Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་གྲྭར་སྟབས་བདེའི་ཟ་ཁང་གི་འདུ་ཤེས་འཛིན་མི་རུང་། 

Posted on 2017-08-082017-08-08 By ཁ་བརྡ་ 1 Comment on སློབ་གྲྭར་སྟབས་བདེའི་ཟ་ཁང་གི་འདུ་ཤེས་འཛིན་མི་རུང་། 

རོང་བོ་ཀླུ་རྒྱལ་གྱིས་བསྒྱུར།
 
༢༠༠༦ ལོར་ཀྲེ་སྒྲི་(TED)གཏམ་བཤད་སྟེང་ངས་བྱིས་པའི་རང་བྱུང་གི་གསར་གཏོད་ནུས་པ་དང་རྟོག་འཆར་གཉིས་ཡར་རྒྱས་གཏོང་སྟངས་སྐོར་ལ་སྐད་ཆ་བཤད་པ་ཡིན། ༢༠༡༠ ལོར་ཕྱིར་ཀྲེ་སྒྲིའི་སྟེང་ངས་གཙོ་བོ་དེ། རྨང་གཞིའི་སློབ་གསོའི་ལམ་ལུགས་དེ་རྩ་བ་ནས་འགྱུར་བ་ཞིག་གཏོང་དགོས་ཀྱིན་ཡོད་པ་དེ་བཤད་འདོད་བྱུང་། སློབ་གསོའི་ལམ་ལུགས་གསར་བཅོས་བྱེད་རྒྱུ་དེ་ནི། ང་ཚོའི་དུས་རབས་ཀྱི་དཀའ་ངལ་ཆེ་ཤོས་གྲས་ཤིག་ཡིན་པ་ང་ཚོ་ཚང་མས་མིག་མཐོང་ལག་ཟིན་རེད།

ངའི་ལྟ་ཚུལ་ལྟར་ན། སློབ་གསོའི་ལམ་ལུགས་དེ་ལེགས་འགྱུར་བཏང་བ་ཙམ་གྱིས་འདང་གིན་མེད། མིག་སྔར་དུ་ཡོད་པའི་སློབ་གསོའི་ལམ་ལུགས་འདི་ནི་དུས་རབས ༡༩པའི་ནང་བཟོ་ལས་ཐོན་སྐྱེད་ཀྱི་ཚད་གཞིའི་སྒྲོམ་གཞི་གཅིག་པོ་ལ་གཞིར་བཅོལ་ཏེ་སྒྲུབ་པའི་སློབ་གསོའི་ལམ་ལུགས་ཤིག་རེད། འོན་ཀྱང་། ང་ཚོ་ལ་དགོས་པའི་སློབ་གསོའི་ལམ་ལུགས་ནི། དུས་རབས ༢༡ ནང་འཕེལ་རྒྱས་བརྒྱུད་རིམ་སྣ་ཚོགས་ལ་གཞིར་བཅོལ་ཏེ་སྒྲུབ་པའི་སློབ་གསོའི་ལམ་ལུགས་ཤིག་གོ།

སྔར་ཡོད་ཀྱི་སློབ་གསོའི་ལམ་ལུགས་འདི་ནི། བཟོ་ལས་ཐོན་སྐྱེད་ཀྱི་སྒྲོམ་གཞིའི་ཚད་གཞི་དང་། ཀུན་མཐུན། ཚད་གཞི་གཅིག་གྱུར་སོགས་ལ་གཞིར་བཅོལ་ཏེ་གཏན་འབེབས་བྱས་པ་ཞིག་རེད་ལ། སློབ་གསོའི་ལམ་ལུགས་འདིའི་ཞན་ཆས་སློབ་མ་མང་པོ་དང་དགེ་རྒན་གཅིག་མཚུངས་ཀྱིས་གྱོང་རྒུད་ཐེབས་ཡོད་པ་དེ་ཕྱོགས་ཡོངས་ནས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ། སློབ་གསོ་འདིའི་ཞན་ཆ་གཙོ་བ་དེ་ནི། སྤྱིར་མིའི་རིགས་འཕེལ་རྒྱས་ཀྱི་འགྲོ་ལུགས་དེ་ནི་ཆ་སྙོམས་རང་བཞིན་དང་ཚད་གཞི་གཅིག་གྱུར་རང་བཞིན་ལ་བརྟེན་ཏེ་འགྲོ་བཞིན་པ་ཞིག་གཏན་ནས་མིན་ལ། ཁོ་ནི་རང་བྱུང་གིས་རིམ་བཞིན་དང་འབྱོན་ནུས་སོགས་དལ་བུར་སྔོག་འདོན་བྱེད་དགོས་པ་ཞིག་དང་། ཚད་གཞི་གཅིག་པ་ལས་ལྡོག་སྟེ་སྣ་མང་ཅན་ཞིག་ཡིན་པར་མ་ཟད། མིའི་རིགས་ནི་ཐོན་རྫས་ལས་ལྡོག་སྟེ་རེ་བ་དང་། ཕུགས་བསམ། ཚོར་སྣང་། དམིགས་ཡུལ་བཅས་ཡོད་པ་ཞིག་ཀྱང་ཡིན་ནོ།།

སློབ་གསོ་ནི་གང་ཟག་སྒེར་ཞིག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་ཡིན། ན་གཞོན་རྣམས་ལ་སློབ་གསོ་ཇི་འདྲ་ཞིག་དང་ཇི་ལྟར་སྤྲོད་སྟངས་དེའང་ན་གཞོན་སོ་སོའི་ནུས་ཚད་དང་། དྲན་འཆར། རྣམ་དཔྱོད། སློབ་སྦྱོང་བྱེད་ཕྱོགས་སོགས་ལ་ངེས་པར་དུ་བསྟུན་དགོས་ཀྱི་ཡོད། ད་ལྟའི་སློབ་གསོའི་ལམ་ལུགས་འདི་ངས་བཟའ་འཐུང་ལས་རིགས་ཀྱི་ནང་གི་སྟབས་བདེའི་ཟ་མའི་ཟ་ཁང་ལ་དཔེར་འཇོག་ཅིག་བྱས་ཏེ་རྒྱས་བཤད་མདོར་བསྡུས་ཤིག་བྱས་ན། སྤྱིར་ཟ་ཁང་གི་བཟའ་བཏུང་གི་ཚོང་ལས་ཕྱོགས་ནས་ཟ་མའི་སྤུས་ཚད་འགན་ལེན་ཁག་ཐག་ཐད་ལ་བྱེད་ཐབས་གཙོ་བོ་གཉིས་ཡོད་དེ། གཅིག་ནི་ཚད་གཞི་གཅིག་གྱུར་བྱེད་རྒྱུ་དེ་ཡིན། དཔེར་ན། སྟབས་བདེའི་ཟ་མའི་ཟ་ཁང་གི་འགྲོ་སྟངས་ཏེ། གལ་སྲིད་ཁྱོད་ལ་སྟབས་བདེའི་ཟ་མའི་ཟ་ཁང་དགའ་ཤོས་ཤིག་ཡོད་ཚེ། ཁྱོད་རང་སྟབས་བདེའི་ཟ་མའི་ཟ་ཁང་དེའི་ཡན་ལག་ས་གནས་གང་དུ་སོང་རུང་། ཁྱོད་ཀྱིས་དེ་རུ་ཤའི་བག་ལེབ་དང་། ཞོག་ཁོག་སྲེག་མ། ཁུ་ནག ཟ་ཁང་ནང་གི་བཟོ་བཀོད། ཞབས་ཞུ་བའི་རྣམ་འགྱུར་སོགས་གཅིག་མཚུངས་ཐོབ་ཐུབ་ལ། སྟབས་བདེའི་ཟ་ཁང་འདིའི་རིགས་ཀྱི་མགོ་མཇུག་བར་གསུམ་གྱི་འགྲོ་སྟངས་ཚང་མ་ཚད་གཞི་གཅིག་གྱུར་ཡིན་པ་ཁག་ཐག་བྱེད་ཐུབ་ཀྱིན་ཡོད།

 
ཞོར་དུ་བཤད་རྒྱུ་ཞིག་ལ། སྟབས་བདེ་ཞིང་གོང་ཚད་ཆུང་བའི་མགྱོགས་ཟས་རིགས་ཀྱིས་ལོ་རྒྱུས་ཐོག་མིའི་ལུས་ཕུངས་ལ་གྱོང་གུད་དང་གནོད་སྐྱོན་ཆེ་ཤོས་ཏེ་གཅིན་པ་མངར་འགྱུར་གྱི་ནད་དང་ཚོ་ནད་ཀྱི་ནད་ཡམས་ཤིག་འབྱུང་བར་མཐུན་རྐྱེན་སྦྱོར་གྱིན་ཡོད་ནའང་། ཟ་མའི་སྤུས་ཚད་ཀྱི་ཐད་ནས་ཚད་གཞི་གཅིག་གྱུར་ཡིན་པ་ཁག་ཐག་བྱེད་ཐུབ་ཡོད།
ཟ་མའི་སྤུས་ཚད་འགན་ལེན་ཁག་ཐག་བྱེད་ཐབས་གཞན་དེ་ནི། སྐར་མ་རིམ་པའི་དཔྱད་བསྡུར་གཏན་འབེབས་ལ་གཞིར་བཞག་སྟེ་ཟ་ཁང་གི་ཚད་རིམ་ལ་གདེང་འཇོག་བྱེད་སྟངས་ཏེ་དཔེར་ན་མཱིས་ཆེས་ལཱིན་(Michelin)ལྟ་བུའོ།།

ཟ་ཁང་འདི་འདྲའི་རིགས་ཀྱིས་ཟ་ཁང་ནང་ཟ་མ་ཅི་ཞིག་བཙོང་རྒྱུ་དང་། ཟ་ཁང་གི་བཟོ་བཀོད་དང་མཛེས་རྒྱན་ཇི་ལྟར་སྒྲིག་སྟངས། མཐའ་ན་ཟ་ཁང་ནམ་ཚོད་ཅིག་ལ་སྒོ་ཕྱེ་རྒྱུའམ་ཡང་ན་སྒོ་རྒྱག་རྒྱུ་ཐད་ལ་སྒྲིག་གཞི་གཏན་འབེབས་སམ་ཡན་ན་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་མ་ཟད། ཕུལ་བྱུང་གི་ཚད་གཞིའམ་ཡང་ན་ཟ་ཁང་སོ་སོའི་ཁྱད་ཆོས་ངེས་ཅན་ཞིག་ཟ་ཁང་སོ་སོའི་ངོས་ནས་ངོས་འཛིན་བྱས་མཐར་རང་ཉིད་ཀྱི་བྱེད་ཐབས་ལ་བརྟེན་ཏེ་དམིགས་ཡུལ་སྒྲུབ་དགོས་ཀྱིན་ཡོད་ལ། ཟ་ཁང་གི་ཟ་མ་ཡིན་ནའང་ཧྥི་རན་སིའི་ཟ་མའམ། མཱའེ་ཁི་སིས་ཁོའི་ཟ་མ། རྒྱ་གར་གྱི་ཟ་མ། ཨ་རིའི་ཟ་མའང་ཡང་ན་ས་གནས་གང་གི་ཟ་མ་ཅི་ཞིག་ཡིན་རུང་ཆོག་པ་དང་། ཟ་ཁང་གི་ཞབས་ཞུ་དང་ཞབས་ཞུ་བ་སོགས་ཀྱང་ཟ་ཁང་སོ་སོའི་འགྲོ་སྟངས་ལྟར་རང་འདོད་ཡིན།

 
སྤྱིར་བཏང་གི་ཆ་ནས་བཤད་ན། ཟ་ཁང་འདིའི་རིགས་ནི་སྟབས་བདེའི་ཟ་མའི་ཟ་ཁང་ལས་ལེགས་པོ་ཡོད་པ་དང་ཞབས་ཞུའི་སྤུས་ཚད་ཀྱང་དེ་བས་མཐོ་བ་ཡོད། དེའི་རྒྱུ་མཚན་ནི་ཟ་ཁང་འདིའི་རིགས་ཀྱིས་ས་གནས་དེ་གའི་ཁྲོམ་རར་བསྟུན་ཡོད་པར་མ་ཟད། ས་གནས་དེ་གའི་མི་ལ་ཆེད་དམིགས་ཀྱིས་ས་གནས་དེ་གའི་ཁྱད་ཆོས་དང་ས་གནས་དེ་ཡི་ཡུལ་མིའི་ཁམས་དང་བསྟུན་ཡོད།

 
སློབ་གསོའི་བསྒྱུར་བཅོས་འཕེལ་རིམ་ཡང་དུས་རྒྱུན་སྟབས་བདེ་ཟ་མའི་ཟ་ཁང་གི་སྤུས་ཚད་ཁག་ཐག་བྱེད་ཕྱོགས་ཀྱི་འགྲོ་སྟངས་ཏེ་བཟོ་ལས་ཐོན་སྐྱེད་ཀྱི་སྒྲོམ་གཞིའི་ཚད་གཞི་དང་། ཀུན་མཐུན། ཚད་གཞི་གཅིག་གྱུར་སོགས་ལ་གཞིར་བཞག་བྱེད་ཀྱིན་འདུག་མོད། འོན་ཏེ། ང་ཚོ་དགོས་པའི་སློབ་གསོ་ནི་བཟོ་ལས་ཐོན་སྐྱེད་ཀྱི་སྒྲོམ་གཞིའི་ཚད་གཞི་དང་། ཀུན་མཐུན། ཚད་གཞི་གཅིག་གྱུར་བཅས་ཀྱི་གཏན་ཕབ་ཚད་གཞི་ལས་མཐོ་བ་དང་སྣ་མང་ཅན་ཞིག་ཏེ། བྱིས་པ་རེ་རེའི་སློབ་སྦྱོང་བྱེད་ཕྱོགས་ཀྱི་རང་གཤིས་དང་དགའ་ཕྱོགས་ལ་གཞིར་བཞག་ནས་སློབ་གྲྭ་རེ་རེ་ལ་ཡོད་པའི་ངེས་སྲོལ་དང་ས་གནས་དེ་གའི་རིག་གཞུང་ལ་མཐུན་པར་བྱས་ཏེ་ས་གནས་དེ་གའི་དགོས་མཁོ་སྐོང་བ་ཡོང་དགོས་ཀྱི་འདུག  འདི་འདྲའི་སློབ་གསོའི་ལམ་ལུགས་ཤིག་ནི་རིག་པའི་གཞུང་ལུགས་ཞིག་ག་ལ་ཡིན།

ས་གནས་ཁག་མང་པོ་ཞིག་གི་སློབ་གྲྭ་ཚོས་སློབ་གསོའི་ལམ་ལུགས་འདི་ལག་བསྟར་བྱས་ཏེ་སྔར་ཡོད་སློབ་གསོའི་རྨང་གཞི་ལ་གསར་བཅོས་བྱས་ཡོད། འོན་ཀྱང་། གདོང་ལེན་བྱེད་ས་ནི་སློབ་གསོའི་ལམ་ལུགས་ངེས་ཅན་ཞིག་གམ་ཡང་ན་སློབ་གསོའི་སྒྲོམ་གཞི་ངེས་ཅན་ཞིག་སྔོག་འདོན་བྱེད་རྒྱུ་གཅིག་པོ་མིན་པར། དགེ་རྒན་དང་། སློབ་མ། ཕ་མ། སློབ་གྲྭའི་འགོ་འཛིན་རྣམས་ཀྱིས་རང་གི་སྡེ་ཁུལ་དུ་འཕྲད་པའི་སྒྲོམ་གཞི་དང་ལམ་ལུགས་དེ་ལས་བྱུང་བའི་དཀའ་ངལ་དག་སློབ་གསོའི་ཁྱབ་ཁོངས་ཁྲོད་ནས་ཁྱབ་སྤེལ་བཏང་སྟེ་སྒྲོམ་གཞི་དེ་སྔར་ལས་ཇེ་ལེགས་དང་ཡར་རྒྱས་སུ་གཏོང་རྒྱུ་དེ་ཡིན་ནོ།།

 
ཚད་གཞི་གཅིག་གྱུར་གྱི་སློབ་གསོའི་ལམ་ལུགས་ཀྱིས་སློབ་གསོའི་ཚད་གཞི་འཕེམ་རིམ་དམའ་ཤོས་དེ་ལ་རོགས་རམ་བྱེད་ཀྱིན་ཡོད། གལ་ཏེ་སློབ་གསོའི་མཐུན་རྐྱེན་དེ་ལེགས་འགྲུབ་ཡོང་ཐུབ་པའི་མཐུན་རྐྱེན་ཡང་དག་པ་ཞིག་ཡིན་ཚེ། མིའི་རེ་འདུན་དང་ཕུགས་བསམ་ཡང་རང་བཞིན་གྱིས་སྔར་ལས་ཆེ་རུ་འགྲོ་ལ། ན་གཞོན་ཚོའི་རང་ནུས་དང་དགའ་ཕྱོགས་སོགས་ལ་མཐུན་རྐྱེན་གསར་བསྐྲུན་བྱེད་རྒྱུ་དེ་ནི་བྱིས་པའི་སློབ་གསོའི་གནད་འགག་ཡིན་པར་མ་ཟད། བྱིས་པའི་སློབ་གསོ་ནི་ང་ཚོའི་འགྱུར་ལྡོག་ཡོད་ཚད་ཀྱི་འགག་རྩ་ངོ་མ་དེའང་ཡིན་ནོ།།

འགྱུར་རྩོམ།

Post navigation

Previous Post: རྨེ་རུ་ཡུལ་ལྷ་ཐར་གྱི་རྩོམ་ཐུང་གསར་བ་ཁག་བཞི།
Next Post: སེ་ཁྱུང་དབྲ་རིགས་གཉེན་ཚོགས་ལ་ཕུལ་བའི་སྤྲིངས་ཡིག་པདྨ་གེ་སར།

Comment (1) on “སློབ་གྲྭར་སྟབས་བདེའི་ཟ་ཁང་གི་འདུ་ཤེས་འཛིན་མི་རུང་། ”

  1. ཀརྡོ་རབ་འབྱམས་པ་ says:
    2017-08-09 at 4:51 pm

    བོད་པའི་གཉེན་ཆས།
    https://www.facebook.com/tsering.gopatsang/posts/1987169748169138

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme