མཚན་དངོས་སྟོན་པའོ།།

མདོར་ན། ཁྲིམས་རྩོད་དང་གཟི་དཔུང་དག་གིས་ཐག་གཅོད་མ་བྱུང་གོང་ནས་བླ་སློབ་བར་འགལ་བ་བཟོ་བ་འདི་ཤིན་ཏུ་མ་འོས་པ་ཞིག་རེད། མདོ་ལས། གལ་ཏེ་བླ་མ་བསྟེན་ཕན་ཆད།།དེ་ཉིད་བླ་མ་མི་འཛིན་ན།།ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས།།དམེ་ཤ་ཅན་དུ་སྐྱེ་བར་འགྱུར།། ཞེས་དང་། ལས་ཅན་དག་གི་ལས་རྣམས་ནི།།བསྐལ་བ་བརྒྱ་ཡང་ཆུད་མི་ཟ།།ཚོགས་ཤིང་དུས་སུ་བབས་པ་ན།།འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་སོགས་དང་། གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞི་དང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་བླ་མ་སྨད་པ་དང་བརྙེས་བཅོས་བྱས་པ་རྣམས་ནི་བར་དོ་མེད་པར་རྡོ་རྗེ་དམྱལ་བར་སྐྱེ་བར་གསུངས་ན་ཤིན་ཏུ་གཟབ་དགོས་སྣང་ངོ་། གནས་སྐབས་སུ་དམྱལ་བ་སྐྱེ་ཁར་དཔོན་ལུས་བླངས་ཀྱང་འདིར་སྣང་ཡལ་བ་དང་བར་དོ་མེད་པར་རྡོ་རྗེ་དམྱལ་བའི་ལས་ངན་བསགས་པ་ཡིན་ནོ།།

གཅིག བསོད་རྒྱལ་རིན་པོ་ཆེ་དང་ད་སྔོན་འབྲེལ་ཡོད་ཁག་གིས་ཡིག་ངག་དྲ་བར་རྒྱུད་ནས་རིག་པ་ཆོས་ཚོགས་དང་ཚོགས་མི་དག་ལ་སེམས་གསོ་དང་མཐུན་ལམ་བྱེད་དགོས་པ་དང་།

གཉིས། བླ་སློབ་བར་དུ་འགའ་བའི་དམ་སེལ་དང་གཏམ་འཆལ་སྣ་ཚོགས་དང་ངན་ཚིག་མི་བརྗོད་པར་འབྱུང་འགྱུར་བོད་ཆོས་ལ་ལྟ་སྟངས་ཚུལ་བཞིན་བརྗོད་དགོས་པ་དང་།

གསུམ། ཁྲིམས་མཐུན་སྒོ་ནས་ཐག་ཆོད་ཟིན་པ་དང་བཟོད་སྐལ་མཉམ་སྙིགས་དུས་སུ་ཆོས་སྨྲ་བ་ཡོངས་ན་དྲན་ཤེས་བག་ཡོད་ཀྱིས་སློབ་གསོ་དེ་རིགས་ལ་དཔྱད་དགོས་པའོ།།

ངོས་ལ་མཚོན་ན་བསོད་རྒྱལ་རིན་པོ་ཆེ་ལ་ཚེ་འདིར་ཆོས་དང་རྒྱུ་འབྲེལ་གང་ཡང་མེད་ཀྱང་མི་སུ་ཞིག་ཡིན་ན་སྡུག་པའི་སྐབས་སུ་དེ་འདྲ་མ་བྱུང་ན་སྙམས་པའི་བསམ་པ་བཅོས་མིན་བྱུང་ནས་ཟིན་ཐོ་ཙམ་དུ་ཤྲྰིས་བྲིས་པར་ལགས་སོ། །

བསམ་ཚུལ།

Post navigation

Previous Post: བོད་ཀྱི་སྐྱེ་འཆིའི་བསྟན་བཅོས་ཞེས་པ་ངོ་སྤྲོད་མདོར་བསྡུས།
Next Post: ཨ་རིར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་ ༦ པ།

Comments (27) on “བསོད་རྒྱལ་རིན་པོ་ཆེའི་སྐོར་ནས་བསམ་ཆ་སྲིད་པའི་མེ་ལོང་།”

  1. གཡུ་ཐོག་རྒྱལ་པོ། says:
    2017-08-15 at 10:05 am

    ད་འདྲ་ཆགས་པོ་ཤོད་རྒྱུའི་དུས་ཚོད་རྫོགས་པ་རེད། སྤྱོད་ངན་ངོ་སོར་འཁྱེར་རྒྱུ་དེ་ལུག་པ་གྱོན་པའི་སྤྱང་ཀི་སྐྱོབས་རང་རེད་མ་གཏོགས། དགེ་མཚན་ཆེ་བ་ཞིག་མཐོང་གི་མེད། ལྷག་པར་དུ། xxགིས་མནར་གཅོད་གཏོང་སའི་མི་དེ་ཚོའི་ཞུ་སྙན་དེ་ཚོ་གཅིག་ཀློགས་དང་། ཅི་འདྲ་འདུག ཨ་ཁ། རྣམ་པ་མི་འདྲ་བའི་འཇིགས་སྐུལ་རིང་ལུགས་རང་རེད་འདུག་ཀ ལུས་ལ་མནར་གཅོད་བཏང་འདུག་ལ། སེམས་ཁམས་ལ་མནར་གཅོད་བཏང་འདུག མཁྲེགས་པའི་བདེ་བར་རོལ་བ་མ་ཟད། དམར་འཇེན་དུ་དཔར་རྒྱག་ཏུ་བཅུགས་པ་དང་། སློབ་མ་རྣམས་རང་ཉིད་ཀྱི་མདུན་དུ་རྒྱ་རྒྱག་ཏུ་བཅུགས་པ་སོགས་མདོར་ན། ཀླ་ཀློས་བྱ་རྒྱུའི་ལས་ངན་རེད་མ་གཏོགས་རིན་པོ་ཆེ་ཞིག་གི་བྱ་རྒྱུའི་ལས་ཀ་རྩ་བ་ནས་མ་རེད། དེ་བཞིན་དུ། སློབ་མ་ཚོས་སྤྲད་པའི་ཞལ་འདེབས་དེ་རང་ཉིད་ཀྱི་རྒྱས་སྤྲོས་ཆེ་བའི་འཚོ་ཐབས་སུ་སྤྱད་པ་སོགས། གང་ལ་གཞིགས་ཀྱང་། xxདེ་རྫབ་དོང་ན་སྐྱུར་རྒྱུ་ཞིག་མ་གཏོགས་ཅང་རེད་མི་འདུག གསུང་འབུམ་ཁྲི་མ་འབུམ་བྲིས་ཀྱང་། བྱ་ངན་དེ་རིགས་སྤེལ་ཚེ་བཙོན་ཁང་བླུགས་རྒྱུ་ལས་ཅང་ལྷག་མི་འདུག
    གང་ལྟར། རིག་པའི་སློབ་མ་ཚོས་ཟབ་ནན་བྱེད་དགོས་པ་ནི། རིག་པའི་ཆོས་ཚོགས་སམ་བཤུ་ཞོག་ཚོགས་པ་དེའི་ནང་ད་དུང་xxགི་ཤུགས་རྐྱེན་ཡོད་མིན་བལྟས་ཏེ། ཁོའི་ཤུགས་རྐྱེན་ཡོད་ན། རྩ་ནས་མེད་པར་བཟོ་དགོས་པ་རེད། ད་དུང་སུད་སིའི་ནང་རྫབ་དོང་ནང་སྐྱུར་དགོས་པའི་སྤྱང་ཀི་གཅིག་ཡོད། ཁོ་རྫ་ཆུ་ཁ་ནས་ཡིན་པ་ཡོད། ཁོས་ཀྱང་ཆོས་ཚོགས་ནང་རང་ཉིད་ཀྱི་སློབ་མ་ཞིག་ལ་རོ་རྒྱོ་བརྒྱབ་ནས་སྙོག་ཁྲ་བཟོས་པ་སོགས་མདོར་ན། xxདེ་ཚོའི་རིགས་དེ་རྩ་མེད་བཟོས་ན་དགའ་བསུ་ཡོད་ཏོ།

  2. རྟ་བདུན་དབང་བོ says:
    2017-08-15 at 11:05 am

    བསོད་རྒྱལ་རིན་པོ་ཆེར་ཁོང་གི་སློབ་བུ་འགས་སྐྱོན་བརྗོད་ཚད་མེད་བྱས་པ་དེ་བདེན་པ་མ་རེད་སྙམ། རྒྱུ་མཚན་ནི་ཡོ་རོབ་དང་ནུབ་ཕྱོགས་སོགས་ན་ཕ་མས་རང་གི་ཕྲུག་གུ་ལ་གཅར་བརྡུང་བྱས་ན་ཁྲིམས་ཁང་ལ་འགྲོ་དགོས་པ་རེད། ལྷག་པར་དུ་བསོད་རྒྱལ་རིན་པོ་ཆེས་སློབ་བུ་འགར་གཅར་བརྡུང་བྱས་ཏེ་ལུས་ལ་རྨའང་བཟོས་ཡོད་ན་ཁྲིམས་ཁང་ལ་འགྲོ་དགོས་རྒྱུ་སྨོས་མེད་རེད། གལ་ཏེ་བདེན་པ་ཡིན་ན་ཅི་ཕྱིར་ཁྲིམས་ཁང་དུ་མ་བསྐྱལ། ནུབ་ཕྱོགས་ཡུལ་ན་བྱ་བ་ཚུང་ཚག་རེའང་ཁྲིམས་ཁང་ལ་གཏུག་གི་ཡོད། འདི་འདྲའི་བྱ་བ་རྫབ་ཆེན་ཞིག་ཁྲིམས་ཁང་ལ་མི་གཏུགས་པའི་རྒྱུ་མཚན་ཅི་ཡིན། །

  3. གཡུ་ཐོག་རྒྱལ་པོ། says:
    2017-08-15 at 2:24 pm

    ད་ག་རེད། ད་ལྟ་གོམ་པ་དེའི་ཕྱོགས་སུ་སྤོ་ཐོག་ཁ་པོ་རེད། མདོར་ན། རྨོངས་དད་བསྐྲུན་ནས་དབང་བསྒྱུར་བྱེད་པའི་ཐབས་ལམ་དེ་སྤྱད་པ་འདྲ། གལ་སྲིད་ངའི་ཁ་ལ་མ་ཉན་ན། ཁྱེད་རང་དང་ནང་མི་ཚོར་རྐྱེན་ངན་ཡོང་གི་ཟེར་བ་སོགས། མདོར་ན། ད་ལྟའི་ཆར་xxརིན་པོ་ཆེ། སྒོམ་སྒྲུབ་བྱེད་ས་དེ་གཟིམ་ཆུང་ཡིན་དང་རི་ཁྲོད་ཡིན་ག་ལེར་གསལ་ཡོང་གི་རེད་ཏ། གལ་ཏེ། ད་དུང་སྤྱང་ཀི་དེ་རིགས་འགའ་ཤས་ཡོད་པ་རེད། དེ་ཚོ་ཡང་ད་སྐྲག་ནས་བསྡད་ཡོད་ཀྱི་རེད

  4. འབྲོང་བུ་སོག་ཚ། says:
    2017-08-15 at 6:27 pm

    དེ་འདྲ་སྐུར་འདེབས་མ་བྱེད་མྱལ་བ་མནར་མེད་ནང་ལྷུང་ཡོང་ད། བོད་པའི་ཁ་དཔེར། བླ་མ་དང་སྤྲུལ་སྐུས་བྱས་ན་མཛད་པ། གྲྭ་པ་ལོག་ན་ཞབས་འདྲེན་དང་བསྟན་བཤིག་ཟེར་བའི་སྲོལ་རྒྱུན་གྱི་སྐད་ངན་དེ་ཡི་འབྲས་བུ་རེད། ད་དུང་ཡོང་དང་ཡོང་བཞིན་པ་རེད།

  5. གཡུ་ཐོག་རྒྱལ་པོ། says:
    2017-08-15 at 9:36 pm

    མནར་གཅོད་པ་གཅིག་ལ་སྐྱོན་བརྗོད་བྱས་པ་དེས་དམྱལ་བའི་ནང་ལྷུང་གི་ཡོད་ན། རྒྱུ་འབྲས་ཟེར་བ་དེ་ཕྲུག་གུའི་རྩེད་མོ་རང་རེད། ང་ཚོའི་སྤྱི་ཚོགས་ནང་བླུན་རྨིོངས་ཁྱོད་འདྲ་ཡོད་པའི་རྐྱེན་གྱིས། ལུག་ལྤགས་གྱོན་པའི་སྤྱང་ཀི་དེ་ཚོས་ཁྲི་སྟེང་ལ་བསྡད་ནས་སྐྱག་པ་གཏོང་གི་འདུག་ཀ ཉེ་སྔོན་བོད་ཁམས་ནང་བོད་མིར་ཆུ་ཚ་མོ་བླུགས་ནས་ཚ་བསྲེགས་གཏོང་གི་འདུག་ལ། ལུས་པོའི་སྟེང་རྡོག་རྫིས་གཏོང་གི་འདུག་ཀ དེ་ཚོ་ཚང་མ་ཀླ་ཀློའི་བྱེད་སྟངས་རེད་མ་གཏོགས། སངས་རྒྱས་་ཀྱི་གསུང་རེད་པས།

  6. ལ་དྭགས་འཇམ་དཔལ།། says:
    2017-08-15 at 9:43 pm

    ལུས་ཅན་དག་གིས་ལས་རྣམས་ནི།
    བསྐལ་པ་བརྒྱར་ཡང་ཆུད་མི་ཟ།
    ཚོགས་ཤིང་དུས་ལ་བབས་པ་ན།
    འབྲས་བུ་ཉིད་དུ་སྨིན་པར་འགྱུར།།
    ་
    ཞེས་གསུངས་པ་ལྟར། རང་རེ་སྐྱེ་བོ་ཐ་མལ་པ་ལ་ལྟ་ཅི། བཅོམ་ལྡན་འདས་དང་དགེ་འདུན་བྲལ་ཏེ། དབྱེན་བྱུང་བ་ནི། བཅོམ་ལྡན་འདས་སྐྱེ་བོ་ཐ་མལ་པའི་དུས་སུ་ལས་ངན་བྱས་པའི་འབྲས་བུར་གསུངས་སོ།
    མདོ་སྡེ་ལས་བརྒྱ་པར་གཟིགས་པར་འཚལ།

  7. དགེ་བསྟན། says:
    2017-08-15 at 9:51 pm

    དེ་སྔ་བོད་ཀྱི་ལུང་ཁུག་གི་མི་རྣམས་བླ་མས་ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཅན་ཡིན་པས། བླ་མ་འགའ་རེས་གོ་སྐབས་དེ་བཟུང་ནས་གཞོན་ནུ་མ་འགའ་རེར་དབང་གནང་། ལུང་ཕོག་སྟེ། དམ་ཚིག་བསྲུང་དགོས་པ་དང་། མ་བསྲུངས་ན་རྡོ་རྗེའི་དམྱལ་བར་འགྲོའོ་ཞེས་པ་ལ་སོགས་པའི་སྒོ་ནས་ཞེད་སྣང་བསླངས། དུས་ཀྱི་དབང་གིས་དེ་ལ་ལམ་འགྲོ་རྒྱུགས།
    དེང་སང་དེ་འདྲ་མ་ཡིན་ལ། ལྷག་ཏུ་ནུབ་ཕྱོགས་པ་རྣམས་རང་མཐོང་ཆེ་བས་བླ་མ་དེ་རིགས་ཀྱི་ཐབས་བྱུས་ལ་ལམ་ལྷོངས་མ་བྱུང་བའི་གནས་ཚུལ་མང་དུ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད། ཐར་ལམ་དུ་རློམ་པའི་ཆགས་སྤྱོད་ལ་ངེས་པར་གཟབ་གཟབ་གཟཟབབབབབབ་་་་་་་་

  8. རྟ་བདུན་དབང་བོ says:
    2017-08-15 at 10:57 pm

    བསོད་རྒྱལ་རིན་པོ་ཆེ་བཟང་རུང་ངན་རུང་བོད་པ་ཚོར་ཕན་ཐོག་མེད་ནའང་གནོད་བསྐྱལ་ཡོད་ཀྱི་མ་རེད། ནུབ་ཕྱོགས་ཡུལ་ན་ཕྱུག་པོ་ཚོར་ནམ་ཡིན་ཀྱང་རྙོག་དྲ་བཟོ་ནི་རེད། དེ་ནི་དཔལ་འབྱོར་གྱི་ཆེད་ཁོ་ན་ཡིན་པ་ལས་གཞན་ཅང་མ་རེད། སྔོན་ཆད་ཀྱང་བསོད་རྒྱལ་རིན་པོ་ཆེར་འཁྲིགས་སྤྱོད་ཀྱི་རྙོག་དྲ་ཞིག་ཡོང་བ་རེད། འོན་ཀྱང་དེ་ནི་དཔལ་འབྱོར་གྱི་ཆེད་ཁོ་ན་རེད། བོད་པ་ཚོས་བསོད་རྒྱལ་རིན་པོ་ཆེར་རྒྱབ་སྐྱོར་མི་བྱེད་ནའང་སྐུར་འདེབས་མ་བྱས་ན་བཟང་བར་སྙམ། ཅི་ཡིན་ཟེར་ན་བོད་ལ་དྲིན་ཆེན་རེད། ངས་ནི་བསོད་རྒྱལ་རིན་ཆེ་ལ་སྐྱོན་ཆ་དེ་དག་མེད་ཟེར་བ་མིན། ཁོང་ཡང་ང་རང་ཚོ་དང་འདྲ་བར་འགྲོ་བ་མི་ཞིག་ཡིན་སྟབས་སྐྱོན་ཆ་ཡོད་སྲིད་པ་རེད། །

  9. སྐལ་བཟང says:
    2017-08-15 at 11:47 pm

    ག་རེ་གསུང་གི་ཡོད།

  10. ཀརྡོ་རབ་འབྱམས་པ་ says:
    2017-08-16 at 7:19 am

    ་་་་་་་་ སྔོན་ཆད་ཀྱང་བསོད་རྒྱལ་རིན་པོ་ཆེར་འཁྲིགས་སྤྱོད་ཀྱི་རྙོག་དྲ་ཞིག་ཡོང་བ་རེད། འོན་ཀྱང་དེ་ནི་དཔལ་འབྱོར་གྱི་ཆེད་ཁོ་ན་རེད། བོད་པ་ཚོས་བསོད་རྒྱལ་རིན་པོ་ཆེར་རྒྱབ་སྐྱོར་མི་བྱེད་ནའང་སྐུར་འདེབས་མ་བྱས་ན་བཟང་བར་སྙམ། ་་་་་་་ ཟེར་བ་འདི་ལ་ང་ཡང་རྒྱབ་སྐྱོར་ཡོད་དོ།།

  11. ཀརྡོ་རབ་འབྱམས་པ་ says:
    2017-08-16 at 10:04 am

    མགོ་སེར་སྤྲེའུའི་རིགས་ལ་དྭོགས་ཟོན་གྱིས། །ཞེས་པའི་བསླབ་བྱ་དེ་ཡང་དྲན་གསོ་བྱེད་དགོས་འདུག

  12. ཨ་ཁུ་འབྲོག་པ། says:
    2017-08-16 at 1:33 pm

    གང་དུ་ཆོས་དར་སར་དེ་རུ་བར་ཆད་མང་བའི་དཔེ་ལྟར། བསོད་རྒྱལ་རིན་པོ་ཆེར་སྔོན་ལས་བཙན་པོས་བསྐུར་འདེབས་ལ་གདོང་ལེན་གནང་དགོས་ཡོད་པ་ཡིན་ནམ། ཡང་ན་དེ་སྔ་བོད་དུ་ཨ་ཙར་དམར་པོའི་ཆོས་ལོག་ཅེས་དགག་ཆ་ཆེ་བ་དེ་དར་རྒྱས་སུ་འགྲོ་ཡི་ཡོད་པ་ཇི་ཡིན་ཆ་མ་རྟོགས། བླ་བཟོ་སྔགས་བཟོ་བཙུན་བཟོ་སྟུ་དགའ་དངུལ་དགའ་འདི་ཚོས་རྒྱབ་སྐྱོར་སྟངས་ལ་བལྟས་ན་ཐེ་ཚོམ་ཡང་སྐྱེ། ཨ་ཀྱང་ཀུ་རེ་ཞུས་པ་ལས་རྒྱུ་མཚན་ཁུངས་ལུང་ཞུ་རྒྱུ་མེད། སྐྱེས་བུ་དམ་པའི་མཛད་པར་ཞུ་ཚོད་ཅི་ལ་འཐིངས། གཅིག་བྱས་ན་དངུལ་དགའ་མཇེ་དགའི་ཕྱི་མོ་དེ་ཚོས་རང་འདོད་མི་འགྲུབ་པས་གནས་དུས་ཚོད་རྩིས་ཀྱིས་དམའ་འབེབས་བྱེད་ཀྱི་ཡོད་ཡང་སྲིད།

  13. ཨོ་རྒྱན་ཉི་མ། says:
    2017-08-17 at 4:33 am

    བོད་པ་ཚོས་རྒྱབ་སྐྱོར་བྱེད་དགོས་སར་ཐུག་དུས་བྱེད་ལེ་མ་རེད།

  14. ཨོ་རྒྱན་ཉི་མ། says:
    2017-08-17 at 4:34 am

    སྒོར་མོ་དང་། རོགས་པ་དགོད་དུས་ལྕེ་མ་ལེ་ལ་དཔྱང་བཞིན་འཛུམ་དམུ་ལེ་ཡོང་གི་རེད།

  15. ངག་དབང says:
    2017-08-17 at 5:56 am

    བླ་ངན་འདི་འདྲ་ལ་རྒྱབ་སྐྱོར་ཨེ

  16. བཀྲ་ཤིས་བདེ་ལེགས། says:
    2017-08-17 at 9:36 pm

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བསོད་རྒྱལ་རིན་པོ་ཆེ་ལ་ནོར་འཁྲུལ་དམིགས་བསལ་ཅི་གང་ཡོད་མ་རེད།
    རིག་པ་ཆོས་ཚོགས་ཀྱི་དབང་ཆ་རྩོད་མཁན་འགའ་ཞིག་གིས་ཁོང་གི་དབང་ཐང་ལ་ངོ་རྒོལ་བྱས་པ་ཙམ་རེད།
    ངོ་རྒོལ་བ་འདི་ཚོས་གོང་ས་མཆོག་ལའང་ངན་གཡོ་འཁྲབ་ཏེ་བོད་པ་ནང་འཁྲུགས་ལྷོང་གི་ཡོད་པར་ཤེས་དགོས།
    དེར་བརྟེན་ཁྱོད་ཚོས་གཞན་ལ་མི་འདོད་པའི་གནས་ཚུལ་བྱུང་བ་གོ་དུས་དེ་ཙམ་དགའ་བ་སྒོམ་ན་གཞན་གྱི་སྡུག་བསྔལ་རང་གི་བདེ་བ་སྒོམ་པའི་རྟེན་འབྲེལ་གྱིས་མ་འོངས་པར་ཁྱོད་ལའང་མ་ཉེས་ཁ་གཡོག་འདི་ལྟ་བུ་འབྱུང་ངེས་པས་གཟབ་འཚལ།

    ཁྱོད་ཚོས་བསམ་བློ་ཞིབ་མོས་བརྟགས་དཔྱད་ལེགས་པར་གྱིས་དང་།
    གལ་ཏེ་ཁོ་ཚོ་ལ་ཁྲིམས་ཀྱི་བདེན་དཔུང་ཡོད་ན་སོ་སོའི་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུགས་དགོས་པ་ལས་ཉེས་མེད་ཉེས་འཛུགས་ཀྱི་མི་ཁ་གང་སར་བཀྲམ་པ་ཙམ་གྱིས་བསོད་རྒྱལ་རིན་པོ་ཆེ་སྐུ་སྒེར་ལ་ཅི་གང་གནོད་ཐུབ་གི་མ་རེད།

    འོན་ཀྱང་ཁོང་ལྟ་བུ་འཛམ་གླིང་ལ་སྐད་གྲགས་ཆེན་པོ་ཡོད་པའི་བོད་ཀྱི་བླ་མ་བྱམས་བརྩེ་ཅན་གཞི་བྱེས་བོད་མི་སྟོང་ཕྲག་མང་པོ་ལ་ཤེས་རིག་དང་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱོར་མཁན་ཞིག་ལ་ངན་དམོད་ཚབས་ཆེན་བཅུག་ན། བོད་རིགས་དང་བོད་ཀྱི་ནང་ཆོས་ལ་མཐོང་ཚུལ་ངན་ཡོང་བ་ནི་སྨོས་མི་དགོས་པས། ང་ཚོས་སྐབས་ཚོལ་བ་འདི་དག་གི་ཀུན་སློང་དང་རྒྱབ་ལྗོངས་གསལ་བོ་མ་ཤེས་བར་ཁུངས་མེད་པའི་སྐད་ཆ་གང་བྱུང་བཤད་ན་རང་སྡུག་རང་གིས་ཉོ་བཞིན་ཡོད་པ་ཤེས་དགོས་པ་ཞིག་རེད།

    དེ་བས་ཐམས་ཅད་ཀྱིས་གསོལ་འདེབས་སྨོན་ལམ་ཡག་པོ་རེ་བྱས་ན། བོད་ཀྱི་བསྟན་འགྲོ་སྤྱི་ལ་ཕན་པ་དང་ཁྱད་པར་བདེན་བརྫུན་དབྱེ་འབྱེད་གསལ་བོ་ཡོང་བ་ལ་ཕན་ཐོག་ངེས་པས་དེ་ལུགས་ཞུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  17. ཨ་ཁུ་འབྲོག་པ། says:
    2017-08-18 at 1:50 pm

    བཀྲ་ཤིས་བདེ་ལགས། སྐད་ཆ་གང་བྱུང་ཤོད་འགོ་འཛུགས་མཁན་ཨེ་མ་ཧོ་ཟེར་བའི་ཕུང་གསུམ་པ་དེ་དང་། རྙོག་དྲའི་སྒམ་ཆུང་སྒོ་འབྱེད་མཁན་འདོད་ཆགས་ཀྱི་མེ་འབར་བཞིན་ཡོད་ཟེར་མཁན་ཨོ་རྒྱན་ཉི་མ་གཉིས་རེད།

  18. ཨོ་རྒྱན་ཉི་མ། says:
    2017-08-18 at 4:11 pm

    ནུབ་ཕྱོགས་ཀྱི་ཆོས་ཚོགས་ཁག་གི་བླ་རྒན་ཚོ་མགོ་བརྡུང་སྤྲོད་བྱེད་ཐུན་མོང་མ་ཡིན་པ་དེ་རྒྱ་བལ་བོད་འབྲུག་སོགས་སུ་ཡོད་པའི་བླ་ཆེན་ཚོ་རེད། ཆོས་ཚོགས་ཀྱི་མགོ་དཔོན་མཁན་དགེ་བླ་སྤྲུལ་ཚོས་ཅུང་ཟད་མ་འགྲིགས་པའམ། རང་གི་མངོན་འདོད་མ་སྒྲུབ་དུས་རྒྱ་གར་སོགས་སུ་རྒྱུགས་ཏེ་བླ་ཆེན་ཚོ་འགུག་ཐབས་བྱེད་རྒྱུ་དེ་རེད། དེ་ཕྱིར་བླ་ཆེན་ཚོས་མ་གཟབ་ན་དོན་དང་མཐུན་མིན་མང་པོ་འདུག དངོས་གནས་བསྟན་པ་ལ་ཕན་ཐོགས་ཡོད་ན་ལོས་གསུང་། གསུང་དགོས་རེད། ཡིན་ན་གསུང་དགོས་ས་དེ་ལ་མི་གསུང་། མི་དགོས་ས་ཞིག་ལ་གསུང་བསྡད་པ་འདྲ་བོ་མཐོང་སོང་།

  19. ཨོ་རྒྱན་ཉི་མ། says:
    2017-08-18 at 4:14 pm

    མཁན་ཆེན་བླ་མ་ཟེར་བ་འདི་ཕུང་གསུམ་པ་ཡིན་མིན་གང་ཡང་ཤེས་མ་སོང་། འདྲ་མིན་སྣ་ཚོགས་འཁྲབ་དགོས་མཁན་ཞིག་ནི་རེད། ང་འདོད་ཆགས་ཆེན་པོ་ཡིན་པ་བདེན་པ་རེད། ཧཧཧཧཧཧཧ

  20. འབྲུག says:
    2017-08-18 at 4:23 pm

    མདོར་ན་གསར་རྙིང་རིས་མེད་ཀྱི་བསྟན་པ་རྒྱས་དགོས་ལེ་རེད། བསྟན་འཛིན་སྐུ་ཚེ་བརྟན་དགོས་ལེ་རེད།

  21. ཀརྡོ་རབ་འབྱམས་པ་ says:
    2017-08-26 at 2:59 am

    བོད་ནང་གི་མིང་ཡོད་མཁན་ཚོས། བོད་དོན་བྱེད་མི་དགོས་ན། རྙིང་འབྱོར་དང་། གསར་འབྱོར་བ་ཚོས། བོད་དོན་ཁྲབ་དགོས་དོན་གང་ཡིན་ནམ། ལགས།། །།

  22. གངས་སྲས་ says:
    2017-08-26 at 10:07 am

    ཧ་ཧ་ཧ་ད་ཡིན་ན་འདུག་འོ

  23. ཟུར་གནས་ says:
    2017-08-26 at 10:07 pm

    ཨུ་རྒྱན་ཉི་མ་གཅིག་བྱས། དོལ་རྒྱལ་ཚོགས་པ་གཉིས་བྱས། འཐབ་ཕྱོགས་གཅིག་འགྱུར་གསུམ་བཅས། བོད་འབངས་སྡུག་ལ་སྦྱར་བའི་རྒྱུ།

  24. རིག་ལྡན། says:
    2017-09-01 at 1:05 am

    བོད་ཕྲུག་གཅིག་འདི་ན་བསམ་ཚུལ་ཞིག་སྤེལ་འདུག ལྟ་རིན་ཡོད་པ་ཞིག་འདུག https://yarlungwarrior.wordpress.com/2017/08/31/abuse-is-abuse-we-live-in-the-world-of-conventional-reality/་

  25. རིག་ལྡན། says:
    2017-09-01 at 1:06 am

    བོད་ཕྲུག་གཅིག་འདི་ན་བསམ་ཚུལ་ཞིག་སྤེལ་འདུག ལྟ་རིན་ཡོད་པ་ཞིག་འདུག https://yarlungwarrior.wordpress.com/2017/08/31/abuse-is-abuse-we-live-in-the-world-of-conventional-reality/

  26. གངས་སྲས་ says:
    2017-09-01 at 9:33 am

    ཀརྡོ་རབ་བྱམས་པས་བཤད་ནོ་བདེན་ཀུ་མོ
    སྤྱིར་རང་གཚུགས་མ་ཟིན་ན་སྨྱོ་རྟགས་དེ་འདྲ་ཡོང་ནི་རེད་མོ།  ད་ཚང་མ་ཚར་སོང་ནི་རེད

  27. རྡོ་རྒོད says:
    2017-12-04 at 1:20 pm

    བསོད་རྒྱལ་གྱི་སྐྱོན་ཡོན་འཛམ་གླིང་ནང་ཐེར་འདོན་གྱིས་གསལ་བསྒྲགས་གནང་དགོས་ན་རྩེ་རྣམ་རྒྱལ་གྱི་གྲ་རྫུན་ཏ་ལའི་བླ་མའི་ཐེབ་རྩའི་དྲུང་ཆེ་བླ་མ་བསྟན་འཛིན་དོན་ལྡན་གྱི་སྙོག་གླེང་སྐོར་ཕོ་བྲང་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་དངོས་འབྲེལ་རེད། ཐེབ་རྩ་འདིའི་ཆེད་དུ་ཌོ་ལར་འབུམ་ཕྲག་མང་པོ་བསྡུ་བསོགས་དང་བགོ་འགྲེམ་གནང་གི་ཡོད་རེད་དེ་ཐེབ་རྩའི་དྲུང་ཆེས་བྱེད་སྟང་འདི་བསོད་རྒྱལ་རྟེན་ཁྱིམ་པ་ཞིག་གིས་བྱ་སྤྱོད་ལས་ཧ་ཅང་གི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་བལྟས་ན་རྫབ་ཆེ་ཞིང་རྒྱལ་བའི་མཚན་ལ་གནོད་པ་གདོནམི་་ཟ། བསོད་རྒྱལ་གཅིག་པུ་་གླེང་ཆེས་དྲག་ན་འདི་ཆོས་བརྒྱུད་དང་འབྲེལ་བའི་ཕྱོགས་རིས་དང་ཕྲག་དོག་གི་གཏམ་མིན་ནམ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme